རང་ཞིང་གིས2025ལོའི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ད་ལོའི་ཟླ12ཚེས4ཉིན་ནི“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས་བཅུ་གཉིས་པ་ཡིན་པ་དང་། རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ཁྱབ་སྒྲོག་ལག་བསྟར་བྱས་ནས་ལོ43འཁོར་བའི་དུས་དང་འཕྲད་ཡོད། ཟླ11པའི་ཚེས19ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེནཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་རྒྱུའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི2025ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱེད་སྒོར་བཀོད་སྒྲིག་བྱས།

ཐེངས་འདིའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱེད་སྒོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་སློབ་སྦྱོང་དྲིལ་སྒྲོག་ལག་ལེན་མཐར་ཕྱིན་བྱས་ནས་རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། “1+8”རབ་དང་རིམ་པ་ཚོགས་ར་གཙོ་བོའི་བྱེད་སྒོ་དང་ཁྱད་ཆོས་ལྡན་པའི་སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་པ་བརྒྱུད་རང་ཞིང་གི་འབྲེལ་ཡོད་བྱེད་སྒོ་སྔར་བས་ལེགས་པོར་བསྒྲུབ་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ད་ལོའིརྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོརགྱི་བྱེད་སྒོར་གཙོ་བོ་ཞིང་ཆེན་ཡོངས་ཀྱི་རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འབྲེལ་ཡོད་མགོ་རྩོམ་བྱེད་སྒོ། འབྲེལ་ཡོད་ལས་ཁུངས་སོ་སོས་རྩ་འཛུགས་བྱས་པའི་རྩ་ཁྲིམས་གཅིག་བསྡུས་དམ་བཅའི་བྱེད་སྒོ། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་རྩ་འཛུགས་བྱས་ནས་སྤེལ་བའི་སྤྱི་དམངས་སྒོ་འབྱེད་ཉིན་མོ་དང་ཚོམས་བཤེར་ཟུར་ཉན། དཔེ་མཚོན་གྱོད་གཞི་ཡོངས་སྒྲོག་བྱེད་སྒོ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་སོ་སོར་རྩ་འཛུགས་པའི་བྱས་པའི་རྒྱལ་དར་བསྒྲེངས་པ་དང་ཁྲིམས་ལུགས་སློབ་པའི་བྱེད་སྒོ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་ཡིས་སྤེལ་བའི་རྩ་ཁྲིམས་དྲིལ་སྒྲོག་ལ་བརྟེན་ནས་གསར་པ་གསུམ་གྱི་འདུ་ཤེས་ལག་བསྟར་དང་ཁྲིམས་སྐྱོང་ནམ་ཡང་ང་དང་མཉམ་དུ་ཡོད་ཅེས་པའི་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དྲིལ་སྒྲོག་བྱེད་སྒོ། ཞིང་ཆེན་སློབ་གསོ་ཐིན་གྱིས་རྩ་འཛུགས་བྱས་པའི་རྩ་ཁྲིམས་ཞོགས་འདོན་དང་རྩ་ཁྲིམས་ལ་བཀུར་བ་སོགས་ཀྱི་བྱེད་སྒོ་དང་། དེ་མིན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྩ་འཛུགས་བྱས་པའི་ཁྲིམས་ཀྱིས་མཐོ་སྒང་ལ་ཕན་པ་བསྐྲུན་པ་དང་། བརྩེ་བས་རྨ་འབྲི་རྫ་གསུམ་ལ་དྲོད་འཁོལ་སྦྱིན་ཞེས་པ་དང་བརྒྱད་ལྔ་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གྱི་དཔེ་མཚོན་གྱོད་གཞིའི་ལག་ལེན་དྲིལ་སྒྲོག་བྱེད་སྒོ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བཅའ་ཁྲིམས་ཀྱི་སྤྱི་ཕན་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་དང་ཁྲིམས་ལུགས་སློབ་པ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་དྲ་དངོས་སུ་ཁྲིམས་ལུགས་སློབ་པ་དང་ཁྲིམས་ལུགས་སྤྱོད་པའི་ཚོད་རྒྱུགས་སོགས་ཞིབ་ཕྲའི་ནང་དོན་བཅུ་དྲུག་འདུས་ཡོད།

རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར་སྐབས་སུ། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་གཞུང་སྒྲུབ་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བཅས་ཀྱིས་ཕྱོགས་བསྡུས་འཕྲིན་ལམ་དང་། ཚོགས་དང་ཁྲིམས་སྐྱོང་འཕྲིན་ལམ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་སྟོབས་ཤུགས་ཏེ2025ལོའི་ཁྲིམས་སྐྱོང་མི་སྣའི་ལེ་ཚན་གཏོང་རྒྱུ་རེད། དེ་དང་མཉམ་དུ། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཁྱིམ་ཚང་ཁྲི་ལྷག་ལ་རྩ་ཁྲིམས་བརྒྱུད་སྒྲོག་དང་། རྨ་ཙོང་གི་བསྐྱོད་པ་དགུའི་དམངས་ཕན་གཅིག་བསྡུས་དྲིལ་སྒྲོག་ལ་རྩ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ། རྩ་ཁྲིམས་ཤེས་རྟོགས་དང་ལག་ལེན་བརྒྱུད་ནས་རྩ་ཁྲིམས་སྲུང་བ་སྟེ་རྩ་ཁྲིམས་ཁང་དུ་བསྐྱོད་པ་སོགས་མུ་འབྲེལ་བརྗོད་དོན་བྱ་འགུལ་རིགས་ཆེན་མོ་བརྒྱད་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ་ཁྲིམས་སྐྱོང་གི་གསོལ་སྟོན་ཆེན་མོ་ཞིག་བཤམས་པ་དང་། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རིགས་མི་འདྲ་བའི་སྤྱི་བའི་བྱེད་སྒོ་སྤེལ་སའི་གློག་རྡུལ་བརྙན་རིས་དང་། ཚོང་ར་དང་མགྲོན་ཁང་གིLEDའཆར་ངོས་སོགས་སུ་དྲིལ་སྒྲོག་བརྙན་གཟུགས་དང་སྤྱི་ཕན་བརྡ་ཁྱབ། དྲིལ་སྒྲོག་སྦྱར་ཡིག་སོགས་བརྒྱུད་དེ། འཆར་ངོས་ཁྲི་ཡི་མཉམ་འགུལ་དྲིལ་སྒྲོག་རྣམ་པ་གྲུབ་པར་བྱེད་ཅིང་། ཁྲིམས་སྐྱོང་དྲིལ་སྒྲོག་གི་ཤུགས་རྐྱེན་ཇེ་ཆེར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།