ཉེ་བའི་ལོ་ཤས་རིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་སྦྲ་གསར་ཞང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། མཐོ་སྒང་གི་ཐོན་ཁུངས་དང་སྐྱེས་སྟོབས་ལ་གཞི་ཚུགས་ཏེ། “སྲོལ་རྒྱུན་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས+ཁྱད་ལྡན་ཐོན་ལས་ཀྱི་ཕན་འབྲས་ཇེ་མང་དུ་གཏོང་བ།” དམིགས་ཚད་དུ་བཟུང་ནས “མཉམ་ལས་ཁང+”དཔེ་དབྱིབས་ལ་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་པས། འབྲོག་པའི་ཡོང་འབབ་འཕར་སྣོན་དང་ཐུན་མོང་སྟོབས་ཆེར་གཏོང་བ་གཉིས་ཇེ་མཐོར་སོང་བ་མངོན་འགྱུར་བྱས།
“མཉམ་ལས་ཁང+ལས་གཞི”ལ་བརྟེན་ནས་ཕྱུགས་ལས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་སྒོར་ཁྲི71ལ་བརྟེན་ནས། སྐོ་ཆེན་སྡེ་བའི་བཞོན་མ་གསོ་སྤེལ་ལས་གཞི་དངོས་འབེབས་བྱས་ཏེ། སྤུས་ལེགས་རྒྱུད་བཟང་གཡག་ཐུག3དང་འབྲི་མོ78ཉོས་ནས་སྲོལ་རྒྱུན་གྱི་གསོ་སྤེལ་རྒྱུད་སྤེལ་ཞན་འགྱུར་གྱི་གནད་དོན་དང་། ཕན་འབྲས་དམའ་བའི་དཀའ་གནད་ཐག་བཅད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི4.3འཕར་བར་སྐུལ་ཁྲིད་བྱས་ཏེ“གཅིག་སྒྲིལ་ནོར་གནག”གི་སྤུས་རྟགས་སྔར་བས་དར་རྒྱས་སུ་བཏང་ཡོད། “སྲོལ་རྒྱུན+གསར་སྐྲུན”ལ་བརྟེན་ནས་ཐོན་ལས་རིམ་སྤར་སྐུལ་འདེད་བཏང་བ། འབྲི་ངམ་སྡེ་བས“གཡུ་རྩེ”འབྲུ་ཞོ་སྤུས་རྟགས་བཏོད་དེ་ལོ་རེར་རྒྱ་མ་ཁྲི1.4ལྷག་ཐོན་སྐྱེད་བྱས་ཏེ་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི26.8ལ་སླེབས་པ་དང་། འབྲོག་པ་མི3བརྟན་བརླིང་ངང་ལས་ཀར་ཞུགས་པར་སྐུལ་ཁྲིད་བྱས། སྦོས་ཁྱིམ་སྡེ་བས་འབྲི་མོའི་ཕྱུར་བའི་བཏུང་བྱ་ཞིབ་འཇུག་གསར་སྤེལ་བྱས་ནས2024ལོར་ཡོང་འབབ་སྒོར་ཁྲི12ལས་བརྒལ་བ་དང་། དུས་མཉམ་དུ་འོང་དངོས་འབར་རྫས་ལས་གཞི་འཛུགས་སྐྲུན་བྱས་ཏེ“གསོ་སྤེལ—ལས་སྣོན—རེས་འཁོར་བེད་སྤྱོད”ཀྱི་ཐོན་ལས་བསྐྲུན་ཡོད། “ཁྱད་ཆོས+སྤུས་རྟགས”ལ་བརྟེན་ནས་ཡོང་སྒོའི་ཐབས་ལམ་རྒྱ་སྐྱེད་པ། འབྲི་ངམ་སྡེ་བས་ས་གནས་དེ་གའི་གྲོ་མ་རྒྱུ་ཆར་བྱས་ནས་ཁྱད་ལྡན་བཏུང་བྱ་གསར་སྤེལ་བྱས་ཤིང་། རིམ་རྩིས་ལྟར་ན། སྒམ300ཕྱིར་འཚོང་བྱས་ནས་ཡོང་འབབ་སྒོར་ཁྲི1.8ལ་སླེབས་ཡོད། འཁོར་རིགས་གྱི་དགོས་མཁོ་མང་དུ་འགྲོ་བར་དམིགས་ནས་རླངས་འཁོར་མཛེས་བཟོ་གསོ་སྐྱོང་ལྟེ་གནས་བཙུགས་པ་དང་། “ཁྱད་ལྡན་ཐོན་ལས+ཞབས་ཞུའི་ཐོན་ལས”ཀྱི་སྣ་མང་རྣམ་པ་ཆགས་ཡོད། ཕྱུག་འགྱུར་སྣེ་ཁྲིད་མཁན་ཕྱིར་འདྲེན་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་པ་སོགས་ཀྱི་ཐབས་སྤྱད་དེ་སྔར་ལས་མང་བའི་འབྲོག་པ“སྒོ་ཁར་ལས་ཞུགས”ཐུབ་པ་མངོན་འགྱུར་བྱུང་། རྗེས་མར་སྦྲ་གསར་ཞང་གིས་རྒྱུན་མཐུད་ངང་མཐོ་སྒང་ཐོན་ཁུངས་ཀྱི་གཏིང་ཤུགས་སྔོག་འདོན་བྱས་ཏེ། སྲོལ་རྒྱུན་ཐོན་ལས་དང་ཁྱད་ལྡན་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྣེ་ཁྲིད་དེ་འབྲོག་པའི་འཚོ་བ་སྔར་བས་འབྱོར་ཕྱུག་ལྡན་པར་གཏོང་རྒྱུ་རེད། །