བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་ན་སྔར་ལས་དོན་འཁྱོལ་ལྔ་བཟང་བོར་བསྒྲུབ་དགོས་ཞེས་པ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ12པའི་ཚེས1ཉིན་པར་དུ་བསྐྲུན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས23པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་ན་སྔར་ལས་དོན་འཁྱོལ་ལྔ་བཟང་བོར་བསྒྲུབ་དགོས་ཞེས་པ་སྤེལ།

རྩོམ་ཡིག་ལས་རང་ངོས་གསར་བརྗེ་ནི་ང་ཚོའི་ཏང་ཟང་ཟིང་དར་རྒུད་ཀྱི་ལོ་རྒྱུས་འཁོར་ཡུན་ལས་འབུད་པའི་དྲིས་ལན་གཉིས་པ་ཡིན།   སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བརྩམ་སྟེ་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་ཡིན།     ཏང་གི་རང་ངོས་གསར་བརྗེ་བྱེད་པར་དམིགས་པའི་བསམ་ཕྱོགས་དང་བླང་བྱ་ཡོད་ཚད་གསལ་བོ་ཡིན་ཞིང་།    གནད་འགག་ནི་དངོས་འབེབས་དམ་འཛིན་བྱེད་རྒྱུ་དེ་ངེས་པ་དོན་གྱིས་དོན་འཁྱོལ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ལས་ཏང་གི་རང་ངོས་གསར་བརྗེ་ཐད་ཀྱི་ངོས་ཟིན་སྔར་ལས་དོན་འཁྱོལ་ཡོང་བར་བྱེད་དགོས།   ད་ལྟ་ང་ཚོའི་ཏང་གི་ཕྲག་ཏུ་བབས་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་།      འཕྲད་པའི་སྲིད་སྐྱོང་ཁོར་ཡུག་སྣ་མང་རྙོག་འཛིང་ཆེ་བས།    རང་ངོས་གསར་བརྗེ་བྱེད་པའི་ལས་འགན་ངེས་པར་དུ་དམ་འཛིན་ནན་མོ་བྱེད་དགོས།   ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་བྱེད་པ་ནི་གྲི་ཁ་ནང་ལ་སྐོར་བ་དང་རུལ་འགོག་སྤྱོད་གཙང་།   རུས་འབྲད་དུག་སེལ་བཅས་བྱེད་པ་ཡིན་པས་ཏང་གི་སྣང་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ཐེབས་མི་སྲིད་པར་དེ་ལས་ལྡོག་སྟེ་ཏང་གི་སྣང་བརྙན་དང་སྙན་གྲགས་མཐོར་འདེགས་གཏོང་ཐུབ་པ་དང་།    ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་ལ་གནོད་མི་སྲིད་པར་དེ་ལས་ལྡོག་སྟེ་སྔར་ལས་ཁྱབ་ཆེ་ཞིང་གང་ལེགས་སྒོས་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་ཐུབ་ལ།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་མི་ཐེབས་པར་དེ་ལས་ལྡོག་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ཅེས་བསྟན།

རྩོམ་ཡིག་ལས་ཏང་ཡོན་ལས་བྱེད་པས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་སྔར་ལས་དོན་འཁྱོལ་ཡོང་བར་བྱེད་དགོས།   རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་དགོས་ལ།  གནད་འགག་ནི་ཕུགས་བསམ་དད་མོས་ཇེ་བརྟན་དུ་གཏོང་བ་དང་ཏང་ལ་བློ་དཀར་བར་བྱེད་པ།   མི་དམངས་བསམ་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ།   ཀུན་སྤྱོད་བཟང་བོ་ཡིན་པ།   སྤྱོད་གཙང་སྲོལ་བཟང་སྲུང་འཛིན་བཅས་བྱེད་དགོས།   གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་བསྣན་ནས་གུང་ཁྲན་ཏང་མིའི་བསམ་བློའི་འཚོལ་སྙེག་བརྟན་སྲུང་བྱེད་དགོས།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་འབད་པས་ཞུགས་ནས་ལས་སྒྲུབ་ལས་གཏོད་ཁྲོད་འབད་འཐབ་ཀྱི་མི་ཚེ་སྦྱོང་བརྡར་བྱེད་པ་དང་།    མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཁྲོད་ཀུན་རྟོགས་མཐོར་འདེགས་གཏོང་དགོས།  ཏང་ནང་གི་ཆབ་སྲིད་འཚོ་བའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་།   ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ཕྱོགས་སོ་སོའི་ལྟ་རྟོག་དང་ལེན་བྱེད་དགོས།   དྲང་ལྡོག་གི་དཔེ་མཚོན་གྱོད་གཞིར་དམིགས་ནས་རང་ངོས་བརྟག་དཔྱད་བྱེད་པ་དང་།   སྟོང་སེམས་མེད་པ་དང་ཧོལ་རྒྱུག་མི་བྱེད་པར་འགན་སྲུང་བྱེད་དགོས།   མི་འདེམ་མི་བཀོལ་བྱེད་སྐབས་ཏང་གཤིས་གསལ་འབྱེད་ལ་ཤུགས་བསྣན་ནས་ལས་བྱེད་པའི་གོ་རྟོགས་དང་།   བློ་དཀར་ཀྱི་ཚད་དང་སྤྱོད་གཙང་གི་ཚད་ལ་ལྟ་ཞིབ་བྱེད་པར་དོ་སྣང་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་དབང་ཆ་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པ་སྔར་ལས་དོན་འཁྱོལ་ཡོང་བར་བྱེད་དགོས།   སྤྱོད་ཚུལ་བཞི་ལས་མང་ཆེ་བ་ཁྱད་དབང་གི་བསམ་བློ་ལས་བྱུང་བ་དང་།   རུལ་སུངས་ཀྱི་མངོན་སྟངས་གཙོ་བོ་ནི་དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་དེ་ཡིན།    ཏང་གི་རང་ངོས་གསར་བརྗེ་དེ་གཙོ་བོ་དབང་ཆ་བཅོས་སྒྱུར་བྱེད་པར་རེག་ལས་ཡོད།    མུ་མཐུད་དུ་འབད་འཐབ་བྱེད་པ་བརྒྱུད་དེ་དབང་ཆ་དངོས་སུ་ལམ་ལུགས་ཀྱི་གཟེབ་ཏུ་ཚུད་པར་བྱེད་པ་དང་།   ནུས་ཡོད་སྒོས་ཕྱི་ཚུལ་ཙམ་སྟོན་པའི་གནད་དོན་འབྱུང་བ་སྔོན་འགོག་བྱས་ནས་ཚད་ཆེན་པོས་དབང་ཆར་བརྟེན་ནས་ཁེ་ཕན་འཚོལ་བའི་བར་སྟོང་མེད་པར་བྱེད་དགོས།   ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་དབང་ཆ་ཡོད་ཚད་མི་དམངས་ཀྱིས་བསྩལ་བ་ཡིན་པ་ཡིད་ལ་དམ་པོར་བཟུང་ནས།  ངེས་པར་དུ་ཡང་དག་པའི་སྒོ་ནས་འགན་འཁྲི་སྒྲུབ་པ་དང་མི་དམངས་ལ་འགན་འཁུར་དགོས།    ཏང་ནང་དུ་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་རྣམ་པ་ཡོད་མི་ཆོག་ལ།    ཁེ་ཕན་སྡེ་ཚོགས་དང་དབང་ཆའི་ཚོགས་པ།   ཁྱད་དབང་གི་གྲལ་རིམ་བཅས་དེ་བས་ཀྱང་ཡོད་མི་ཆོག   ཏང་ནང་དུ་ཞུགས་པ་ནས་བཟུང་།    མི་དམངས་ལ་གུས་ཞེད་དང་རྩ་འཛུགས་ལ་གུས་ཞེད།    སྒྲིག་ཁྲིམས་ལ་གུས་ཞེད་བཅས་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་ལྟ་རྟོག་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་སྔར་ལས་དོན་འཁྱོལ་ཡོང་བར་བྱེད་དགོས།   ལྟ་རྟོག་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པ་ནི་ཏང་གི་རང་ངོས་གསར་བརྗེའི་ལག་ཆ་གལ་ཆེན་ཞིག་ཡིན།   སྒྲིག་འགལ་ཁྲིམས་འགལ་གནད་དོན་ལ་ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། ཆད་པ་ནན་མོ་གཅོད་དགོས།  ལྟ་རྟོག་ནན་མོ་བྱེད་པའི་ཐད་ཏང་ནང་ཁུལ་གྱི་ལྟ་རྟོག་དང་མི་དམངས་ཀྱི་ལྟ་རྟོག་ཟུང་འབྲེལ་བྱས་ཏེ་རིགས་སོ་སོའི་ལྟ་རྟོག་མཉམ་བསྲེས་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས།    སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་པའི་ཐད་ཚད་གཞི་ནན་མོར་བརྟེན་ནས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོ་དེ་བྱེད་ཐབས་ནན་མོར་འགྱུར་བར་བྱེད་པ་དང་།   སྒྲིག་ཁྲིམས་ནན་མོ་དེ་ཕན་ཡོད་བྱེད་ཐབས་སུ་འགྱུར་བར་བྱས་ནས་དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་ལ་རྡུང་རྡེག་ནན་མོ་གཏོང་བ་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས།      ཏང་ཡོངས་ནས་མཐའ་གཅིག་ཏུ་བྱེད་ཐབས་ནན་མོ་སྤྱོད་པ་དང་གུ་ཡངས་སུ་གཏན་ནས་མི་གཏོང་བའི་སྤྱོད་གཙང་སྲོལ་བཟང་གི་རྣམ་པ་གྲུབ་པར་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལས་འགན་དངོས་འབེབས་བྱེད་པ་སྔར་ལས་དོན་འཁྱོལ་ཡོང་བར་བྱེད་དགོས།   ཏང་འཛུགས་དམ་འཛིན་བྱེད་རྒྱུ་ནི་རྩ་བའི་ལས་འགན་ཡིན་པ་དང་།   ཏང་འཛུགས་དམ་འཛིན་མི་བྱེད་པ་ནི་ལས་འཛོལ་ཡིན་ལ།   ཏང་འཛུགས་དམ་འཛིན་ཡག་པོ་མི་བྱེད་པ་ནི་ལས་འགན་ལག་བསྟར་བཟང་བོ་མ་བྱས་པ་ཡིན།  ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལ་གཙོ་གཞིའི་འགན་འཁྲི་དང་ལྟ་རྟོག་འགན་འཁྲི།   འགན་འཁུར་བ་དང་པོའི་འགན་འཁྲི།    ལས་གནས་གཅིག་ལ་འགན་འཁྲི་གཉིས་སོགས་ཡོད་པ་དང་།  དེ་དག་གིས་ཆ་ཚང་བའི་འགན་འཁྲིའི་འབྲེལ་ཐག་ཅིག་གྲུབ་པར་བྱས་ཡོད་ལ།    འགན་འཁྲི་གང་ཡིན་ཡང་ཧ་ཅང་གལ་ཆེ་བས།    ཚང་མ་དོན་འཁྱོལ་ནན་མོ་བྱེད་དགོས།   རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་པ་དང་།  རིམ་པ་བཞིན་དུ་ལག་བསྟར་གྱི་རེ་བ་བཏོན་ནས་ངེས་པ་དོན་གྱིས་ནན་ཏན་གྱི་སྣང་ཚུལ་བསྐྲུན་པ་དང་།  དར་སྲོལ་བཟང་བོ་ཆགས་པར་བྱེད་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།