རང་ཞིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་བསྟན་ཡོད། མཚོ་སྔོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། “སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་མུ་མཐུད་ཇེ་བརྟན་དུ་བཏང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་ཆེར་བཏང་།

མཚོ་སྔོན་ཟི་ལིང་དུ། ཉིན་འདི་དག་ལ་རྒྱལ་ཁོངས་འགྱུར་ལྡོག་བརྟག་དཔྱད་དང་། ནགས་ཚལ་དང་རྩྭ་ཐང་། བརླན་ས། བྱེ་ཐང་བཅས་བརྟག་དཔྱད་ལྟ་ཞིབ་ཚད་ལེན་བྱ་བ་སྒྲུབ་བཞིན་ཡོད། ལས་སྒྲུབ་མི་སྣས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་དང་ཡུལ་དངོས་སུ་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་བརྒྱུད། སྔོ་ཁེབས་རིགས་དང་རྒྱལ་ཁོངས་ལྗང་སྒྱུར་བར་སྟོང་སོགས་ཀྱི་ཆ་འཕྲིན་འགུལ་རྣམ་གསར་སྒྱུར་བྱས་ཏེ། རི་ཆུ་ནགས་ཞིང་། མཚེའུ། བྱེ་ཐང་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པར་རྨང་གཞིའི་གཞི་གྲངས་འདོན་སྤྲོད་བྱས།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནུབ་བྱང་རྟོག་ཞིབ་འཆར་འགོད་གླིང་གི་མཐོ་རིམ་བཟོ་སྐྲུན་པ་ཝང་ཨའོ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་ང་ཚོར་ཁ་ཕྱོགས་གསལ་བོ་བསྟན་ཡོད། ང་ཚོས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྲངས་རིག་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཡོངས་ཀྱི་ནུས་པ་ཇེ་མཐོར་བཏང་ཞིང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱིས་སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་འདེགས་སྐྱོར་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་བསྒྲུབ་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས།

སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་ཇེ་བརྟན་དུ་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ། མཚོ་སྔོན་གྱིས་རྒྱལ་ཁོངས་ལྗང་བསྒྱུར་བསྡོམས་པས་མུའུ་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་གསུམ་ཁྲི་གསུམ་དང་སྟོང་ལྔ་དྲུག་བརྒྱ་ལེགས་འགྲུབ་བྱུང་ཡོད་པ་དང་། དེའི་ཁྲོད་ནགས་བསྐྲུན་མུའུ་བྱེ་བ་གཅིག་འབུམ་གཅིག་ཁྲི་དགུ་སུམ་བརྒྱ་དང་རྩྭ་ཐང་མུའུ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཅིག་ཁྲི་བཞི་སྟོང་ལྔ་སུམ་བརྒྱ་ཉམས་གསོ་བཅོས་སྐྱོང་བྱས་ཡོད་པས། ནགས་རྩྭའི་ཕྱོགས་བསྡུས་སྔོ་ཁེབས་ཚད60%ལས་བརྒལ་ཡོད།  ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་མུ་མཐུད་དུ་ཇེ་མཐོར་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ། ཀྲའོ་ཧའེ་ལུང་གིས “ལོ་ལྔའི་འཆར་འགོད་བཅོ་ལྔ་བར”རྒྱང་ལྟ་བྱས་ཚེ། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ། “རི་གཉིས”ཀྱི་འདུ་ཤེས་ལག་ཏུ་བསྟར་ཏེ། དུས་རབས་གསར་པའི“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་དམག་འཐབ་དམ་འཛིན་ཡག་པོ་བྱས་ནས། ང་ཚོའི་ལྗང་མདོག་ཁྱིམ་གཞིས་སྔར་ལས་ཇེ་བརྟན་དང་ཐོན་ཁུངས་དོ་དམ་སྔར་ལས་ཕན་འབྲས་ལྡན་པ། ནགས་རྩྭའི་ཐོན་ལས་སྔར་ལས་དར་རྒྱས་བཅས་བཏང་ཡོད་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།