ཟླ11པའི་ཚེས21ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང(མཚོ་སྔོན་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་ལས་དོན་གཞུང་སྒྲུབ་ཁང)གི་ཀྲུའུ་རིན་ཡན་ཀའོ་ཀུའོ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ལི་ཀོང་པིན། ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ལི་ཡུས་ཧྥེང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འགོ་གཙོ་གཞོན་པ་བློ་བཟང་། མཚོ་སྔོན་སློབ་ཆེན་གྱི་སྒྲིག་ཨུའི་ཧྲུའུ་ཅི་ཁྲེན་ཨའེ་རྨིན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོའི་ལས་རོགས་པ་ཞུའེ་ལེན། “སྲིད་གཙང་སྤྱོད་གཙང”གཞུང་ལུགས་སྒྲོག་འགྲེལ་ལས་སྒྲུབ་ཁང་གི་འགན་ཁུར་བ་ལྷ་རྒྱལ་བཀྲ་ཤིས་སོགས་སོ་སོ་ནས་ཞིང་ཆེན་རྩིས་བཤེར་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན(ཞིང་ཆེན་སྲིད་གཞུང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང)མཚོ་སྔོན་མི་རིགས་སློབ་ཆེན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སོགས་སུ་སོང་ནས་གཅིག་བསྡུས་སྒྲོག་བཤད་བྱས།
སྒྲོག་བཤད་ཚོགས་པའི་ཁོངས་མིས་མཚོ་སྔོན་འཕེལ་རྒྱས་ཀྱི་དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་། མཛུབ་སྟོན་བྱེད་ཕྱོགས། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན། དེ་མིན་ནུས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་སོགས་ཀྱི་ཐད་ལ་དམིགས་ནས། སྒྲོག་བཤད་གཏིང་ཟབ་དང་ཕྱོགས་ཡོངས་ནས་འགྲེལ་ཀློག་བྱས། སྒྲོག་བཤད་བྱ་ཡུལ་དུ་ཚོགས་ཞུགས་མི་སྣས་སྐབས་རེར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། སྐབས་རེར་ཟིན་ཐོ་འགོད་པ། སྐབས་རེར་བསམ་གཞིགས་གཏོང་བཞིན་ཡོད་པས། ཚོགས་ར་ཧྲིལ་བོར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་ཡོད།
“སྙན་ཞུ་ཧྲིལ་བོའི་ནང་དོན་ཕུན་སུམ་ཚོགས་པ་དང་། གནད་ལ་འཁེལ་ཞིང་གཏིང་ཟབ་པས། གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཟབ་ཚད་ཀྱང་ཡོད།”ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ལས་རིགས་བདེ་ཐང་ཁྲུའུ་ཡི་ཁྲུའུ་ཀྲང་ལིའུ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་དངོས་སྒྲུབ་བྱ་སྤྱོད་དུ་བསྒྱུར་ནས། “མི་དམངས་ཀྱི་བདེ་ཐང་གཙོར་འཛིན་པ”ཡི་ཐོག་མའི་དམ་བཅའ་བརྟན་སྲུང་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་ནམ་རྒྱུན་གྱི་ལས་ཀའི་ནང་མཉམ་འདྲེས་བྱས་ཏེ། ལས་གནས་ལ་རྐང་ཚུགས་ནས། “ཚད་མཐའ་དང་མཐར་སོན”གྱི་བསམ་གཞིགས་ཤུགས་ཆེ་རུ་གཏོང་བ། མཐོ་སྒང་གི་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་པ། ལས་ཀའི་རྨང་གཞི་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་སྔོན་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་འཕྲོད་བསྟེན་བདེ་ཐང་དང་སྨན་བཅོས་འཕྲལ་སྡོམ་བྱ་བ་འབད་པས་ལེགས་པར་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་འགན་སྲུང་བྱ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཀྲང་ཀྲི་རྨིན་གྱིས་སྒྲོག་བཤད་ལ་ཉན་པ་དེས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དགོངས་དོན་གྱི་ངོ་བོར་ངོས་ཟིན་དེ་བས་གསལ་པོ་བྱུང་བ་དང་། རླབས་ཆེན་དམིགས་འབེན་གྱིས་མི་རྣམས་ལ་སྐུལ་མ་ཐེབས་པ་དང་། དུས་རབས་ཀྱི་ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པའི་ཚོར་སྣང་དེ་བས་ཤུགས་དྲག་ཡིན། ཁོས་དེང་ཕྱིན་ཆབ་སྲིད་ཀྱི་ལངས་གནས་སྔར་བས་ཇེ་མཐོར་བཏང་སྟེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློའི་ངེས་ཤེས་བསྐྱེད་པ་དང་། རྒྱུད་རིམ་ལྡན་པའི་བསམ་གཞིགས་བཏང་ནས་དཀའ་གནད་སེལ་བ། སྤྱོད་སྟངས་བཟང་པོ་ལ་བརྟེན་ནས་འགན་ཁུར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབད་པས་ཞབས་འདེགས་ཞུ་བའི་ཁྲོད་དུས་རབས་གསར་པའི་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
“སྒྲོག་བཤད་ལ་ཉན་རྗེས་ངའི་སེམས་པ་དྲོད་ཀྱིས་ཁེངས་སོང་།”རྒྱུད་སྨད་གྲོང་རྡལ་གྱི་མང་ཚོགས་འཐུས་ཚབ་སངས་རྒྱས་སྐྱབས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཚང་འཛོམས་གྲོས་ཚོགས་ལས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གླེང་བ་དེར་ང་ཚོའི་འབྲོག་པ་རྣམས་ཀྱིས་རེ་སྒུག་ཆེན་པོ་བྱས་ཡོད། ད་ལྟ་འབྲོག་པ་ཚོའི་འཚོ་བར་གནམ་ས་བརྗེ་བའི་འགྱུར་ལྡོག་བྱུང་བ་དང་། སྡེ་བའི་མཉམ་ལས་ཁང་ཇེ་རྒྱས་ཇེ་ལེགས་སུ་སོང་ནས་ང་ཚོའི་ཡོང་འབབ་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། ཏང་གི་རྗེས་སུ་འབྲངས་ན་འཚོ་བ་སྔར་ལས་ལེགས་པ་དང་། རྩྭ་ཐང་སྔར་ལས་མཛེས་སྡུག་ལྡན་པ། ང་ཚོའི་འཚོ་བ་སྐལ་བཟང་མེ་ཏོག་དང་འདྲ་བར་མཛེས་ཤིང་སྡུག་པར་བཞད་ངེས་ཡིན་པར་ཡིད་ཆེས་ཡོད།