
ཟླ12པའི་ཚེས2ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་བསྡུས།
ཟླ12པའི་ཚེས2ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཟི་ལིང་དུ་བསྡུས། ཚང་འཛོམས་གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་ཉན་པ་དང་གྲོས་བསྡུས་བྱས་ལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དྲིན་གཟོ་ཤེས་པ་དང་བརྩེ་སེམས་ཡོད་པ། དངོས་སྒྲུབ་གཙོར་འཛིན་བཅས་བྱེད་པ་དང་། འཐབ་ཇུས་ཀྱི་གཏན་ཤུགས་སྲུང་འཛིན་དང་། ངེས་པར་དུ་རྒྱལ་ཁ་ལེན་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས་དཀའ་གནད་མཁྲེགས་གཏོར་དང་མུ་མཐུད་དུ་འབད་འཐབ་བྱས་ཏེ་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གྲོས་གཞིའི་གྲོས་བསྡུར་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས་པར་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་རྒྱུ་དམ་འཛིན་བྱེད་པ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བ་བཟང་བོར་བསྒྲུབ་པ་བཅས་ལ་དམིགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་མའེ་ཕེན་དང་ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པའེ་ཁི་རའེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥིན། ཧི་ལུའུ་ཁྲུན་བཅས་གྲོས་ཚོགས་ལ་ཞུགས། ཚོགས་ཆེན་ལ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་རེ་གཉིས་ཞུགས་དགོས་པ་དང་། ཨུ་ཡོན་ང་གཉིས་ཚོགས་ཆེན་ལ་དངོས་སུ་ཞུགས། རྗེས་སྣོན་ཨུ་ཡོན་བཅུ་བཞི་ཞུགས་དགོས་པ་དང་། རྗེས་སྣོན་ཨུ་ཡོན་བཅུ་གཉིས་ཚོགས་ཆེན་ལ་དངོས་སུ་ཞུགས་པས། ཏང་གི་སྒྲིག་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག་གི་གཏན་འབེབས་མི་གྲངས་དང་མཐུན།
ཚང་འཛོམས་གྲོས་ཚོགས་ལས་བལྟས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་ཕྱོགས་སུ་སྐྱོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ང་ཚོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་བྱ་བ་སོ་སོ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཐད་ཀྱི་འཐབ་ཇུས་ཁྲིད་སྟོན་ལ་རྒྱུས་ལོན་ཡང་དག་བྱས་ནས་དཔེ་བསྡུར་དཔྱད་བསྡུར་དང་གོ་དོན་མཐིལ་རྟོགས། ཤེས་སྦྱོར་གཅིག་མཐུན་བཅས་ཀྱི་ཐད་ཤུགས་འདོན་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་མཚོ་སྔོན་གྱི་ལས་སྒྲུབ་ལས་གཏོད་ཀྱི་དོན་དངོས་འགུལ་སྐྱོད་དུ་བསྒྱུར་བ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབད་འཐབ་བགྲོད་ལམ་དུ་བརྟན་པོར་བསྐྱོད་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ཁྲོད་མཚོ་སྔོན་གྱི་འགན་འཁྲི་དང་མཚོ་སྔོན་གྱི་བྱེད་ནུས་མངོན་པར་བྱེད་དགོས་པར་འདོད།
ཚང་འཛོམས་གྲོས་ཚོགས་ལས2025ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཚང་འཛོམས་གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་དཀའ་ངལ་ཁྱད་སེལ་དང་འབད་འཐབ་མདུན་སྐྱོད་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ནན་མོ་བཏང་བ་དང་། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བའི་བྱེད་སྒོ་རབ་དང་རིམ་པ་ཏན་ཏིག་གིས་སྤེལ་བར་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བར་བྱས་ཤིང་། ཀྲུང་དབྱང་གི་མཚོ་སྔོན་གྱི་སྐོར་ཞིབ་བྱ་བར་སྟོབས་ཤུགས་ཡོད་རྒུས་གཞོགས་འདེགས་བཟང་བོ་བྱས་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་འགན་སྲུང་དང་ལེགས་བཅོས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་དང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་གྲུབ་འབྲས་གསར་པ་ཐོབ་པར་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་སྲ་ཞིང་བརྟན་པོའི་གོམ་སྟབས་གསར་པ་སྤོས་ཡོད་ཅེས་བསྟན།
ཚང་འཛོམས་གྲོས་ཚོགས་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་གདེངས་འཇོག་ཆེན་པོ་བྱས། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་རྒྱུན་ལྡན་མིན་ལ་སྤྱི་བཏང་མིན་པ་ཞིག་རེད། རྙོག་འཛིང་དང་ཛ་དྲག་གི་ཕྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་བརྟན་པོར་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བསམ་བློའི་མཛུབ་སྟོན་དུ་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ། དྲིན་ཚོར་ཡར་བརྩོན་བཅས་བྱས་ཏེ། ཏན་ཏིག་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དུས་རབས་རང་བཞིན་གྱི་རིམས་ནད་ཚབས་ཆེན་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཐལ་དྲགས་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེག་ཐུབ་པ་དང་། ཉེན་ཁའི་འགྲན་རྩོད་རབ་དང་རིམ་པར་ཁ་གཏད་ནུས་ལྡན་འཇལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་བརླིང་ཡིན་པ། བསྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེར་བསྐྱེད་བྱས་པ། དམངས་འཚོའི་ཕན་བདེ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གོང་ནས་གོང་དུ་འཕེལ་བ། རིག་གནས་འཛུགས་བསྐྲུན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པར་བྱེད་པ། ས་གནས་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་བས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་གཏིང་ཟབ་ཀྱིས་སྐུལ་འདེད་བཏང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་བྱུང་སྟེ། རིགས་སོ་སོའི་མི་དམངས་ཀྱིས་སྔར་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་འབྲངས་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་གཞི་སྔར་སྲ་བརྟན་དང་། ཏང་གིས་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་ཡོད། གྲུབ་འབྲས་གལ་ཆེན་འདི་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན།
གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གསུམ་གནང་བ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ཞུགས་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ནི། མཚོ་སྔོན་གྱི་ལས་དོན་མཐའ་དག་ལེགས་པོར་སྒྲུབ་པའི་འགུལ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ། མཚོ་སྔོན་གྱི་འཐབ་ཇུས་གོ་གནས་སྤྱི་ཡོངས་ནས་གོང་འཕེལ་འགྲོ་བའི་དུས་སྐབས་དང་། སྐྱེ་ཁམས་ཀྱི་དགེ་མཚན་ཚུལ་བསྒྱུར་བྱེད་པའི་གནད་འགག་གི་དུས་སྐབས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྐྱོང་མཐོར་འདེགས་གཏོང་བའི་དུས་རིམ་བཅས་སུ་སླེབས་ཡོད་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་མཐོར་འདེགས་གཏོང་བ་དང་། རང་བྱུང་གིས་བསྩལ་བའི་སྦས་ཤུགས་སྔར་བས་འབུར་དུ་ཐོན་པ། ས་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་དང་གསོན་ཤུགས་སྔར་ལས་ཆེ་རུ་འགྲོ་བ། འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་མཐུད་ངང་ཆེར་བསྐྱེད་བྱེད་པ། འཕེལ་རྒྱས་ཀྱི་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་བྱེད་པ། འཕེལ་རྒྱས་ཀྱི་རྒྱུད་ལམ་སྔར་བས་གསལ་བ། འཕེལ་རྒྱས་ཀྱི་མདུན་ལྗོངས་ཉིན་རེར་ཇེ་ཡངས་སུ་འགྲོ་བ་བཅས་ནི་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཆེར་བསྐྱེད་དང་།“རང་རྟོན་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། མཚོ་སྔོན་གྱི་ལས་དོན་ལེགས་པོར་སྒྲུབ་པའི་སྲོག་ཤིང་ཉག་གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་བླང་བྱ་གལ་ཆེན་དག་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ལ་གང་མཁོ་བ་དང་། མཚོ་སྔོན་གྱིས་གང་སྒྲུབ་ཐུབ་པ། མང་ཚོགས་ཀྱིས་གང་ལ་རེ་སྒུག་བྱེད་བཞིན་པ་བཅས་ལ་དམིགས་ནས་ཞན་ཆ་གསབ་པ་དང་ལེགས་ཆ་འདོན་སྤེལ། རྨང་གཞི་སྲ་བརྟན། སྒུལ་ནུས་གསོག་ཉར་བཅས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་འཐབ་ཇུས་ཀྱི་ལས་འགན་ལ་ཐོལ་བརྒལ་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས།
གྲོས་ཚོགས་ལས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་ཀྱི་མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་དགོངས་པ་གཏན་འབེབས་བྱས། མར་ཁི་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏུན་ཞའོ་ཕིང་གི་རིག་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དོན་འཁྱོལ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”ཐབས་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་འཕེལ་རྒྱས་གཏོང་བ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། “དེ་བས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་བཙུགས་ཏེ“རྒྱུན་འཁྱོངས་གསུམ”གྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་ཞབས་འདེགས་ཞུ་བ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྩ་བའི་འགན་སྲུང་དུ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མིའི་ཁྱོན་ཡོངས་རང་བཞིན་ལ་སྐུལ་འདེད་གཏོང་བ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་གྱི་ལམ་དུ་གོམ་སྟབས་བརྟན་པོས་བསྐྱོད་པར་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་སྐྱེ་ཁམས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་མཐོ་ས་འཛུགས་བསྐྲུན་བྱེད་དགོས། ཤུགས་ཆེན་པོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་མདུན་གྲལ་དུ་བསྐྱོད་པ་དང་། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དེང་རབས་ཅན་ཐོན་ལས་ཀྱི་མ་ལག་མདུན་གྲལ་དུ་བསྐྱོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་མདུན་གྲལ་དུ་བསྐྱོད་དེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལོན་པར་འགན་སྲུང་བྱ་དགོས་པ་གསལ་བོར་བསྟན།
ཚང་འཛོམས་གྲོས་ཚོགས་ལས “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་གཞིར་འཛིན་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གཙོར་འཛིན་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲོམ་ར་ནུས་ལྡན་དང་ཕན་ནུས་ལྡན་པའི་སྲིད་གཞུང་ཟུང་འབྲེལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱ་དགོས་པ་ནན་གྱིས་བསྟན།
ཚང་འཛོམས་གྲོས་ཚོགས་ལས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན་པ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་སྐྱེད་གལ་ཆེན་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གོམ་སྟབས་བརྟན་པོ་སྤོས་པ། ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་པ། བསྒྱུར་བཅོས་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་ཕྱིན་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཏུ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་མཐོར་འདེགས་མངོན་གསལ་དོད་པོ། ཆུ་ཚད་མཐོ་བའི་བདེ་འཇགས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་ཡིན། རྨང་གཞི་འདིའི་ཐོག་སླར་ཡང་ལོ་ལྔ་འབད་བརྩོན་བྱས་ན། 2035ལོར་སླེབས་སྐབས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས་ཆེས་ཆེར་འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱི་ཐང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཡོང་འབབ་འབྲིང་རིམ་གྱི་ཚོགས་སྤྱི་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་དུ་འགྱུར་དགོས།
ཚང་འཛོམས་གྲོས་ཚོགས་ལས ཚད་གཞི་སྔར་ལས་མཐོ་བའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་ཆེར་གཏོང་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པ་ལག་ལེན་བྱ་དགོས་པ་དང་། སྐྱེ་ཁམས་སྔོན་འགྲོ་དེ་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ཇུས་འགོད་དང་སྐུལ་འདེད་གཏོང་བའི་ཤེས་རྟོགས་སྨྲ་བ་དང་བརྟག་ཐབས་སྨྲ་བ་ཞིག་ཏུ་བརྩིས་ཏེ། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོང་པ་ཡག་པོ་བྱ་དགོས། སྐྱེ་ཁམས་མ་ལག་ལེགས་སྒྱུར་དང་སྦག་བཙོག་འགོག་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས། ཧུར་བརྩོན་བརྟན་བརླིང་ངང་ཐཱན་རྩེར་སོན་སྐུལ་འདེད་དང་མངོན་འགྱུར་བྱ་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་རྒྱ་བསྐྱེད་པ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི“ལྗང་མདོག་འདུས་ཚད”ལ་བརྟེན་ནས“སྐྱེ་ཁམས”འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱ་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས མཚོ་སྔོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྒྲིག་འཛུགས་བྱས་ཏེ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་གཙོ་གནད་དེ་དངོས་ཕུང་དཔལ་འབྱོར་ཐོག་བཞག་ནས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མུ་ཕྲེང་འཛུགས་པ་དང་། མུ་ཕྲེང་སྣུར་སྲིང་། མུ་ཕྲེང་ཁ་གསབ་དང་། མུ་ཕྲེང་སྟོབས་ཆེར་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཐོན་ལས་“གནས་བཞིའི”འདུས་ཚོགས་འཛུགས་སྐྲུན་བྱས་ཏེ། ལྗང་མདོག་རྩིས་གློག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ལེགས་སུ་གཏོང་བ་དང་མཐོར་འདེགས་གཏོང་བ། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ལེགས་དང་ཕན་ནུས་ཆེ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་། མཐོ་སྒང་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་པ། དེ་ལས་མང་བའི་ཐོན་ལས་ཀྱི་ལེགས་ཆ་གསར་པ་དང་འཕར་སྣོན་སྒུལ་བྱེད་གསར་པ་གསོ་སྐྱོང་བཅས་བྱ་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་ལེགས་ཆ་ལ་རྐང་ཚུགས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྒུལ་ཤུགས་སྩོལ་བ་དང་། སློབ་གསོ་ཞིང་ཆེན་སྟོབས་ལྡན་དང་ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ཆེར་གཏོང་བ་བཅས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་ནས། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཆེ་རུ་གཏོང་བ། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་བཅས་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། གྲངས་འཛིན་མཚོ་སྔོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་ནས་གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་། མ་དངུལ་མུ་ཕྲེང་དང་ཤེས་ལྡན་མི་སྣའི་མུ་ཕྲེང་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སློབ་གསོ་ཡིས་སྣེ་ཁྲིད་དང་། གསར་གཏོད་ཀྱི་ཇུས་ཁུངས། ཤེས་ལྡན་མི་སྣའི་འདེགས་སྐྱོར་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ས་ཁོངས་ཡོངས་ཀྱི་གསར་གཏོད་མ་ལག་མགྱོགས་མྱུར་འཛུགས་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས ནུས་ལྡན་གྱི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་རྒྱུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་དང་ཞབས་འདེགས་ཞུ་དགོས། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་མཐའ་འཁྱོངས་དང་། དམངས་འཚོ་ལ་ཕན་ཐོགས་པ་དང་འཛད་སྤྱོད་སྐུལ་སྤེལ། དངོས་པོ་ལ་མ་དངུལ་འཇོག་པ་དང་མི་ལ་མ་དངུལ་འཇོག་པ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། འཛད་སྤྱོད་ཆེར་སྐྱེད་ཤུགས་ཆེན་གཏོང་བ་དང་། ནུས་ལྡན་མ་དངུལ་འཇོག་པ་རྒྱ་སྐྱེད་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དཔལ་འབྱོར་འཕར་སྣོན་གྱི་བག་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡུན་རིང་སྒུལ་ཤུགས་འདོན་སྤེལ་བྱ་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུ་མཁོ་སྤྲོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཚམ་མཐུན་རང་བཞིན་ཇེ་མཐོར་བཏང་སྟེ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་ལ་སྐུལ་སློང་གང་ལེགས་བྱས་ཏེ། གཙོ་རྒྱུ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་ར་ནུས་ལྡན་དང་གོ་རིམ་ལྡན་པ་དང་། སྲིད་གཞུང་ལ་བྱས་རྗེས་ཚད་ལྡན་ཡོད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་སྐྱོད་ལ་འགན་ལེན་བྱ་དགོས་པ་བཏོན།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་རྒྱ་བསྐྱེད་དགོས། སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། ཁྱབ་རྒྱ་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་གཏིང་ཟབ་པའི་རང་འགུལ་སྒོ་འབྱེད་ལག་བསྟར་བྱེད་པ། ཁྱབ་ཁོངས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་ཇེ་དྲག་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ། སྒོ་འབྱེད་སྟེགས་བུའི་ནུས་རིམ་ཁྱོན་ཡོངས་ནས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་འདེགས་ཕན་བསྐྱེད་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་བར་སྟོང་རྒྱ་བསྐྱེད་པ། ངེས་པ་དོན་གྱིས་སྒོ་འབྱེད་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱས་ཏེ། གཉིས་ཕན་མཉམ་རྒྱལ་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ཞིང་གསུམ་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཕན་ནུས་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་བ། མཐོ་སྒང་གི་བདེ་སྡོད་ལས་འཚམ་གྱི་འཆམ་མཛེས་ཞིང་སྡེ་འཛུགས་སྐྲུན་བྱེད་པ། ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཕན་ནུས་མཐོར་འདེགས་སུ་གཏོང་བ། རྒྱུན་རྣམ་ཅན་གྱི་ཕྱིར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་བ་སྔོན་འགོག་བྱེད་པའི་རྐྱེན་སྲོལ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྟོབས་ལྡན་ཞིང་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། དགེ་མཚན་གསབ་རེས་ཀྱི་ཁུལ་ཁོངས་དཔལ་འབྱོར་ཁྱབ་རྒྱ་འཛུགས་སྐྲུན་བྱེད་དགོས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་གཙོ་ཁུལ་གྱི་འཐབ་ཇུས། རྣམ་པ་གསར་པའི་གྲོང་རྡལ་ཅན་དུ་བསྒྱུར་བའི་འཐབ་ཇུས་ཀྱི་རིམ་འཕར་ཕན་ནུས་ཆེ་རུ་གཏོང་བ། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་ཀྱི་ཆགས་སྟངས་སྔར་ལས་ལེགས་སྒྱུར་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་གཞི་རྩར་འཛིན་པའི་རྣམ་པ་གསར་པའི་གྲོང་གསེབ་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རང་སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་སྒུལ་ཤུགས་མ་ལག་ལེགས་པོར་བསྒྲུབ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། རིག་གནས་ཀྱི་ཡིད་ཆེས་བརྟན་གཏོང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྤུས་ལེགས་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་པོ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཟོལ་མེད་འགན་སྲུང་དང་དམངས་འཚོ་ལེགས་བཅོས་བྱས་ཏེ། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། རང་ནུས་ཅི་ལྕོགས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ནུས་ལྡན་གྱིས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ས་ཁང་བདག་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱོན་བྲལ་གྱི་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་བར་ཁྱད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་ཟམ་མི་ཆད་པར་ཇེ་ཆུང་དུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོན་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་དང་། མི་རིགས་སོ་སོའི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ། མི་རིགས་དང་ཆོས་ལུགས་ལས་དོན་གྱི་མཚོ་སྔོན་གྱི་མིག་དཔེ་སྐྲུན་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་འགན་ལེན་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམ་གང་ལེགས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་དགོས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་དཔལ་འབྱོར་སྐྱོན་བྲལ་བརྟན་བརླིང་། མི་དམངས་བདེ་སྡོད་ལས་བརྩོན་བཅས་དང་འབྲེལ་བ་ཡོད་པའི་བདེ་འཇགས་གལ་ཆེན་འབུར་ཐོན་དུ་བྱས་ནས་འགན་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་ཞི་འཇགས་སུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མངོན་འགྱུར་བྱ་བའི་ཐད་བློ་སྒྲིལ་ཤུགས་འདོན་བྱ་དགོས། ཕྱོགས་ཡོངས་ཀྱི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཡར་སྐུལ་གང་ལེགས་བཏང་ནས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་འཆར་འགོད་གཏན་འབེབས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་ཆེད་དོན་འཆར་འགོད་གཙོ་བོ་སྡེབ་སྒྲིག་ལེགས་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་དང་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་གནས་སྒུལ་ཤུགས་གཅིག་ཏུ་བསྡུ་བ་དང་སྔར་ལས་འདོན་སྤེལ་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་གསལ་བོར་བཟོ་བ་དང་འཆར་གཞིའི་སྐྱ་རིས་འཕབ་དགོས། ལོ་རེ་རེ་བཞིན་ཕན་ནུས་འཛིན་པ་དང་ལོ་རེ་རེ་བཞིན་ཐོ་བརྒལ་ཡོད་པའི་སྒོ་ནས་མུ་ནས་མུར་སྐུལ་འདེད་དང་འཕེལ་རྒྱས་འབྱུང་བར་བྱ་དགོས། རྒྱུན་ཆགས་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ནས་ཡང་དག་པའི་ཆབ་སྲིད་ལྟ་བ་ཆགས་པར་བྱེད་པ་དང་བཅོས་སྒྱུར་གསར་གཏོད་བྱ་ཕོད་པར་བྱས་ནས་དེང་རབས་ཅན་གྱི་འཛུགས་སྐྱོང་གི་ནུས་པ་མུ་མཐུད་ཇེ་མཐོར་བཏང་ནས་འགྱོད་པ་རྟས་མི་ཟིན་པས་གོ་སྐབས་དམ་འཛིན་དང་འཕེལ་རིམ་དམ་འཛིན། སྣེ་ཁྲིད་པ། གདོང་མཆོང་བྱས་ནས་བརྩེ་བ་རྣལ་མས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྱོང་བྱ་བ། མཚོ་སྔོན་གྱི་ཆེད་དུ་བློས་གཏོང་བྱེད་པའི་གདེངས་སྤོབས་མཐོ་རུ་བཏེགས་ནས་ལས་སྒྲུབ་ལས་གཏོད་ཀྱི་དྲང་ནུས་མཐོ་སྒང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་ཡ་རབས་སྤྱོད་བཟང་གིས་ལས་དོན་འཕེལ་རྒྱས་ཐད་རམ་འདེགས་བྱ་དགོས།
ཚང་འཛོམས་གྲོས་ཚོགས་ལས་བྱ་བ་སོ་སོ་ལེགས་པར་བསྒྲུབ་ནས་རྟིང་མ་ལེན་པའི་ཆོད་སེམས་ལ་བརྟེན་ནས་འགག་སྒྲོལ་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་དགོས། ཀྲུང་དབྱང་སྐོར་ཞིབ་ཀྱིས་ཕྱིར་ཟློག་གནད་དོན་བཅོས་སྒྱུར་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་བཅོས་སྒྱུར་ཕན་ནུས་ལ་བརྟེན་ནས་བྱ་བའི་ཁྱབ་ཁོངས་སོ་སོ་སྤུས་འདེགས་རིམ་སྤོར་བྱ་དགོས། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་འཇགས་བྱ་བ་ལེགས་པར་བསྒྲུབ་ནས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་བྱས་ནས་དོན་རྐྱེན་ཆེན་པོ་འབྱུང་པར་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱ་དགོས། སང་ལོའི་གཙོ་གནད་ལས་གཞི་ལག་བསྟར་བྱ་རྒྱུ་སྔོན་ལ་བཟུང་ནས་དོན་འཁྱོལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་ཧྲིལ་བོའི་ལས་འགན་ཡི་གེ་དང་ལག་བསྟར་ཐིག་རིས་གསལ་བོར་བཀོད་ནས་དེ་མངོན་འགྱུར་བྱ་བར་མགོ་ལེགས་པར་བརྩམ་དགོས་ཞེས་བླང་བྱ་ནན་མོ་བཏོན་ཡོད།
ཚང་འཛོམས་གྲོས་ཚོགས་ལས་འཆར་འགོད་ཇུས་གཞི་ལེགས་པར་གྲུབ་ཅིང་འགན་འཁྲིས་མི་སེམས་ལ་སྐུལ་མ་གཏོང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་སྒོས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་མདུན་སྐྱོད་བྱེད་པ། དངོས་སྒྲུབ་ཡར་བརྩོན་དང་རྣམ་པ་གསར་བ་གཏོད་པའི་སྤོབས་གདེངས་འཛོམས་པ། སྔར་ལས་ལྷག་པའི་སྤྲོ་སེམས་དང་སྔར་ལས་ཤུགས་དྲག་པའི་བློ་སྟོབས། སྔར་ལས་ལྷག་པའི་སྤྱོད་ཚུལ་ལ་བརྟེན་ནས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱས་ཏེ་སྔར་ལས་འོད་སྟོང་འབར་བའི་མཚོ་སྔོན་གྱི་འབྱུང་འགྱུར་བསྐྲུན་དགོས་པའི་འབོད་སྐུལ་བཏང་།