བློ་རྩེ་གཅིག་ཏུ་བསྒྲིམས་ནས་འཕེལ་རྒྱས་དོན་གཉེར་བྱེད། རང་འཁྲིའི་ལས་ལ་གཞོལ་ཏེ་རྣམ་པ་གསར་པ་གཏོད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས19ཉིན་ནས་ཚེས20ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཙེང་ཀང་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་འགན་ཀྲུའུ་ཞི་གཞོན་པ་མ་ཁྲང་ཏི། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་མོའུ་ཡུས་ཚང་། རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་མཚོ་སྔོན་ཡན་ལག་སློབ་གླིང་གི་གླིང་གཙོ་ཟུར་པ་མ་ཐེན་ཧྲན།  “སྲིད་གཙང་སྤྱོད་གཙང”གཞུང་ལུགས་སྒྲོག་འགྲེལ་ལས་སྒྲུབ་ཁང་གི་འགན་ཁུར་པ་ལྷ་རྒྱལ་བཀྲ་ཤིས་བཅས་སོ་སོ་ནས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་ཞིང་ཆེན་ཆུ་བེད་ཐིན།    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་སོགས་སུ་སོང་ནས་གཅིག་བསྡུས་སྒྲོག་བཤད་བྱས།

སྒྲོག་བཤད་ཁོངས་མིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་པའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་གཏིང་ཟབ་བྱས་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་སོགས་ལ་ཡང་དག་དང་ཕྱོགས་ཡོངས་ནས་གོ་བ་ལེན་པའི་ཐད། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་འགྲེལ་བཤད་དང་འགྲེལ་ཀློག་གཏིང་ཟབ་བྱས་ཡོད། སྒྲོག་བཤད་བྱེད་སྒོའི་ཡུལ་དངོས་རྣམ་པ་སྤྲོ་སེམས་ཁོལ་བ་དང་། ཐལ་མོ་རྡེབ་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས། ལས་བྱེད་མང་ཚོགས་ཀྱིས་ནན་ཏན་གྱིས་ཉན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་མྱོང་ཚོར་བྱས།

“སྒྲོག་བཤད་རིག་ལམ་གསལ་བ་དང་། སྐད་ཆ་གསོན་ཉམས་ལྡན་པ། གཙོ་གནད་འབུར་དུ་ཐོན་པ། ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད།” ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་ཞའོ་ཅ་ཉིང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བྱ་བའི་ལས་རྐང་ལ་རྐང་ཚུགས་ནས་རང་འགུལ་ངང་བྱས་རྗེས་བཞག་སྟེ། བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྱོང་གི་དམིགས་འབེནལ་གཞིགས་ནས། “ཆབ་སྲིད་ཐོག་ནས་བལྟ་བ་དང་། ཁྲིམས་སྐྱོང་ཐོག་ནས་སྒྲུབ་པ།” ཆབ་སྲིད་བྱང་ཚད་དང་། ལས་སྒོའི་བྱང་ཚད། ལས་རིགས་ཀུན་སྤྱོད་ཀྱི་བྱང་ཚད་འཛུགས་སྐྱོང་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་སྟེ། བློ་དཀར། སྤྱོད་གཙང་། འགན་ཁུར་བཅས་ཀྱི་ཁྲིམས་ཁང་གི་ཧྲག་དམག་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

“སྒྲོག་བཤད་གོ་བདེ་ཞིང་འགྲེལ་ཀློག་གཏིང་ཟབ་པ་དང་། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་ཁོང་དུ་ཆུད་པར་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས་ཡོད།” མཚོ་ནུབ་ཁུལ་ཏང་ཨུའི་འཆད་ཁྲིད་དགེ་རྒན་ཚོགས་པའི་འགན་ཁུར་བ་ཀྲང་ཧུང་མེ་ཡིས་ཕྱོགས་ཡོངས་ནས་རྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་།    རྒྱུན་མཐུད་ངང་གཏིང་ཟབ་སློབ་སྦྱོང་། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལས་སྒྲུབ་དང་ལས་གཏོད་ཀྱི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ནས། རང་འཁྲིའི་ལས་གནས་ལ་རྐང་ཚུགས་ནས་བྱ་བའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ།    དངོས་གཉེར་སྤྱོད་ཚུལ་ལ་བརྟེན་ནས་ལས་འགན་རེ་རེ་དོན་འཁྱོལ་བྱས་ཤིང་། ཏང་གི་གསར་གཏོད་གཞུང་ལུགས“མང་ཚོགས་ཕལ་བའི་ཁྱིམ་དུ་སྒྲོག་པར”སྐུལ་འདེད་བཏང་།

“སྒྲོག་བཤད་ལ་ཉན་ནས་ལས་ཀའི་རིག་ལམ་ཇེ་གསལ་དང་། འབད་བརྩོན་གྱི་ཁ་ཕྱོགས་གསལ་བོར་གྱུར།” དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་གྲགས་པ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་རང་འཁྲིའི་ལས་ཀའི་བར་མཉམ་འདྲེས་གཏིང་ཟབ་དང་། གནད་དོན་གྱི་ཕྱོགས་སྟོན་དང་དམིགས་འབེན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་དཀའ་གནད་ཐག་གཅོད་དང་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ནས། དགའ་བདེ་རྫོང་གི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྱོང་ལ་རམ་འདེགས་བྱེད་པར་འབད་པས་སྟོབས་ཤུགས་འབུལ་དགོས་པར་འདོད།

“ཚང་འཛོམས་གྲོས་ཚོགས་ལས་གྲོས་འཆམ་བྱུང་བའི《གྲོས་གཞི》ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཆར་འགོད་རླབས་ཆེན་བཀོད་ཡོད་ལ། དུས་རབས་གསར་པའི་ན་གཞོན་གྱི་མདུན་སྐྱོད་ལ་ཁ་ཕྱོགས་གསལ་བོའང་བསྟན་ཡོད”མཚོ་སྔོན་དགེ་ཐོན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་སློབ་མ་ཝང་ཞུའེ་ཡིང་གིས་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་ཡོད་པར་བསམས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་བྱ་གཞག་ནང་འདྲེས་སུ་བཅུག་ནས། ཆེད་ལས་ཤེས་བྱ་ཡིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བགྲོད་ལམ་སྟེང་ལང་ཚོའི་བཀྲག་མདངས་མངོན་དུ་འཇུག་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།