2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་གྱི་བརྙན་ཐུང་དང་ཐད་གཏོང་གློག་རྡུལ་རྩལ་ནུས་མཐོར་འདེགས་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ11པའི་ཚེས28ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་གྱི་བརྙན་ཐུང་དང་ཐད་གཏོང་གློག་རྡུལ་རྩལ་ནུས་མཐོར་འདེགས་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་ཟི་ལིང་གྲོང་ཁྱེར་དུ་སྤེལ། འགྲན་སྡུར་ལས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བ་དང་། ཞིང་འབྲེལ་ན་གཞོན་ལ་སྟོབས་ནུས་སྦྱིན་པ་གཙོ་གནད་དུ་བཟུང་ཞིང་། དམིགས་ཡུལ་ནི་འགྲན་སྡུར་ལ་བརྟེན་ནས་ན་གཞོན་གྱི་གསར་གཏོད་ལས་གཏོད་ཀྱི་སེམས་ཤུགས་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ལང་ཚོའི་སྟོབས་ཤུགས་གཅིག་སྡུད་བྱ་ཆེད་རེད།

ཐེངས་འདིའི་འགྲན་སྡུར་ལས་འགྲན་སྡུར་ལ་བརྟེན་ནས་འཇོན་མི་གཅིག་སྡུད་དང་། འགྲན་སྡུར་ལ་བརྟེན་ནས་འཇོན་མི་ནང་འདྲེན། འགྲན་སྡུར་ལ་བརྟེན་ནས་འཇོན་མི་གསོ་སྐྱོང་། འགྲན་སྡུར་ལ་བརྟེན་ནས་འཇོན་མི་འདེམས་པ་བཅས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། བརྙན་ཐུང་གསར་རྩོམ་དང་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར། ཐད་གཏོང་གློག་རྡུལ་དངོས་སྦྱོང་བཅས་ཀྱི་འགྲན་རིམ་གསུམ་བཀོད་སྒྲིག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་གཞི་རིམ་དུ་རྐང་ཚུགས་ཤིང་ལག་རྩལ་ལ་བྱང་ཆ་ཡོད་པ། ཚོང་གཉེར་བྱེད་མཁས་པ་བཅས་ཀྱི་ན་གཞོན་གློག་རྡུལ་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས། འགྲན་སྡུར་འགོ་བརྩམས་པའི་ཚུན་ལ། ཞིང་ཆེན་ཡོངས་སུ་འགྲན་ཞུགས་རུ་ཁག་བརྒྱ་དང་ཞེ་བཞི་དང་མི་སྒེར་ཧུར་ཐག་གིས་ཟབ་ཞུགས་བྱས་ཏེ། མཚོ་སྔོན་ན་གཞོན་གྱི་གཞི་གྲངས་དཔལ་འབྱོར་ལ་བརྟེན་པའི་གསོན་ཤུགས་མངོན་པར་བྱས།

དངོས་འཐབ་ནུས་པར་ཤུགས་སྣོན་ཆེད། འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགྲན་སྡུར་ལས་རྒྱལ་བའི་མི་སྣར་དྲ་ཐོག་གི་གསབ་སྦྱོང་བསླབ་ཚན་བཀོད་སྒྲིག་བྱས་ཤིང་། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་གློག་རྡུལ་དངོས་སྦྱོང་ཕུལ་བྱུང་མི་སྣ་གདན་ཞུ་བྱས་ཏེ། ཞིང་ལས་ཐོན་རྫས་གསར་སྤེལ་དང་། ཟོང་རྟགས་འཛུགས་སྐྲུན། འཁོར་རྒྱུག་སོགས་ཀྱི་ནང་དོན་ལ་དམིགས་ནས་མ་ལག་ལྡན་པའི་ཟུར་ཁྲིད་བྱས། དང་རྩོད་ཡུལ་དངོས་སུ།  འགྲན་ཞུགས་པ་རྣམས་ཀྱིས་གསར་གཏོད་ཀྱི་ཁུངས་སྣེ་དང་དོན་བརྗོད་ལ་བརྟེན་ནས། མཚོ་སྔོན་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། ཡུལ་སྐོར་མཛེས་ལྗོངས། གཏིང་ཟབ་རིག་གནས་བཅས་ཕུན་སུམ་ཚོགས་པའི་ངང་མཚོན་པར་བྱས་ཤིང་། ན་གཞོན་གྱི་སྐད་ཆ་ལ་བརྟེན་ནས་ཕ་ཡུལ་གྱི་གཏམ་རྒྱུད་བཤད་དེ། ཁྲོམ་རའི་ཤེས་རྟོགས་ནུས་པ་སྐྱེན་པོ་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོ་མངོན་ཡོད།

གཞི་གྲངས་དཔལ་འབྱོར་དུས་རབས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན་པའི་ཆ་ནས། གློག་རྡུལ་ཚོང་དོན་གྱིས་ཚོང་ལས་རྣམ་པ་དང་འཛད་སྤྱོད་གོམས་གཤིས་རིམ་གྱིས་བསྒྱུར་བཞིན་ཡོད། ཐེངས་འདིའི་འགྲན་སྡུར་གྱིས་འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་བ་བརྒྱུད་དེ་ན་གཞོན་གྱི་གཞི་གྲངས་ནུས་པ་ནུས་ལྡན་སྒོས་མཐོར་འདེགས་བཏང་བ་དང་། མཚོ་སྔོན་གྱི་ན་གཞོན་འཇོན་མི་སྐྱེད་སྲིང་བྱེད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་གློག་རྡུལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་པར་མ་ཟད། ན་གཞོན་གྱི་གསར་གཏོད་ལས་གཏོད་བརྗེ་རེས་སྟེགས་བུར་རྨང་གཞི་བརྟན་པོ་བཏིངས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།