“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན།   ཞིང་ཆེན་ཡོངས་ཀྱིལོ་ལྔའི་འཆར་འགོད་བཅོ་ལྔ་པའིའཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ།   ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ལ།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བླང་བྱ་ལྟར།    རང་ཞིང་གིལོ་ལྔའི་འཆར་འགོད་བཅོ་ལྔ་པའིའཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྩ་གནད་འཆར་ཟིན་སྒྲིག་བཟོ་གཏན་འབེབས་གནས་ཚུལ་ཡར་ཞུ་བྱས་པ་དང་།   འབྲེལ་ཡོད་སྡེ་ཁག་གིས་ཞིང་ཆེན་རིམ་པའི་ཆེད་དོན་འཆར་འགོད་སྒྲིག་བཟོ་གཏན་འབེབས་གནས་ཚུལ་ཡར་ཞུ་བྱས་ལ།   ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་གྲོས་བསྡུར་བྱས།

ལུའོ་ཏུང་ཁྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་རྩ་གནད་འཆར་ཟིན་སྒྲིག་བཟོ་གཏན་འབེབས་བྱ་བ་བཟང་བོར་སྒྲུབ་པའི་ཐད་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ཙུང་ལི་ལི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའིའཆར་འགོད་རྩ་གནད་འཆར་ཟིན་སྒྲིག་བཟོ་གཏན་འབེབས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས་རྩ་གནད་འཆར་ཟིན་སྒྲིག་བཟོ་གཏན་འབེབས་བྱ་བ་བཟང་བོར་སྒྲུབ་པའི་ཐད་བླང་བྱ་གསལ་བོ་བཏོན།     ཞིང་ཆེན་ཏང་ཨུའི་འཆར་འགོད་གྲོས་གཞི་ནིལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན།    ང་ཚོས་ཕྱོགས་ཡོངས་ནས་དཔེ་བསྡུར་དཔྱད་བསྡུར་བྱས་ཏེལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱ་དགོས་པ་དང་།    ཧུར་བརྩོན་ལས་སྒྲུབ་དང་ལག་བསྟར་དོན་འཁྱོལ་ལ་དོ་སྣང་བྱེད་པ།    ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་དམིགས་འབེན་གཏན་འབེབས་བྱེད་པ།   དངོས་གཉེར་གོ་ཆོད་ཀྱི་འཕེལ་རྒྱས་གཞི་རྟེན་དང་བྱ་བའི་འདེགས་སྐྱོར་ལ་འཆར་འགོད་ཟབ་མོ་བཅས་བྱས་ཏེ་རྩ་གནད་འཆར་ཟིན་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཞིང་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ།   མང་ཚོགས་ཀྱི་རེ་བ་དང་བསྟུན་ཐུབ་པར་འགན་སྲུང་བྱ་དགོས་པ་བསྟན།

ལུའོ་ཏུང་ཁྲོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་དང་སྤྱི་ཡོངས་བསམ་ཕྱོགས།   དམངས་ཚིས་ཁྲིད་ཕྱོགས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་།   རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་ངེས་གནས་དང་ལས་བགོས་ཡང་དག་པར་འཚོལ་བ།    སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ།     དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ།     དམངས་ཚིས་ཕྱུག་འགྱུར་སོགས་ཕྱོགས་ནས་ལས་གཞི་གཙོ་བོ་སྐོར་ཞིག་ལ་མ་ལག་ལྡན་པས་འཆར་འགོད་བྱེད་པ་དང་། གསར་གཏོད་ཀྱི་སྲིད་ཇུས་དང་བྱེད་ཐབས་སྐོར་ཞིག་བཏོན་ནས་སྔོན་ལྟའི་རང་བཞིན་དང་བེད་སྤྱོད་རང་བཞིན་ལྡན་པའི་བཟོ་སྐྲུན་པར་རིས་ཤིག་གྲུབ་པར་བྱ་དགོས།   རྒྱུ་རྐྱེན་གཙོ་བོ་དང་ཐོན་ཁུངས་ཀྱི་འདེགས་སྐྱོར་འགན་སྲུང་ནུས་པར་བསམ་གཞིགས་གང་ལེགས་བཏང་སྟེ་མ་དངུལ་དང་ས་ཞིང་།    ནུས་ཁུངས།   སྐྱེ་ཁམས་ཁོར་ཡུག་གི་ཤོང་ཚད་སོགས་རྒྱུ་རྐྱེན་གཙོ་བོའི་འདོན་སྤྲོད་དངལོ་ལྔའི་འཆར་འགོད་བཅོ་ལྔ་པའིདུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་འཆར་འགོད་ལག་ལེན་དུ་བསྟར་ཆོག་པར་འགན་སྲུང་བྱ་དགོས།     གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་།    རྒྱལ་ཁབ་ཀྱི་འཆར་འགོད་དང་གྲོང་ཁྱེར་དང་ཁུལ་གྱི་འཆར་འགོད།    ཆེད་དོན་འཆར་འགོད་བཅས་བར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་གནད་འཆར་ཟིན་དང་ཆེད་དོན་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱེད་པའི་མ་ལག་རང་བཞིན་དང་མཐུན་ཚད་ཇེ་མཐོར་གཏོང་དགོས།    ཐབས་ཇུས་གཞན་ལ་འདྲི་བ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་རེ་སྙེག་དང་ཆེད་མཁས་པའི་བསམ་འཆར།    གཞི་རིམ་གྱི་ཉམས་མྱོང་སོགས་ལ་ཞིབ་འཇུག་ནན་མོ་བྱས་ནས་འཆར་འགོད་ནང་བསྡུ་ལེན་བྱ་དགོས།    སྒྲིག་བཟོ་གཏན་འབེབས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་ལས་རིམ་གྱི་མྱུར་ཚད་ཚོད་འཛིན་བྱེད་པ།    དུས་ཚོད་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་ནུས་ཡོད་སྐུལ་འདེད་བཏང་སྟེ་རྩ་གནད་འཆར་འགོད་དང་ཆེད་དོན་འཆར་འགོད་སྒྲིག་བཟོ་གཏན་འབེབས་བྱ་བ་དུས་བཅད་ལྟར་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྟོབས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་པ་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་ཚེ་རིང་ཐར།    ལིའུ་ཐའོ། དབྱང་ཀྲི་ཝུན།  ལིའུ་ཁྲའོ།  ཝང་ཧའེ་ཧུང་།   ཁྲིན་ཅི་ཝེ་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།