【"ལོ་ལྔ་ཚན་བཅུ་བཞི་པའི"སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དྲིས་ལན།】 མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གསུམ་འཕར་བརྟན་གཉིས་མངོན་འགྱུར་བྱུང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། "ཕུའུ་ཧྲི་དགོ་བའི་ཕྱི་རོལ་གྱི་རིགས་ཁྱུ་གྲངས་འབོར3700ལྷག་ཟིན་པ་དེ་ཐོག་མའི་སྲུང་སྐྱོང་དུས་ཀྱི་ལྡབ12ཡིན་པ་དང་། ཆུ་བྱའི་རིགས་ཁྱུའི་གྲངས་འབོར་ཁྲི60.6ལྷག་ཙམ་ཟིན།  མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་ཁྲི12.75སླར་གསོ་བྱས་པ་དང་། དེ་ནི་ཐོག་མའི་སྲུང་སྐྱོང་དུས་ཀྱི་ལྡབ49རེད། ཆུ་བྱའི་རིགས་ཀྱི་ཁྱོན་ཡོངས་ཀྱི་གྲངས་འབོར་དང་ཆུའི་ཁོར་ཡུག་གི་དམིགས་ཚད་གལ་ཆེན་གྱི་རྒྱུན་མ་ལྷོད་པར་ལེགས་པརབསྐྱངས།  ཟླ11པའི་ཚེས21ཉིན། གསར་འགོད་པས“ལོ་ལྔ་ཚན་བཅུ་བཞི་པའི”བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི“གསུམ་འཕར་བརྟན་གཉིས་མངོན་འགྱུར”བྱུང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་མཚོ་སྔོན་པོའི་བརྟན་ལྷིང་སྲུང་སྐྱོང་གི་ཕན་འབྲས་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་ལས་མངོན་གསལ་རེད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཀྱི་ནུས་ཕྱོད་དང་འཕེལ་རྒྱས་ཀྱི་འགུལ་ནུས་སུ་བསྒྱུར་ནས། མཚོ་སྔོན་པོ་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ཀློང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། འདམ་རའི་རྒྱ་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བསྐྱེད་ནས་རྩི་ཤིང་གི་སྟུག་ཚད་དང་སྔོ་ཁེབས་ཀྱི་ཚད་དང་། སྐྱེ་ཁམས་ཧྲིལ་པོའི་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། “ཆུ་དང་རྩྭ། ཉ། འདབ་ཆགས། གཅན་གཟན་བཅས་ལྷན་དུ་འཚོ་བའི་སྐྱེ་ཁམས་མ་ལག་དོ་མཉམ་པོར་ཕྱིན། 

འདམ་ར་སྲུང་སྐྱོང་དང་སླར་གསོ། ཆུའི་སྐྱེ་ཁམས་ཉམས་གསོ་དང་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྱོང་སོགས་སྐྱེ་ཁམས་རྣམ་གྲངས་ཕྱོགས་ལ་བསྡོམས་པའི་སྒོར་དུང་ཕྱུར3.3བཏང་ནསལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་། མཚོ་སྔོན་པོའི་ཁྱད་ཆོས་ལྡན་པའི“གཏན་འཇགས་བཞི་དང་གཅིག་གྱུར་གསུམ”ཅན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ཆགས་ཤིང་།   མཚོ་དང་ཆུ་བོ་རྩྭ་ཐང་ས་གནས་བཅས་ཀྱི “སྐོར་ཞིབ་བཞི”ཡི་ལམ་སྲོལ་རྒྱུན་ཆད་མེད་པར་་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཀྱི་ཁོར་ཡུག་གནད་དོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་འགོག་ཟོན་བྱས། རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། འཁོར་སྐར་རྒྱང་ཚོར་བརྙན་ལམ་ལྟ་སྐུལ་ཚོད་འཛིན། མི་མེད་གནམ་གྲུའི་སྐོར་ཞིབ་སོགས་ཚན་རྩལ་བྱེད་ཐབས་ཕྱོགས་བསྡུས་བྱས་ཏེ། སྐྱེ་ཁམས་ཀྱི་དྲ་རྒྱའི་ཤེས་ཚོར་མ་ལག་བཙུགས་ནས་རི་སྐྱེས་སྲོག་ཆགས་གཙོ་གནད་དང་ས་ཁོངས་གཙོ་བོར་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱུང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།