ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགས་ནས་བཅར་འདྲི་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11པའི་ཚེས14ཉིན། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཞིང་ཆེན་ས་ཡོམ་ཅུའུ་དང་། ལུས་རྩལ་ཅུའུ། སྨན་བཅོས་འགན་སྲུང་ཅུའུ་སོགས་སུ་སོང་ནས་བཅར་འདྲི་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་རུ་ས་ཡོམ་གནོད་འཚེའི་ཉེན་ཁ་ཁྱབ་བཤེར་གྲུབ་འབྲས་འགྲེམ་སྟོན་སྟེགས་བུ་རུ་ཞིབ་ལྟ་བྱས་ཤིང་། ཡོམ་འགོག་གནོད་འཕྲིའི་ལས་དོན་སྤེལ་བའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དབྱིན་མཱ་སྲང་ལམ་གྱི་ཧྲང་པིན་ཧི་ལམ་གཞིས་ཁུལ་དུ། དམངས་ཡོངས་ལུས་སྦྱོང་སོགས་ལས་དོན་གཞིས་ཁུལ་དུ་འཁོར་སྐྱོད་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ལས་ཁུངས་དུ་སྨན་བཅོས་འགན་སྲུང་སྲིད་ཇུས་གཏན་འཁེལ་དངོས་འབེབས་གནས་ཚུལ་ལ་རྒྱུས་ལོན་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། རང་ཞིང་གི་ས་ཡོམ་དང་ལུས་རྩལ། སྨན་བཅོས་འགན་སྲུང་སྡེ་ཁག་བཅས་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འགན་ནུས་སྡེ་ཁག་གཙོ་བོ་ཡིན་པའི་ཆ་ནས། ལས་དོན་ཁག་སོ་སོ་ནུས་མཐོའི་སྒོས་སྤེལ་ཏེ། བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་ཁེབས་པར་བྱེད་དགོས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྲོག་ཤིང་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་། ལག་ལེན་བླང་བྱ་གནད་འཁེལ་སྒོས་ཁོང་དུ་ཆུད་པར་བྱས་ནས། རང་ཞིང་གི་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། ཁ་གཏད་འབྲེལ་གཏུག་ལས་ཁུངས་ཀྱིས་བྱ་བའི་འཕེལ་རིམ་དུས་ལྟར་ཁྱབ་བསྒྲགས་བྱེད་པ་དང་། དཀའ་གནད་གནད་དོན་ཕྱིར་བཏོན་ནས། རང་འགུལ་གྱིས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང་དམ་དུ་སྦྲེལ་བ་དང་། རང་ཞིང་གི་འཕེལ་རྒྱས་དོན་དངོས་ལ་རྐང་འཛུགས་པ། རྟོག་ཞིབ་དཔྱད་གླེང་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་འཛུགས་ཀྱི་ཁ་གཏད་རང་བཞིན་དང་མ་ལག་རང་བཞིན། སྤྱོད་འཐུས་རང་བཞིན་བཅས་ལ་དོ་སྣང་བྱེད་པ། རང་ཞིང་གི་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་བཟང་པོ་དང་བཅོས་སྐྱོང་ལེགས་པོར་བརྟེན་ནས་སྤྱི་ཚོགས་འཛུགས་སྐྲུན་གོ་རིམ་ལྡན་པར་སྤེལ་བར་འགན་སྲུང་བྱེད་དགོས། རྩོད་སྒྲུབ་འབྲེལ་བར་ལྟ་སྐུལ་དང་རྒྱབ་སྐྱོར་བྱ་བ་ཐག་གཅོད་ཡང་དག་བྱས་ཏེ། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གནད་དོན་དུས་ལྟར་ཤེས་རྟོགས་བྱེད་པ། བཅོས་སྒྱུར་བསམ་ཚུལ་འདོན་པ། ཞིང་ཆེན་ཐད་གཏོགས་འགན་ནུས་སྡེ་ཁག་གིས་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་། དག་ཐེར་དངོས་འབེབས་བྱས་ཏེ། ལྟ་སྐུལ་གྱི་གནོན་ཤུགས་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།