མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས5ལ་ཆོག་མཆན་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཚད་ལྡན་ཅན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གིས《2025ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་གཤམ་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི“མཚོ་སྔོན་གྲོ་མ་རིག་ལྡན་འདེབས་འཛུགས་ཚད་ལྡན་ཅན་ཚོད་ལྟ”སོགས་ཚད་ལྡན་ཅན་གྱི་ཚོད་ལྟའི་རྣམ་གྲངས་ལྔ་བོ་ཚང་མར་བདེ་བླག་ངང་ཆོག་མཆན་ཐོབ། ཚོད་ལྟའི་རྣམ་གྲངས་རིག་ལྡན་ཞིང་ལས་དང་། ཞབས་ཞུའི་ལས་རིགས། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་ཁྱབ་ཡོད་པ་དང་། འདིས་མཚོ་སྔོན་ཞིང་ཆེན་ལ་ཚད་ལྡན་ཅན་འཛུགས་སྐྲུན་དང་གཙོ་གནད་ཐོན་ལས།     དམངས་འཚོ་ཞབས་ཞུ་བཅས་ཀྱི་མཉམ་འདྲེས་གཏིང་ཟབ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཡོད།

ཚོད་ལྟའི་རྣམ་གྲངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་དོན་དངོས་ལ་དམ་པོར་དམིགས་ཡོད་པ་དང་། ཐོན་ལས་རིམ་སྤོར་དང་། དམངས་འཚོ་ལེགས་སྒྱུར། བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་གཞིགས་ནས། “མཚོ་སྔོན་གྱི་ཁྱད་ཆོས”མངོན་གསལ་དོད་པོ་མངོན་ཡོད། རིག་ལྡན་ཞིང་ལས་ཁྱབ་ཁོངས་སུ་ཚད་ལྡན་ཅན་གྱི་ཚོད་ལྟ་གཉིས་ཀྱིས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་གྲང་བསིལ་གནམ་གཤིས་དང་སྐྱེ་ཁམས་ལེགས་ཆར་བརྟེན་ནས། ཁྱད་ཆོས་ལྡན་པའི་ལོ་ཏོག་གི་མུ་ཕྲེང་ཡོངས་ཀྱི་ཚད་ལྡན་ཅན་གྱི་མ་དཔེ་གཏོད་པར་དམིགས་ཏེ། སྲོལ་རྒྱུན་གྱི་ཞིང་ལས་ལག་རྩལ་ཁ་ཐོར་དང་། རྒྱུ་སྤུས་བརྟན་པོ་མིན་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཞན་པ་སོགས་ཀྱི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་དེ“རྒྱ་ཆེ་བའི་འདེབས་ལས”ནས“ཚད་ལྡན་ཅན་འབོར་ཐོན”དུ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱིས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས”བསྐྲུན་རྒྱུར་ལག་རྩལ་གྱི་རྨང་གཞི་བཏིངས་པ་དང་སྤུས་ཚད་ཀྱི་ཚད་ཤིང་བཞག་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ལེགས་ཆར་བསྒྱུར་རྒྱུར་རོགས་རམ་བྱེད་ཀྱིན་ཡོད།

སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ། མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེན་པོ་དང་ཁུལ་དང་རྫོང་ཁ་ཐོར་ལས་བྱུང་བའི་ཞབས་ཞུ་སྒྲུབ་རྒྱ་ཆེ་བ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་རྒྱུ་སྟབས་མི་བདེ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ནས།     “མཚོ་སྔོན་ཁྲི་ཀའི་སྲིད་དོན་ཞབས་ཞུའི‘ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་ཐུབ་པའི’ཚད་ལྡན་ཅན་ཚོད་ལྟ”བྱས་ཏེ། ལས་རིམ་ལེགས་སྒྱུར་དང་ཞབས་ཞུ་སྣུར་སྲིང་བྱས་ཏེ། མཐོ་སྒང་མང་ཚོགས་ལ་ལས་ཆོད་ཆེ་བ་དང་སྟབས་བདེ་བའི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ལ། མཐོ་སྒང་ས་ཁུལ་བཅོས་སྐྱོང་གི་ཁྱད་ཆོས་དང་མཐུན་པའི་སྲིད་དོན་ཞབས་ཞུའི་ཚད་ལྡན་ཅན་གྱི་ཉམས་མྱོང་སྔར་ལས་བཟང་བོ་ཆགས་པ་དང་། མཐོ་སྒང་ས་ཁུལ་གྱིས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འདྲ་བཟོ་བྱེད་ཐུབ་པའི་རྩ་ཆེའི་ཉམས་མྱོང་འདོན་སྤྲོད་བྱས་ཡོད།

ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་སུ“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་ལ་ཞབས་འདེགས་ཞུ་བའི་ཚད་ལྡན་ཅན་གྱི་ཚོད་ལྟའི”འཛུགས་སྐྲུན་བྱེད་རྒྱུ་གལ་ཆེན་དུ་བཟུང་སྟེ། མཚོ་སྔོན་གྱི་མི་རིགས་མང་པོའི་རིག་གནས་ཀྱི་གོ་དོན་དང་སྐྱེ་ཁམས་ཀྱི་བཟའ་བཅའ་དང་རྒྱུ་ཆའི་ཁྱད་ཆོས་ཞབས་ཞུའི་ཚད་གཞིའི་ནང་འདྲེས་ནས། སྲོལ་རྒྱུན་གྱི་ལག་རྩལ་ཚད་ལྡན་དུ་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་གཅིག་གྱུར། སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་པ་བཅས་བྱས་ཏེ་མཚོ་སྔོན་གྱི་བཟའ་བཏུང་རིག་གནས་དང་། མི་རིགས་རིག་གནས། སྐྱེ་ཁམས་རིག་གནས་བཅས་ཚད་ལྡན་ཅན་གྱི་གཞི་རྟེན་ལ་བརྟེན་ནས་མ་ལག་ཅན་དུ་མངོན་པ་དང་གཞི་ཁྱོན་ཆེན་པོས་ཁྱབ་སྤེལ་བྱས་པས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་པར་མ་ཟད། མཚོ་སྔོན་གྱི“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཡུལ”འཛུགས་སྐྲུན་ལ་རོགས་རམ་བྱེད་པར་གསོན་ཤུགས་གསར་པ་བསྣན་ཡོད།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཚོད་ལྟའི་རྣམ་གྲངས་ལ་མཛུབ་སྟོན་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རྣམ་གྲངས་ཀྱི་འགན་ལེན་ལས་ཁུངས་ཀྱིས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཉམས་མྱོང་འཚོལ་ཞིབ་དང་བཀོལ་སྤྱོད་བཅས་བྱས་ཏེ། ཚོད་ལྟ་ལ་འདྲ་བཟོ་ཐུབ་པ་དང་ཁྱབ་གདལ་ཐུབ་པའི་ཚད་ལྡན་ཅན་གྱི་ལས་ཀ་བྱེད་སྟངས་ཆགས་རྒྱུར་འགན་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཚད་ལྡན་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་ཡིན།     

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།