ཞིན་ཅང་དང་ཡུན་ནན་གྱིས་རང་ངོས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་གཞིར་བཟུང་སྟེ། ཐོན་ལས་རིམ་སྤོར་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མིག་སྔར། ཞིན་ཅང་གི་སྟར་ཀའི་ཐོན་ལས་ཀྱི་ཉོ་འཚོང་ཐོན་སྐྱེད་མང་བའི་དུས་སུ་སླེབས་ཡོད། ཧི་ཐེན་དུ། ད་ལོར་གནས་འདིའི་སྟར་ཀའི་འདེབས་ཁྱོན་མུའུ་ས་ཡ་གཅིག་འབུམ་ལྔ་ལྷག་ཙམ་ཟིན་པ་དང་ཐོན་ཚད་ཏུན་ཉིས་འབུམ་ལྔ་ཁྲི་ལྷག་ལ་སླེབས། ས་གནས་ཀྱིས“ཀུང་ཟི་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ”དང་། “ཀུང་ཟི་དང་ཞིང་པའི་བར་ཁེ་བ། ཞིང་དུད”བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་བརྒྱུད། སྟར་ཀ་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་རྒྱུན་བསྲིང་ནས་སྟར་ཀའི་ཐོན་ཚད་དང་རིན་གོང་། ཉོ་འཚོང་བྱེད་ཚད་བཅས་ཚང་མ་ན་ནིང་ལས10%ཡན་འཕར་ཡོད།

ཞིན་ཅང་ཧི་ཐན་ས་ཁུལ་གྱི་ནགས་རྩྭའི་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ནགས་ལས་ཐོན་རྫས་ཞིབ་དཔྱད་ཚད་ལེན་ཁོའོ་ཡི་ཁོའོ་ཀྲང་ཐན་ཅེ་ཡིས་བཤད་རྒྱུར། ང་ཚོས་ནགས་ར་དང་ཤིང་ཏོག་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། ལྗང་མདོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་གྱིས་སྟར་ཀའི་སྤུས་ཚད་དང་ཐོན་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་སྔར་ལས་འཐུས་སྒོ་ཚང་བའི་ཐོན་ལས་ཕྲེང་འབྲེལ་གཏོད་རྒྱུ་ཡིན་པ་དང་། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་ཇེ་འཐོར་གཏོང་རྒྱུ་ཡིན།

གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། ཞིན་ཅང་ནགས་ལས་དང་ཤིང་ཏོག་ཐོན་ལས་ཀྱིས་ཁྱོན་ཤིང་འབྲས་འདེབས་མཁན་ཞིང་པ་ས་ཡ་ལྔ་འབུམ་ལྔ་ཙམ་ལ་རྒྱུན་མཐུད་ངང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཐོན་ཁུལ་གཙོ་བོའི་ཤིང་འབྲས་འདེབས་ཞིང་གི་ནགས་ལས་དང་ཤིང་འབྲས་ཡོང་འབབ་ཀྱིས་སྤྱིའི་ཡོང་འབབ་ཀྱི30%ཡན་བཟུང་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྗེས་མར་ཞིན་ཅང་གིས་ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། སོན་རིགས་གསར་པ་འཕེལ་རྒྱས་སུ་གཏོང་བ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ། ཚོང་རྟགས་གསར་གཏོད་སོགས་ལ་དམིགས་ནས་ཞིན་ཅང་གི་ནགས་ཚལ་དང་ཤིང་ཏོག་གི་ཚོང་རྟགས་ཤུགས་རྐྱེན་ཐེབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ནགས་ཚལ་དང་ཤིང་ཏོག་ཐོན་ལས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ཞུས་པོ་ཡིས་བཤད་རྒྱུར། ལོ་ལྔའི་འཆར་གཞི་བཅོ་ལྔ་པར་རྒྱང་ལྟ་བྱས་ཏེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་ནས། ནགས་ལས་དང་ཤིང་ཏོག་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱས་ཏེ། ནགས་ལས་དང་ཤིང་ཏོག་གི་ཐོན་ལས་དང་ཐོན་ལས་ཕྲེང་འབྲེལ་རྒྱ་སྐྱེད། ཁྲོམ་ར་རྒྱ་སྐྱེད་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཞིན་ཅང་གི་ཤིང་ཏོག་གི་དྲི་ཞིམ་སྔར་བས་རྒྱང་རིང་དུ་འཐུལ་ཐུབ་པར་བྱ་རྒྱུ་ཡིན་ཟེར།

ཡུན་ནན་ནུའུ་ཅང་ཤིང་འབྲས་འདེབས་ཁྱོན་མུའུ་ས་ཡ་གཅིག་འབུམ་གཅིག་ལྷག་ཙམ་ཟིན་ཡོད་ལ།  དུས་སྐབས་འདི་ནི་ཤིང་ཏོག་སྨིན་པའི་དུས་ཡིན་ཞིང་། གཅིག་སྡུད་ཀྱིས་འབྲས་བུ་བླངས་ནས་ཁྲོམ་རར་འདོན་པའི་དུས་སྐབས་ཡག་ཤོས་ཀྱང་ཡིན། ཉིན་འདི་འགར། ནུའུ་ཅང་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ཤིང་འབྲས་ཞིབ་ཚགས་ལས་སྣོན་ཐོན་ལས་གླིང་དུ་ཤིང་འབྲས་གསར་པ་གཙང་འཁྲུད་དང་། བཙན་སྐམ། དབྱེ་ལེན་སོགས་ཀྱི་ལས་རིམ་བརྒྱུད་ནས།  ཤིང་ཏོག་གི་བཟའ་བཅའ། བཏུང་ཆུ། རྒྱུན་སྤྱོད་རྫས་འགྱུར་བཟོ་ལས་སོགས་ཐོན་རྫས་རིགས་7ལ་ལས་སྣོན་བྱས་ཡོད་ཅིང་། ཤིང་འབྲས་གསར་པ་འཚོང་བ་དང་བསྡུར་ན། ཟུར་སྣོན་རིན་ཐང་ལྡབ་5ནས་8བར་མཐོ་རུ་ཕྱིན་ཡོད།

བཅར་ལན། ཡུན་ནན་ཞིང་ཆེན་ནུའུ་ཅང་ཁུལ་གྱི་ཤིང་ཏོག་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་ཚན་ཁག་གི་ཚན་གཙོ་གཞོན་པ་ལིའུ་པི་ཧྥུང་གིས་བཤད་རྒྱུར། ཤིང་ཏོག་རེ་རེར་རིན་ཐང་ཆེ་ཤོས་འདོན་དུ་བཅུག་ནས་རྒྱུན་མཐུད་ངང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ལས་ང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས“སྲིད་གཞུང་དང་། ཁེ་ལས། ཚན་ཞིབ། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། མང་ཚོགས་སྔར་ལས་མང་བར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་དུ། ཡུན་ནན་གྱིས་ནུས་ཤུགས་ཡོད་རྒུས་མེ་ཏོག་དང་འཚིག་ཇ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས8%འཕར་ཡོད་ལ། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཐེར་ཆེན་གཅིག་ཐེར་འབུམ་དགུ་དུང་ཕྱུར་གཅིག་བྱེ་བ་བདུན་ལ་སླེབས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྗེས་མར་ཡུན་ནན་གྱིས་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ།  ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་འཛུགས་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་བདེ་སྡོད་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་བ་སོགས་ལ་བརྟེན་ནས་མང་ཚོགས་ཀྱི་ནང་སེམས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་སྐུལ་སློང་བྱས་ཏེ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱ་རྒྱུ་རེད།

ཡུན་ནན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ལི་ཡན་གྱིས་བཤད་རྒྱུར། རྗེས་སུ། ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་ལས་གནས་བརྟན་བརླིང་དང་ལས་ཞུགས་ཀྱི་འགག་རྩ་གཉིས་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ། ཞིང་པ་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།