ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་སྟེ། མཚོ་སྔོན་སྨན་ཁང་མི་འགྱངས་བར་དངོས་སུ་བཀོལ་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། གསར་འགོད་པས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་གིས་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་ལས་རྒྱུས་ལོན་བྱུང་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོ་སྟེ། མཚོ་སྔོན་སྨན་ཁང་མི་འགྱངས་བར་བཀོལ་སྤྱོད་བྱེད་མགོ་རྩོམ་རྒྱུ་རེད།

རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་མགནས་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གནང་བའི་སྨན་བཅོས་འཕྲོད་བསྟེན་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཡིན། དེས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་པ་དང་ཁུལ་ཁོངས་དོ་སྙོམས་ཡོང་བར་བྱེད་པ། ས་ཁུལ་ཁ་ཤས་ཀྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་འདེང་ངེས་མིན་པ་ཁ་གསབ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས། ཁུལ་ཁོངས་སྤྱི་ཡོངས་སྨན་བཅོས་ཞབས་ཞུའི་ཆུ་ཚད་གང་མགྱོགས་སྒོས་མཐོར་འདེགས་སུ་གཏོང་པ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བདུན་པར། རང་ཞིང་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་གྱི་ཚོད་ལྟའི་ཞིང་ཆེན་ཁྲོད་དུ་ཚུད་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བར། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོའི་མཚོ་སྔོན་སྨན་ཁང་དེ་སྐོར་གསུམ་པའི་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཀྱི་འཛུགས་སྐྲུན་མིང་ཐོའི་ཁྲོད་ཚུད། ལོ་དེའི་ཟླ་དགུ་བར། ལས་གཞི་ལ་རྒྱལ་ཁབ་ཀྱིས་དངོས་སུ་ཆོག་མཆན་བཀོད། ལས་གཞིའི་ས་གནས་ནི་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་རེད། རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་བྲེལ་མྱུར་གསོ་རིག་རོགས་སྐྱོར་ལྟེ་གནས་གཅིག་གྱུར་བཀོད་འདོམས་བྱས་པ་རེད། སྤྱིའི་ས་ཁྱོན་ལ་སྤྱི་ཆིང་བཅུ་གཉིས་གྲངས་ཆུང་གསུམ་ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་རྨི་ངོས་སྙོམས་གྲུ་བཞི་མ་བཅུ་གཅིག་གྲངས་ཆུང་བདུན་གཉིས་ཡོད། སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་གཅིག་བཏང་ཡོད་ལ། ལས་གཞི་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དགུ་བར་འགོ་བརྩམས་ཤིང་། ཉིས་སྟོང་ཉེར་ལྔ་ལོའི་ཟླ་བཅུ་གཅིག་པའི་ཟླ་མགོར་རྩིས་ལེན་བྱས་པ་དང་། ཟླ་བཅུ་གཅིག་པའི་ཟླ་མཇུག་ལ་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།