2025ལོར། རང་རྒྱལ་གྱི་འགྲིམ་འགྲུལ་ཁྲིམས་སྲོལ་ལ་ལེགས་སྒྲིག་གལ་ཆེན་བྱུང་ཡོད། འགྱུར་ལྡོག་དེ་དག་གི་དམིགས་ཡུལ་ནི་རླངས་འཁོར་སྐོར་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་བགྲོད་ལམ་བདེ་འཇགས་མཐོ་རུ་གཏོང་བ། དེ་དང་ཆབས་ཅིག་ཁྲིམས་སྲུང་བའི་ཁ་ལོ་བ་རྣམས་ལ་དེ་ལས་མང་བའི་སྟབས་བདེ་མཁོ་འདོན་བྱ་རྒྱུ་རེད། གཤམ་དུ2025ལོའི་འགྲིམ་འགྲུལ་ཁྲིམས་སྲོལ་གསར་པའི་སྐར་མ་འཐེན་སྟངས་གཙོ་བོ་འགའ་དང་། དེ་བཞིན་དམངས་ལ་སྟབས་བདེ་བྱེད་ཐབས་གསར་དུ་ཁ་སྣོན་བྱས་པའི་གསལ་འགྲེལ་ཞིབ་ཕྲ་ཞིག་རེད།
ལེགས་སྒྲིག་བྱས་ཟིན་པའི་སྐར་འཐེན་ཁྲིམས་སྲོལ།
1. སྐར་མ་འཐེན་ཚད་ཇེ་དམའ་རུ་བཏང་བའི་བྱ་སྤྱོད།
དཀྱིས་ཐིག་སྟེང་དུ་བསྐྱོད་ན་སྐར་མ1འཐེན་དགོས། དཀྱིས་ཐིག་སྟེང་ནས་བསྐྱོད་པ་ནི་སྒྲིག་འགལ་གྱི་བྱ་སྤྱོད་ཅིག་ཡིན་མོད། འོན་ཀྱང་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་དག་དང་བསྡུར་ན་ཉེན་ཁའི་རང་བཞིན་ཅུང་དམའ་བ་རེད། སྐར་མ་འཐེན་པའི་ཐོན་ཁུངས་སྔར་ལས་ལུགས་མཐུན་ངང་བགོ་ཆེད། དཀྱིས་ཐིག་མནན་ནས་བསྐྱོད་པའི་བྱ་སྤྱོད་ལ་སྐར་མ3ནས1ལ་ཇེ་དམའ་རུ་བཏང་བ་རེད། བརྟག་བཤེར་དང་འགན་བཅོལ་མཚོན་རྟགས་སྦྱར་མེད་ན་སྐར་མ་མི་འཐེན། གློག་རྡུལ་དོ་དམ་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག བརྟག་བཤེར་དང་འགན་བཅོལ་མཚོན་རྟགས་སྦྱར་མེད་པའི་བྱ་སྤྱོད་ལ་སྐར་མ་འཐེན་པའི་དོ་དམ་བྱེད་སྟངས་མེད་པར་བཟོས་ཡོད། འཁོར་གཏོང་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་བཟུང་མེད་ནའང་སྐར་མ་མི་འཐེན། དེ་དང་འདྲ་བར་གློག་རྡུལ་དོ་དམ་ཁྱབ་གདལ་བཏང་བ་དང་བསྟུན་ནས་འཁོར་གཏོང་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་མེད་པའི་བྱ་སྤྱོད་ལ་སྐར་མ་འཐེན་པའི་དོ་དམ་བྱེད་སྟངས་མེད་པར་བཟོས་ཡོད།
2. སྐར་མ་འཐེན་ཚད་ཇེ་མཐོར་བཏང་བའི་བྱ་སྤྱོད།
རླངས་འཁོར་བསྐོར་ནས་ཁ་པར་བརྒྱབ་ན་སྐར་མ3འཐེན་དགོས། རླངས་འཁོར་བསྐོར་ནས་ཁ་པར་རྒྱག་པ་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་ཡིན་པས། ཁ་ལོ་བའི་རྣམ་རིག་འཁྱམས་ནས་ལས་འཛོལ་ཀྱི་ཉེན་ཁ་ཇེ་ཆེར་གཏོང་སྲིད། ཁ་ལོ་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་ཆེད། བྱ་སྤྱོད་དེའི་རིགས་ལ་སྐར་མ2ནས3བར་ཇེ་མཐོར་བཏང་ཡོད། གཞན་ཚབ་ཏུ་སྐར་མ་མེད་པར་བཟོས་ན་ཐད་ཀར་སྐར་མ12འཐེན་དགོས། གཞན་ཚབ་ཏུ་སྐར་མ་མེད་པར་བཟོ་བའི་བྱ་སྤྱོད་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཞིག་ཡིན་ལ། རྒྱུན་ལྡན་གྱི་འགྲིམ་འགྲུལ་དོ་དམ་སྒྲིག་ལམ་ལ་ཟིང་འཁྲུག་བཟོས་ཡོད་པར་མ་ཟད། ད་དུང་ཁྲིམས་འགལ་བྱ་སྤྱོད་གཞན་ཡང་འབྱུང་སྲིད་པས། བྱ་སྤྱོད་དེའི་རིགས་ལ་ཐད་ཀར་སྐར་མ12འཐེན་དགོས།