མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱིས་རོང་འབྲོག་པ་ཁྲི2ལྷག་ལ་ཕན་པ་ཐོབ་རྒྱུར་སྐུལ་ཁྲིད་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ11པའི་ཚེས21ཉིན། གསར་འགོད་པས“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་སྒྲོག་ཚོགས་འདུ་ལས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཆེད་དོན་གསར་འགྱུར་ཡོངས་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།“ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་འཛུགས་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྣ་མང་གཞན་བསྒྱུར་གྱི་ལམ་སྲོལ་འཚོལ་ཞིབ་བྱས་པ་དང་།  སྐྱེ་ཁམས་ཡུལ་སྐོར་དང་རང་བྱུང་སློབ་གསོའི་འཆར་གཞི་བཟོ་འགོད་དང་། མང་ཚོགས་ལས་ཞུགས་དང་སྐྱེ་ཁམས་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་བརྒྱུད་དེ།“སྐྱེ་ཁམས་ཀྱིས་དམངས་ལ་ཕན་འདོགས་པ་དང་། ཐུན་མོང་གིས་འཛུགས་སྐྲུན་མཉམ་སྤྱོད”བཅས་ཐུབ་པའིྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་ རོང་འབྲོག་པ6400ལྷག་ལ་ཕན་ཁེ་བཏགས་པ་དང་། སྐྱེ་ཁམས་ཀྱི་ཁེ་སྤོགས་བཟང་པོ་མུ་མཐུད་དུ་རོང་འབྲོག་པའི་ལག་ཏུ་སྤྲད། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར31བཏང་སྟེ་རིམ་སྤར་ལས་གཞི་ལག་བསྟར་བྱས་ཡོད་དེ། །“རིག་སྨོན་དང་། མཚོ་སྔོན་པོ། ཚྭ་ཁ”བཅས་ཀྱི་གཞུང་ལམ་འཛུགས་སྐྲུན་དང་མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་རྐྱང་དུ་བསྒྱུར་ནས་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ཇེ་མཐོར་ཕྱིན་ཡོད། མཚོ་སྔོན་པོ་སྐྱེ་ཁམས་ཡུལ་སྐོར་བཀོད་འདོམས་བཀོད་གཏོང་དང་སྐྱེ་ཁམས་དྲ་རྒྱའི་ཤེས་ཚོར་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་གྱི་རྨང་གཞིའི་སྟེགས་བུ་བསྐྲུན་ནས་གཙོ་གནད་ས་ཁོངས་ཀྱི་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པ་ས།

སྐྱེ་ཁམས་རིན་ཐང་གཞན་བསྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། “ཡུལ་ལྗོངས་ཁུལ+གྲོང་ཚོ་ཐུན་མོང་།+འབྲོག་ཁྱིམ།”བཅས་ཁེ་ཕན་འབྲེལ་མཐུད་གྱི་ལམ་སྲོལ་བཙུགས་། མིག་སྔར་ཚད་ལྡན་ཅན་གྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ12དང་ལྟེ་བའི་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་ཤང་དང་གྲོང་རྡལ8དང་གྲོང་ཚོ20ཡི་ཁྱིམ་ཚང6400ལྷག་གི་རོང་འབྲོག་པ་ཁྲི2ལྷག་ལ་ཐད་ཀར་སམ་ཡང་ན་རིམབརྒྱུད་ཀྱིས་ཕན་པ་ཐོབ་པ་ར་མ་ཟད།  མི1000ལྷག་གི་ལས་ཞུགས་ཀྱང་ཐག་གཅོད་ཐུབཡོད།

མཚོ་སྔོན་པོ་མཐའ་འཁོར་དུ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་ལས་གནས2931བཀོད་སྒྲིག་བྱས་ཡོད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའ་ཡི་ཁ་གསབ་སྒོར་ཁྲི7893དང་། འདམ་རའི་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ། རྨོ་བསྐྱུར་བརླན་འཛིན་གྱི་མ་དངུལ་ཁ་གསབ་བཅས་ལག་བསྟར་བྱས་ནས་མང་ཚོགས་ཁྱིམ་ཚང4106ཕན་པ་ཐོབ།

ད་ལོ་ནས་བཟུང་མཚོ་སྔོན་པོའི་མཐའ་འཁོར་ས་ཁོངས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ12གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི187.49སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི4978.26མངོན་འགྱུར་བྱུང་བ་དང་། དེ་ནི་ལོ་གོང་མ་དང་བསྡུར་ན་སོ་སོ་5%དང17%འཕར་ཡོད། མང་ཚོགས་ལ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་། ཡུལ་སྐོར་ཞབས་ཞུའི་ལས་ཞུགས། ས་གནས་ཀྱི་ཐོན་རྫས་ཕྱིར་ཚོང་། ཁེ་སྤོགས་བགོ་བཤའ་སོགས་ཀྱི་ཐབས་ལམ་བརྒྱུད་ཡོང་འབབ་བརྟན་པོ་རག་ཐུབ་ཡོད་པས། གྲོང་ཚོའི་ཐུན་མོང་དཔལ་འབྱོར་དེ“ཐུན་མོང་གིས་འཕེལ་རྒྱས་གཏོང་བའི”གཉེར་སྐྱོང་རྣམ་པ་གསར་པ་དང་ཡུལ་སྐོར་གྱིས་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་དམངས་ཕྱུག་གི་ཐབས་ལམ་གསར་པ་ཞིག་གྲུབ་ཡོད་དོ། ། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།