ཟླ་སྔོན་མ་བཅུ་ལ་གྲོང་གསེབ་ཐོན་ལས་ལ་འཕེལ་རྒྱས་བཟང་པོ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

གསར་འགོད་པས་ཞིང་ལས་ཞིང་སྡེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། རང་རྒྱལ་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་བསྐྱངས་འདུག   ཟླ་དང་པོ་ནས་ཟླ་བཅུ་པའི་བར། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་བརྟན་བརླིང་ངང་འཕེལ་རྒྱས་བྱུང་། གཞི་ཁྱོན་ཡན་གྱི་ཞིང་ཞོར་ཟས་རིགས་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་ཚད་ན་ནིང་ལས6.3%འཕར། 

ཐོན་ལས་གསར་པ་དང་ལས་རྣམ་གསར་པར་གསོན་ཤུགས་ཀྱིས་ཁེངས། ཞིང་ལས་དང་ཡུལ་སྐོར། རིག་གནས། ལུས་རྩལ། གློག་རྡུལ་ཚོང་དོན་སོགས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། གྲོང་གསེབ་ཀྱི་ཁམས་གསོའི་ཡུལ་སྐོར་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་དབྱར་མཚོ་ལྟར་རྒྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་འཕར་གཞི་གསར་པར་གྱུར་པ་མ་ཟད། ཞིང་པའི་འབབ་འཕར་གྱི་ཁྱད་ཆོས་དམིགས་བསལ་ཞིག་ཏུ་གྱུར། ཟླ་དང་པོ་ནས་ཟླ་བཅུ་པའི་བར། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་ལྔ་ཡིན་ལ། ན་ནིང་ལས་4.6%འཕར་བ་དང་། འཕར་ཚད་མཁར་གྲོང་ལས་བརྒྱ་ཆའི་གྲངས་གནས0.4ཡིས་མཐོ། རྒྱལ་ཡོངས་ཀྱི་ཞིང་སྡེ་དང་ཞིང་ལས་ཐོན་རྫས་དྲ་རྒྱའི་སིལ་ཚོང་གི་བསྡོམས་འབོར་ན་ནིང་ལས་སོ་སོར7.5%དང9.5%འཕར། 

དེ་དང་ཆབས་ཅིག་ཏུ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་།  ད་ལོར་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས40དང་། དེང་རབས་ཞིང་ལས་ཐོན་ལས་གླིང་ལྔ་བཅུ། ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ལྡན200བཅས་གསར་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ཐོན་ལས་ཀྱི་སྡེ་བ་སྟོབས་ལྡན398སྐྱེད་སྲིང་བྱེད་པར་སྐུལ་ཁྲིད་བྱས་ནས། “ཆུང་ལ་སྤུས་དག་པ”དང“ཁྱད་དུ་འཕགས་ལ་མཛེས་སྡུག་ལྡན་པའི་”ཁྱད་ཆོས་ལྡན་པའི་ཐོན་རྫས་སྐོར་ཅིག་འཕེལ་རྒྱས་སུ་བཏང་སྟེ། ཁྱད་ལྡན་ཆུང་ངུའི་ཐོན་རྫས་དེ་ཐོན་ལས་ཆེན་པོར་འགྱུར་བར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་མཉེན་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།