མཚོ་སྔོན་གྱིས་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 

ཟླ12པའི་ཚེས1ཉིན།    རང་ཞིང་གིས་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།  ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་།   བརྗེ་རེས་ཉམས་མྱོང་སྤྱི་སྡོམ་བྱས་ལ།  བྱ་བར་བཀོད་སྒྲིག་བྱས་ནས་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།    ཞིང་ཆེན་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ་ཁོང་ཡུང་གྲོས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་།   རྒྱལ་ཁབ་གློག་དྲ་མཚོ་སྔོན་ཡན་ལག་ཀུང་ཟི་དང་འགྲིམ་འགྲུལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་།    ཀྲུང་གོ་སྤོ་སྒུལ་མཚོ་སྔོན་ཡན་ལག་ཀུང་ཟི།   ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།   ཚང་མས་བསམ་བློའི་ངོས་འཛིན་སྔར་ལས་མཐོར་འདེགས་གཏོང་བ་དང་།  མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་ལ་དམ་དུ་དམིགས་ཏེ་འཐབ་ཕྱོགས་གཅིག་གྱུར་བྱ་བ་ནུས་ཡོད་སྒོས་སྤེལ་བའི་འགོ་རྩོམ་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས་འཐབ་ཕྱོགས་གཅིག་གྱུར་བྱ་བས་འཕེལ་རྒྱས་གསར་པ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་འཐབ་ཕྱོགས་གཅིག་གྱུར་དང་འཐབ་ཕྱོགས་གཅིག་གྱུར་བྱ་བར་ངོས་འཛིན་ཟབ་མོ་དང་གོ་བ་ཡང་དག་ལེན་པ་དང་།   དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དངོས་འབེབས་དང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ་ཚན་རིག་ཞིབ་འཇུག་དང་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག  གཅིག་གྱུར་སྒོས་སྐུལ་འདེད་བཏང་ནས་དངོས་འབེབས་བྱ་དགོས།    བསམ་བློའི་ཆབ་སྲིད་བྱ་བ་དེ་ལས་འགན་གཙོ་བོ་དང་།   ཁེ་ལས་ཀྱི་རིག་གནས་དང་ཉིན་རྒྱུན་གྱི་བྱ་བ་བཅས་ཀྱི་ཁྲོད་འདྲེས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མི་རྣམས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་ཡོང་བར་བྱེད་དགོས།    ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁོ་ཚོ་འཇོན་མིར་འགྱུར་བ་དང་བྱེད་ནུས་འདོན་སྤེལ་བྱེད་པའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས། ལངས་གནས་སྔར་ལས་མཐོན་པོ་དང་སྤྱོད་ཚུལ་སྔར་ལས་བཟང་བོ།   ཚན་གཞི་སྔར་ལས་ནན་མོ་བཅས་ཀྱིས་དུས་རབས་གསར་པའི་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།