གུང་གཞོན་ཚོགས་པ་ནི་ལྟེ་བར་དམིགས་པ་དང་སྤྱི་ཁོག་ལ་ཞབས་ཞུ་བྱེད་པའི་ཐབས་ལམ་ཁྲོད་ཀྱི་གཅིག་ཡིན་པའི་ངོས་ནས་གཞོན་ནུ་འཕྲལ་རྒོལ་རུ་ཁག་འཛུགས་བསྐྲུན་དང་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་བརྗེ་རེས་བྱེད་པར་གཏིང་ཟབ་ངང་ཤུགས་སྣོན་བྱས་ཏེ། རང་ཞིང་གི་ཁྱབ་ཁོངས་སོ་སོའི་ན་གཞོན་གྱི་རྣམ་པ་བཟང་མངོན་ཡོད། ཟླ11པའི་ཚེས21ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཙོ་སྒྲུབ་བྱས་པའི2025ལོའི་ཞིང་ཆེན་ཡོངས་ཀྱི་གཞོན་ནུས་འཕྲལ་རྒོལ་རུ་ཁག་གི་གྲུབ་འབྲས་འགྲེམས་སྟོན་བྱེད་སྒོ་ཀྲུང་གོ་ཆུ་བེད་ཆུ་གློག་ལས་གཞི་བཞི་བའི་ཚད་ཡོད་ཀུང་ཟི་རུ་སྤེལ།
ཐེངས་འདིའི་བྱ་འགུལ་དུ“ལང་ཚོའི་འཕྲལ་རྒོལ་གྱི་གྲབ་འབྲས་མངོན།། བྱས་རྗེས་བཞག་པ་ལས་འགན་འཁྲི་མངོན།།”ཞེས་པ་བརྗོད་གཞི་བྱས་ཏེ། ཡུལ་དངོས་སུ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་གྱི་རྣམ་པ་ལ་བརྟེན་ནས། ལོ་འགོར་དར་ཆ་བསྩལ་བའི་ན་གཞོན་འཕྲལ་རྒོལ་རུ་ཁག11ལ། ཡུལ་རྣམ་ཟློས་གར་དང་། འཁྲབ་བཤད་སོགས་ཀྱི་རྣམ་པས་ན་གཞོན་རུ་ཁག་གིས་ཐོན་ལས་ཀྱི“གནས་བཞི”འཛུགས་བསྐྲུན་དང་གྲོང་གསེབ་དར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་འགྲེམས་སྟོན་བྱས། དཀའ་ཁག་དང་གནད་དོན་གདོང་གཏད་དེ་ན་གཞོན་གྱི་སྟོབས་ཤུགས་གཅིག་བསྡུས་བྱས་པའི་གཏམ་རྒྱུད་འགྲེམས་སྟོན་བྱས།
བྱ་འགུལ་དུ་ཕུལ་བྱུང་དཔེ་མཚོན་ཅན་འཛུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ན་གཞོན་ལས་བྱེད་པའི་ལས་གཏོད་ཀྱི་སྤྲོ་སེམས་འདོན་སྤེལ་བྱེད་པ། ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ན་གཞོན་འཕྲལ་རྒོལ་རུ་ཁག་ལ་དར་ཆ་བསྩོལ་བའི་མཛད་སྒོ་མཇུག་རྫོགས་རྗེས། འཕྲལ་རྒོལ་རུ་ཁག་སོ་སོའི་འགག་སྒྲོལ་ལས་འགན་དང་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པ་སོགས་ཕྱོགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཆ་ཚང་བར་ཞིབ་བཤེར་བྱེད་པ་བྱ་འགུལ་གྱི་གཙོ་གནད་དུ་བྱས་ཏེ། “དར་ཆ་བསྩོལ་བ་དང་འགག་སྒྲོལ་བྱེད་པ། ཞིབ་བཤེར་རྩིས་ལེན”བཅས་ཀྱི་བྱ་བའི་ཁག་སུམ་གྲུབ་པར་བྱས། དེ་དང་མཉམ་དུ། ཉམས་མྱོང་སྤྱི་སྡོམ་དང་མི་འདང་ས་འཚོལ་བཤེར་བྱས་ཏེ་རྗེས་ཕྱོགས་ཀྱི་ན་གཞོན་འཕྲལ་རྒོལ་རུ་ཁག་འཛུགས་སྐྲུན་དང་བྱ་བའི་བཀོད་སྒྲིག་ལ་གཞི་འཛིན་ས་འདོན་སྤྲོད་བྱས་ནས། དེ་ལས་ལེགས་པའི་སྒོ་ནས་ན་གཞོན་གྱི་སྟོབས་ཤུགས་ལ་སྐུལ་འདེད་དང་དེ་ལས་ལེགས་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་ཞུ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་ཆེན་སྐབས་བཅུ་བཞི་བའི་ཏང་གི་འཐུས་ཚབ་ཚོགས་པ་པའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། རྣམ་པ་ཕུན་སུམ་ཚོགས་པའི་ན་གཞོན་སྟོབས་ཤུགས་འཛུགས་དགོས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ན་གཞོན་འཕྲལ་རྒོལ་རུ་ཁག2621ཡོད་ལ། དེའི་ཁྲོད་རུ་ཁག1335ཡིས་ཐོན་ལས་ཀྱི་གནས་བཞི་འཛུགས་བསྐྲུན་ལ་གཞི་བཙུགས་ཡོད་ལ། ཚ་མཚོའི་ཐོན་ལས་ཀྱི་རྟེན་གཞིའི་རུ་ཁག367དང་། དག་གཙང་ནུས་ཁུངས་ཀྱི་མཐོ་སའི་རུ་ཁག333དང་། སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་འབེན་ས་ཚིགས་ཀྱི་རུ་ཁག414དང་། ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ས་གནས་ཀྱི་རུ་ཁག221བཅས་ཡོད་ལ། དེ་དག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔུང་དུ་གྱུར་ཡོད། རུ་ཁག་འཛུགས་བསྐྲུན་ལ་གཏིང་ཟབ་ཀྱི་བསྒྱུར་བཅོས་བྱས་ཡོད་པ་དང་། སྲོལ་རྒྱུན་གྱི་ཐོན་སྐྱེད་དེ་གནས་སྐབས་ཀྱི་རྣམ་པ་ནས་རྒྱུན་ལྡན་ཅན་དང་ཆེད་ལས་ཅན། ཞབས་ཞུ་ཅན་བཅས་ཀྱི་རྣམ་པར་བསྒྱུར་ནས་སྣ་མང་གི་གྲུབ་ཚུལ་ལ་རིམ་འགྱུར་བྱས། ལས་འགན་དུ་ལས་གཞི་གལ་ཆེན་གྱི་འགག་སྒྲོལ་དང་དཀྱིལ་སྙིང་ལག་རྩལ་གྱི་ཐོལ་བརྒལ། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ཁྱབ་ཁོངས་ཁེབས་ཡོད་ལ། ཚན་རྩལ་གྱི་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་སོགས་རྒྱ་ཆེ་བའི་གར་སྟེགས་སུ་བསྲེངས་ཡོད། རུ་ཁག་མང་བོས་ཉམས་སད་གལ་ཆེན་ཁྲོད་ཀྱི་བྱེད་སྟངས་ཕུལ་བྱུང་ཡིན་ལ། ཀྲུང་དབྱང་གུང་གཞོན་ཚོགས་པའི་སྤྱི་སྒྲོག་གཟེངས་བསྟོད་ཐོབ།