ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གཙོ་སྐྱོང་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་གོའི་དང་བླངས་ཞབས་ཞུའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གསུམ་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་བའི་བགྲོད་ལམ་གསར་བར་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་པའི་ཁ་ཕྱོགས་གསལ་བོར་བསྟན་ཡོད་པས།  སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  ལག་བསྟར་དོན་འཁྱོལ་དམ་འཛིན་བྱ་དགོས་པ་བསྟན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས།  ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ།  དྲ་དམངས་ཀྱི་ཆེད་བསྐྲུན་པ་དང་། དྲ་དམངས་ཀྱི་ཁས་ལེན་ཐོབ་པ།  དྲ་ཐོག་ན་གྲགས་ཆེ་བ་བཅས་ཀྱི་བརྩམས་ཆོས་སྤུས་དག་སྔར་ལས་མང་བོ་བཏོན་ནས།  སྦྲེལ་དྲ་དེ་བསམ་བློའི་སྣེ་ཁྲིད་དང་།  ཀུན་སྤྱོད་གསོ་སྐྱོང་། རིག་གནས་རྒྱུན་འཛིན་བཅས་ཀྱི་ལས་ཡུལ་གལ་ཆེན་དུ་འགྱུར་བར་བྱ་དགོས།  ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་།  ཐད་གཏོང་དང་བརྙན་ཐུང་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཇེ་ཆེར་བཏང་སྟེ།  དྲ་རྒྱའི་རྙོག་དྲ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་།  ཁེ་ཕན་གྱི་ཕྲེང་འབྲེལ་དང་།  ཐོན་ལས་ཀྱི་ཕྲེང་འབྲེལ་རྩ་མེད་དུ་བཏང་སྟེ་དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་འགོག་ར་ཏན་ཏིག་གིས་སྲ་བརྟན་གཏོང་དགོས།  གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་དོ་སྣང་བྱས་ཏེ།  དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བྱའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་།  བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  ཕྱོགས་སོ་སོ་ནས་མཉམ་ལས་བྱས་ཏེ་དྲ་རྒྱའི་བར་སྟོང་སྲུང་བའི་རྣམ་པ་བཟང་བོ་ཆགས་པར་བྱས་ཏེ།  རྒྱུན་མཐུད་ངང་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་སྟོང་བསྐྲུན་དགོས་པ་བསྟན།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དང་བླངས་ཞབས་ཞུའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  ཤུགས་ཆེན་པོས་བློས་གཏོང་དང་མཛའ་བརྩེ།  རོགས་རེས།  ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་གཏོང་བ།  སྤྱི་ཚོགས་ལ་གང་མཁོ་བ་དང་མང་ཚོགས་ཀྱིས་གང་ལ་རེ་སྒུག་བྱེད་པར་དམ་པོར་དམིགས་ནས།  དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།  བྱ་སྤྱོད་དངོས་ཀྱི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་སྣོན་དགོས།  སྔར་ལས་མང་བའི་དང་བླངས་རྐང་འཛིན་པའི་སྟོབས་ཤུགས་གསོ་སྐྱོང་བྱེད་པ་དང་།  སྔར་ལས་མང་བའི་སྤུས་ལེགས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་བསྐྲུན་ནས།  དང་བླངས་ཞབས་ཞུ་དེ་ཆེད་ལས་ཅན་གྱི་གསོ་སྦྱོང་དང་། མ་ལག་ཅན་གྱི་འཛུགས་བསྐྲུན།  ཚད་ལྡན་ཅན་གྱི་འཕེལ་རྒྱས་བཅས་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དང་བླངས་ཞབས་ཞུའི་ལས་དོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མཐོང་ཆེན་བྱས་ནས།  ཧུར་ཐག་གིས་སྔར་ལས་མང་བའི་སྟེགས་བུ་བསྐྲུན་ཏེ་སྤྱི་ཚོགས་ཡོངས་སུ་དང་བླངས་ཞབས་ཞུའི་ནང་ཞུགས་པ་དང་དེར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་དགོས་པ་བསྟན།

ཚོགས་འདུའི་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།