《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཀྲུང་གོ་དང་ཁེན་ནི་ཡའི་ཀློག་པ་པོའི་ཚོགས་འདུ་ནེ་རོ་པི་ནས་བསྡུས།

ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཟླ12པའི་ཚེས1ཉིན《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ཀྲུང་གོ་དང་ཁེན་ནི་ཡའི་ཀློག་པ་པོའི་ཚོགས་འདུ་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་ནས་བསྡུས། ཚོགས་ཞུགས་ཀྲུང་ཕྱིའི་སྐུ་མགྲོན་གྱིས་བསྟན་དོན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》པོད་ལྔ་པ་ནི་པོད་དང་པོ་ནས་བཞི་པའི་བར་ཕན་ཚུན་འབྲེལ་མཐུད་དང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད་པ་ཞིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་དང་ཚན་རིག་གི་མ་ལག་གཅིག་བསྡུས་ཀྱིས་མཚོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་གསུང་རྩོམ་རབ་དང་རིམ་པར་མཚོན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་གྱི་གྲུབ་འབྲས་དང་འཛམ་གླིང་ལ་ཐོན་པའི་དོན་སྙིང་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པར་ཕན་ཐོགས་ཡོད་པ་དང་། ཀྲུང་ཁེན་དང་ཀྲུང་ཧྥེའི་བར་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།