ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་སློབ་སྦྱོང་དང་ལག་བསྟར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་བསྟན་དོན། སྲོལ་རྒྱུན་གྱི་ཐོན་ལས་ཇེ་ལེགས་དང་མཐོར་འདེགས་གཏོང་བར། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཕུང་དཔལ་འབྱོར་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་དགོས། ཧོ་པེ་དང་ཉིང་ཞ་ཡིས“ཤེས་སྐྲུན་མཉམ་སྤྱོད་”དང་། གྲངས་རིག་ཅན་གྱི་རྣམ་བསྒྱུར་ལ་དམིགས་ཏེ། ཐོན་ཁུངས་སྡེབ་སྒྲིག་དང་དཔེ་དབྱིབས་གསར་གཏོད་མངོན་འགྱུར་བྱས་ལ། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་དང་སྟོབས་ལྡན་དུ་བཏང་།

ཧོ་པེ་ཉིན་ཅིན་རྫོང་གི་ཤེས་སྐྲུན་མཉམ་སྤྱོད་འཁོར་ཁང་དུ། གློག་སྐུད་ཁེ་ལས་10ལྷག་གིས་མངགས་ཐོ་བཟོ་བཞིན་ཡོད། སྔོན་ཆད་ཁེ་ལས་ཆུང་འབྲིང་མང་ཆེ་བའི་སྤྱིར་བཏང་གི་སྒྲིག་ཆས་ཀྱིས་དུས་བཅད་ལྟར་མངགས་ཐོ་ལེགས་གྲུབ་བྱེད་དཀའ་ལ། སྣེ་འདྲེན་ཁེ་ལས་སྐོར་ཞིག་གི་སྔོན་ཐོན་སྒྲིག་ཆས་ཀྱི་ཐོན་སྐྱེད་བྱེད་ཚད་མི་འདང་བའམ་ཡང་ན་སྒྲིག་ཆས་བེད་མེད་དུ་ལུས་ཡོད། གནད་དོན་དེ་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་སྣེ་འདྲེན་ཁེ་ལས་ཀྱི་རིག་ནུས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་54ཡིས་ཁེ་ལས་ཆུང་འབྲིང་ལ་སྔོན་ཐོན་སྒྲིག་ཆས་མཉམ་སྤྱོད་བྱེད་དུ་བཅུག

“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ནས་བཟུང་། ཧོ་པེ་ཡིས་ཤེས་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ཁྱད་ལྡན་ཐོན་ལས་ཚོགས་པ107ནང་ཡུལ་བབ་དང་བསྟུན་ནས་འཕྲུལ་མི་ཚུད་པའི་མཉམ་སྤྱོད་རྣམ་གྲངས་གསར་སྤེལ་བྱས་ལ། ཐོན་སྐྱེད་ཀྱི་རྒྱུན་ཐག་ཧྲིལ་པོར་དམིགས་ནས་མ་བཅོས་རྒྱུ་ཆ་འཚོལ་བསྡུ་དང་ཞིབ་འཇུག་གསར་སྤེལ་གསར་གཏོད། ཚོད་ལྟའི་ལག་ཁྱེར་འབྲིང་གྲས་སོགས་མཉམ་སྤྱོད་རྣམ་པ9ཆགས་ཡོད། མིག་སྔར་ཧོ་པེ་ཡིས་མཉམ་སྤྱོད་བཟོ་གྲྭ194འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་། མཉམ་སྤྱོད་སྒྲིག་ཆས་ཁྲི་གཅིག་དང་ལྔ་སྟོང་ལྷག་ཡོད་པ་དེས། ཁེ་ལས་ཁྲི་གཉིས་ལ་ཉེ་བའི་རོགས་རེས་གཉིས་རྒྱལ་ལ་སྐུལ་ཁྲིད་ཐུབ་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཧོ་པེ་ཡིས་གསར་གཏོད་ཀྱི་ཁ་ཕྱོགས་སྔར་ལས་ཁ་གསལ་བཟོས་ནས། དམིགས་གཏད་རང་བཞིན་གྱིས་ཁྱད་ལྡན་ཐོན་ལས་ཚོགས་པའི་རིམ་སྤོར་ལ་མཛུབ་ཁྲིད་བྱས་ཏེ།  ཁེ་ལས་ཀྱི་ཚོགས་པའི་བཟོ་སྐྲུན་དང་ཞབས་ཞུ། གསར་གཏོད་ནུས་པ་བཅས་ཀྱི་མཉམ་འདྲེས་མཉམ་སྤྱོད་ལ་སྐུལ་འདེད་བཏང་།

ཧོ་པེ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་ཐོན་ལས་ཚོགས་པའི་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་། པེན་ཧྲའོ་དབྱང་གིས་བཤད་རྒྱུར།  ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་ཏེ། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་དགོས་ལ། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ཁྲོད་མཉམ་སྤྱོད་རྣམ་པའི་བཀོལ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ལོ་རེར་མཉམ་སྤྱོད་བཟོ་གྲྭའི་ཚད་ཤིང་10ཡས་མས་གསོ་སྐྱོང་བྱས་ནས། ལོ་གསུམ་ནང་ཞབས་ཞུའི་གཙོ་གནད་ཚོགས་པའི་མཉམ་སྤྱོད་ཡོངས་སུ་ཁྱབ་པར་བརྩོན་ལེན་བྱས་པ་ཡིན།

ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་དུ་ཡོད་པའི་རིག་ནུས་དཔྱད་ཆས་ཐོན་སྐྱེད་ཁེ་ལས་སུ། མིས་བཟོས་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་གསར་པ་ཞིག་འཁོར་སྐྱོད་བྱེད་བཞིན་ཡོད་ལ། དེས་ཐོན་རྫས་ཐོག་གི་བྲད་ཤུལ་དང་བཙོག་སྐྱོན་སོགས་ཕྱི་ཚུལ་གྱི་སྐྱོན་ཆ་རིགས་བཅུ་གནད་དུ་འཕིགས་པའི་སྒོ་ནས་དབྱེ་འབྱེད་ཐུབ་པ་དང་། སྒྲིག་ཆས་གཅིག་གིས་ཉིན་རེར་ཐོན་རྫས་ཁྲི་ཡན་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་ཅིང་། མིས་བཟོས་ཞིབ་དཔྱད་ཚད་ལེན་གྱི་མྱུར་ཚད་ལས་ལྡབ་འགྱུར་གྱིས་འཕར་བ་མ་ཟད། ཞིབ་དཔྱད་ཚད་ལེན་གྱི་ཞིབ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

ཉིང་ཞ་ལུང་ཅི་ཉིང་ཀོང་དཔྱད་ཆས་མ་རྐང་ཚད་ཡོད་ཀུང་སིའི་ཆ་འཕྲིན་མ་ལག་ཁང་གི་ཀྲུའུ་རིན་ཀྲུང་ཏ་ལེ་ཡིས་བཤད་རྒྱུར།   ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཏེ། ང་ཚོའི་རིག་ནུས་ཅན་གྱི་འཚོལ་ཞིབ་ལ་སྔར་བས་གདེང་ཚོད་ཡོད་ཅུ་བཅུག  རྗེས་ཕྱོགས་ང་ཚོས་རིག་ནུས་ཅན་གྱི་བཀོལ་སྤྱོད་དེ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། དོ་དམ་སོགས་ཀྱི་རིམ་པ་སོ་སོ་རུ་མཉམ་འདྲེས་གཏིང་ཟབ་བྱས་ཏེ།  གཞི་གྲངས་སྒུལ་ཤུགས་དང་བཟོ་རྩལ་ཇེ་ལེགས་སུ་བཏང་བ་བརྒྱུད། ལས་ཆོད་དང་སྤུས་ཚད་མཐོ་རུ་ཏན་ཏིག་གིས་གཏོང་རྒྱུ་ཡིན་ཟེར།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཉིང་ཞས་གྲངས་འཛིན་ཅན་གྱི་རྣམ་བསྒྱུར་དེ་བཟོ་སྐྲུན་ལས་རིགས་ཀྱི་རྣམ་སྒྱུར་རིམ་སྤར་གྱི་ཐོད་བརྒལ་བྱེད་སར་བརྩིས་ཏེ། ལག་བསྟར་ཇུས་གཞི་གཏན་འབེབས་དང་དངོས་སུ་འདོན་རྒྱུ་ཡིན་པ་མ་ཟད། སྤྱི་པའི་ཞབས་ཞུའི་ལས་སྟེགས་སྐྲུན་པ་དང་ཆེད་དོན་གསོ་སྦྱོང་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁེ་ལས་ཆུང་འབྲིང་ལ་གྲངས་འཛིན་ཅན་གྱི་རྣམ་སྒྱུར་ཚད་གཞི་ཇེ་དམའ་རུ་གཏོང་རོགས་བྱས་ནས། དེང་རབས་རྡོ་སོལ་རྫས་འགྱུར་བཟོ་ལས་དང་རྒྱུ་ཆ་གསར་པ་སོགས་གཙོ་གནད་ཐོན་ལས་2000ལས་བརྒལ་བ་ཞིག་དྲ་ཐོག་ལས་སྟེགས་སུ་འགོད་པར་སྐུལ་འདེད་གཏོང་ངེས། མིག་སྔར་ཉིང་ཞ་ཡི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གྲངས་འཛིན་ཅན་གྱི་རྣམ་སྒྱུར་བསྡུར་ཚད་55%ལ་སླེབས་ནས། གྲངས་འཛིན་ཅན་གྱི་ཁེ་ལས་ཀྱི་ཟིན་ཚད་ཆེས་ཆེར་འཕར།

ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མིག་སྔར། ཉིང་ཞ་ཡིས་ཐོན་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཁེ་ལས་གྲངས་འཛིན་ཅན་གྱི་རྣམ་སྒྱུར་ལ་མུ་མཐུད་དུ་ཁྲིད་སྟོན་བྱས་ལ།  བཟོ་ལས་སྦྲེལ་དྲ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ།  དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་སྒྲིག་འཛུགས་བྱས།

ཉིང་ཞ་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ཆ་འཕྲིན་ཅན་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་། ཁྲེན་ཧྭ་ཉིང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་ཏེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་དགོངས་དོན་མཛུབ་སྟོན་དུ་བཟུང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། གྲངས་འཛིན་རིག་ནུས་ཀྱི་རྣམ་སྒྱུར་དཔེ་སྟོན་ཁེ་ལས་སྐོར་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས།“རིག་ནུས་གྲངས་འཛིན་ལ་སྒྱུར་བ་དང་སྦྲེལ་དྲར་བསྒྱུར་བ”དེ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་འགྱུར་དུ་བཅུག་ཡོད་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།