ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་བསྟན་ཡོད། ནང་སོག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་ལག་ལེན་ཏུ་བསྟར་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་མུ་མཐུད་ཇེ་བརྟན་དུ་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་ཆེར་བཏང་།
མིག་སྔར། ནང་སོག་གི་ཨ་ཨར་ཧྲན་གྱི་མུའུ་ཁྲི7ཡོད་པའི་སྟར་བུ་སྨིན་ཡོད། སྟར་བུའི་ནགས་ཚལ་འདི་ནི་ས་གནས་དེ་གས་རྨོ་བསྐྱུར་ནགས་སྐྱོང་ལག་བསྟར་བྱས་རྗེས། གསར་སྦོལ་བྱས་ཟིན་པའི་ནགས་ས་དང་ཐང་རྒོད་བེད་སྤྱད་ནས་བསྐྲུན་པའི་སྟར་བུའི་སྐྱེ་ཁམས་ནགས་ཚལ་ཞིག་ཡིན། ད་ལོར། མུའུ་རེའི་སྟར་བུ་ཐོན་ཚད་སྔོན་དཔག་བྱས་ན་སྤྱི་རྒྱ700ལས་བརྒལ་ཡོད།
ནང་སོག་ཞིན་ཨན་མུན་ཨ་ཨར་ཧྲན་གྲོང་ཁྱེར་གྱི་སྟར་བུ་འདེབས་འཛུགས་མཁན་མུན་ནན་གྱིས་བཤད་རྒྱུར། སྟར་བུས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཀྱང་ཡིན། ལོ་འདི་དག་གི་རིང་ལ། ཨ་ཨར་ཧྲན་གྱིས་སྔོ་ལྗང་གི་རི་ཆུ་ལ་སྲུང་སྐྱོབ་བྱས་པས་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་ཡོད་ཟེར།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ནང་སོག་ལྗོངས་ཡོངས་སུ་བསྡོམས་པས་ནགས་བསྐྲུན་མུའུ་བྱེ་བ་གཉིས་ས་ཡ་བདུན་བརྒྱད་འབུམ་ལྔ་ཁྲི་དང་། རྩྭ་མུའུ་དུང་ཕྱུར1ལྷག བྱེ་འགོག་བྱེ་བཅོས་མུའུ་བྱེ་བ་དྲུག་ས་ཡ་དྲུག་བརྒྱད་འབུམ་བརྒྱད་ཁྲི་ལེགས་འགྲུབ་བྱུང་ཡོད། ནགས་ཁེབས་ཚད21.98%ལ་མཐོ་རུ་ཕྱིན་ཡོད་པ་དང་། སྐྱེ་ཁམས་བདེ་འཇགས་ལྕགས་རིའི་བྱེད་ནུས་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལས་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་སྤེལ་ནས། “བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་དགོས་པ་བཏོན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྗེས་མར། ནང་སོག་གིས་བྱེ་བཅོས་དང་འགོག་བཅོས། དོ་དམ་སྲུང་སྐྱོབ། བེད་སྤྱོད་བཅས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་ཇེ་བརྟན་དུ་བཏང་སྟེ། ངེས་པ་དོན་གྱིས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་ཇེ་བརྟན་དུ་གཏོང་རྒྱུ་རེད།
ནང་སོག་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་གོ་ཆིང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་ཚེ། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སྤྱི་འདོམས་བྱས་ཏེ། ནགས་རྩྭའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། ནགས་རྩྭའི་ཐོན་ཁུངས་རྒྱུན་རྣམ་ཅན་གྱི་དོ་དམ་སྲུང་སྐྱོབ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མཇུག་བར། “བྱང་གསུམ”བཟོ་སྐྲུན་གྱི་དུས་རིམ་དྲུག་པའི་འཆར་འགོད་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་དངོས་ཀྱིས་མེས་རྒྱལ་བྱང་རྒྱུད་ཀྱི་སྔོ་ལྗང་གི་རི་ཆུ་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ཡིན་ཟེར།