གཅན་ཚ་བཀྲ་བྷོའི《རིག་གནས་བརྡ་རྟགས་དངུལ་དཀར་མེ་ལོང》པར་སྐྲུན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིསརིག་གནས་བརྡ་རྟགས་དངུལ་དཀར་མེ་ལོངཞེས་པའི་དཔེ་དེབ་པར་དུ་བསྐྲུན། དེབ་འདི་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་ཚ་བཀྲ་བྷོ་ལགས་ཀྱིས་ལོ་ངོ་མང་པོའི་དཔེ་ཀློག་དང་སློབ་ཁྲིདཞིབ་འཇུག་གི་བརྒྱུད་རིམ་ལས་བྱུང་བའི་དཔྱད་འབྲས་ཤིག་ཡིན་ལ། བོད་ཀྱི་རིག་གནས་བརྡ་རྟགས་ཕྱོགས་བསྡུས་ཀྱིས་མ་ལག་ཅན་དུ་བྱས་པའི་དཔེ་དེབ་རྒྱས་ཤོས་དང་ཐོག་མ་དེ་ཡང་ཡིན། དེབ་ཧྲིལ་བོ་ཁ་དོག་དང་མཚོན་དོན། དབྱིབས་གཟུགས་དང་མཚོན་དོན། རྒྱན་གོས་དང་མཚོན་དོན། སྡོད་ཁང་དང་མཚོན་དོན། རྒྱན་རིས་དང་མཚོན་དོན། སྔགས་ཆས་དང་མཚོན་དོན། ཕྱག་རྒྱ་དང་མཚོན་དོན། མཆོད་རྫས་དང་མཚོན་དོན། གར་སྟབས་དང་མཚོན་དོན་སོགས་ཁྱོན་ལེའུ་བཅོ་ལྔ་ཡིས་གྲུབ་ཡོད་ཅིང་། རྩོམ་པ་པོས་བོད་ཀྱི་སྲོལ་རྒྱུན་རིག་གནས་བརྡ་རྟགས་ཕུན་སུམ་ཚོགས་པ་དེ་དག་ལ་རིགས་དང་དབྱེ་བ་བཀར་ཏེ་ཡིག་རིས་སྦྲགས་མའི་ལམ་ནས་དེ་དག་གི་མཚོན་དོན་དང་བྱེད་ནུས་སོགས་ཞིབ་ཏུ་ངོ་སྤྲོད་བྱས་ཡོད་པས་གབ་པ་མངོན་དུ་ཕྱུང་བའི་ཁྱད་ཆོས་ཡོད་པ་དང་། ངོ་སྤྲོད་དག་ཀྱང་བཤད་རྒྱུན་ཙམ་དུ་མ་ལུས་པར་བོད་ཀྱི་གཙུག་ལག་རིག་གནས་ལ་ཁུངས་བཅོལ་ཡོད་པས་ཡིད་རྟོན་འཕེར་བའི་ཁྱད་ཆོས་ལྡན་པ། རྗོད་བྱེད་ཚིག་ལ་དོན་གྱི་གནད་འབྱིན་པ་དང་ཡིད་འཁུལ་བའི་ཉམས་ཀྱིས་ཕྱུག་པས་ཀློག་སྤྲོ་བ་དང་འཛིན་བདེ་བའི་ཁྱད་ཆོས་ཡོད་པ་བཅས། མདོར་ན། དེབ་འདིས་དེང་རབས་ཀྱི་རིག་ཚན་གསར་བའི་ཞིབ་འཇུག་བྱེད་ཐབས་སྤྱད་དེ་བོད་ཀྱི་རིག་གནས་བརྡ་རྟགས་ཀྱི་སྤྱི་ཁོག་ཕུབ་ཅིང་གཞུང་ལུགས་མ་ལག་གི་ལམ་བུ་ཞིག་བཏོད་ཡོད་པས། བོད་ཀྱི་དམངས་ཁྲོད་རིག་གནས་དང་གཙུག་ལག་རིག་གནས་ལ་ཉམས་ཞིབ་བྱེད་མཁན་དག་གི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་བརྡ་རྟགས་རིག་གནས་ཀྱི་གཞུང་ལུགས་དང་མ་ལག་གི་རྩ་བ་ཚུགས་བྱེད་ཀྱི་རྨང་རྡོ་ལྟ་བུ་གྱུར་ཡོད་དོ། ། 

ངོ་སྤྲོད་མདོར་བསྡུས།  

མིང་དངོས་ལ་གཅན་ཚ་བཀྲ་བྷོ་དང་སྨྱུག་མིང་ལ་གཅན་ཉི་གཞོན་ཟེར་ཞིང་། སྤྱི་ལོ1962ལོར་གཅན་ཚ་རྫོང་ཚོ་དྲུག་ཡུལ་ཚོ་གནམ་གོང་བ་སྡེ་བ་རུ་སྐྱེས། ཆུང་དུས་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་བྱུང་སྟེ། སློབ་གྲྭ་ཆུངའབྲིང་རིམ་གྱིས་མཐར་ཐོན་པ་སྟེ།  1978ལོའི་ཟླ་བདུན་པ་ནས1982ལོའི་ཟླ་བདུན་པའི་བར་དུ་རྨ་ལྷོ་མི་རིགས་དགེ་འོས་སློབ་གྲྭ་ནས་སློབ་གཉེར་བྱས་པ་དང་། 1982ལོའི་ཟླ་བདུན་པ་ནས1987ལོའི་ཟླ་བདུན་པའི་བར་དུ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་གྱི་འགན་ཁུར།   1987ལོ་ནས1991ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་ནས་སློབ་གཉེར་བྱས། སློབ་ཆེན་མཐར་ཕྱིན་པའི་ལོ་དེ་ནས་ད་རག་བར་དུ་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་གྱི་འགན་ཁུར་ལ། སྔ་གཞུག་ཏུ་པེ་ཅིན་དགེ་ཐོན་སློབ་ཆེན་དང་། པེ་ཅིན་སློབ་ཆེན་སོགས་ནས་འཛམ་གླིང་ལོ་རྒྱུས་རིག་པ་དང་དམངས་སྲོལ་རིག་པར་སློབ་གཉེར་བྱས་ཤིང་སྦྱངས་འབྲས་ཀྱང་མི་དམན་པ་བླངས། དེ་ནས་སློབ་གྲྭ་དེ་གའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག་དང་དམངས་སྲོལ་རིག་པའི་ཞིབ་འཇུག་ཁ་ཕྱོགས་ཀྱི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  སློབ་ཁྲིད་གཙོ་བོ་དང་ཞིབ་འཇུག་གི་ཁ་ཕྱོགས་ནི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་པ་ཡིན། ལོ་ངོ་སུམ་ཅུ་ལྷག་གི་སློབ་ཁྲིད་ཀྱི་ཞོར་དུབོད་ཀྱི་ཆོས་ལུགས་དམངས་སྲོལ་གྱི་སྣོད་བཅུད་བཏང་སྙོམས་ཐད་ཀྱི་བསམ་བློཞེས་པ་དང་།བོད་བཙན་པོའི་སྐབས་ཀྱི་དམག་ཆས་དང་དེས་ཤན་ཤུགས་ཐེབས་པའི་ད་ལྟའི་དམངས་སྲོལ་སྣང་ཚུལཞེས་པ་སོགས་དཔྱད་རྩོམ64ཙམཀྲུང་གོའི་བོད་རིག་པདང་།བོད་ལྗོངས་ཞིབ་འཇུགབོད་ཀྱི་དམངས་སྲོལ་ཞིབ་འཇུགསོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་དག་ཏུ་སྤེལ་པ་དང་། བརྩམས་དེབ་ལདམངས་སྲོལ་རིག་པའི་སྤྱི་དོནདང་དམངས་སྲོལ་འཚོལ་སྡུད་དང་ཞིབ་འཇུགམཚོ་སྔོན་བོད་རྒྱ་མཉམ་སྡོད་ས་ཁུལ་གྱི་དམངས་ཁྲོད་དད་མོས་ཞིབ་འཇུགརིག་གནས་བརྡ་རྟགས་དངུལ་དཀར་མེ་ལོངསོགས་རང་ཉིད་ནས་བརྩམས་པའི་དཔེ་དེབ5དང་། གཞན་དང་མཉམ་འབྲེལ་གྱིསབོད་སྤྱི་བཤདདང་།བོད་ཀྱི་དམངས་ཁྲོད་གླུ་གརམཚོ་བོད་མཐོ་སྒང་གི་རི་ཆུ་རིག་གནས་མཚོ་ཤར་གླེགས་བམསོགས་བརྩམས་དེབ4བཅས་བསྡོམས་པས་དཔེ་དེབ9ཙམ་འགྲེམ་སྤེལ་བྱས་ཤིང་། ཉེ་བའི་ལོ་དག་ལ་རང་ཉིད་ཀྱིས་མགོ་འཛིན་བྱེད་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཉིས་ཡོངས་འགྲུབ་དང་གཅིག་ད་ལྟར་འགྲུབ་ལེར་ཡོད་ལ། ལས་གཞི་གཞན་གསུམ་ལ་རོགས་སྒྲུབ་ཡོངས་གྲུབ་དང་གཅིག་ལ་རོགས་སྒྲུབ་བྱེད་ཀྱི་ཡོད།

གཞན་ལོ་འདི་གའི་རིང་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དང་། རླུང་འཕྲིན་ཁང་སོགས་ཀྱིས་རེ་བ་དང་གདན་ཞུ་ལྟར་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་འཆད་ཁྲིད་དང་དཔྱད་གླེང་ཐེངས25ཙམ་བྱས་མྱོང་ཞིང་། དེ་མ་ཟད། ལོ་འདི་འགའི་རིང་ལ་རིག་གཞུང་ཞིབ་འཇུག་ཐད་དང་སློབ་ཁྲིད་ཐད་ནས་ཞིང་ཆེན་རིམ་པ་སོགས་ཀྱི་བྱ་དགའ་དང་མཚན་སྙན་ཡང་གསུམ་ཙམ་ཐོབ་མྱོང་།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།