མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་བཞི་ནུས་རྒུས་འཛུགས་སྐྲུན་དང་བེད་སྤྱོད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 མཚོ་སྔོན་གསར་འགྱུར་དྲ་བ·ཆུ་མགོའི་གསར་འགྱུར་འཕྲིན་ལམ་ནས་སྤེལ་བའི་འཕྲིན། ཟླ11ཚེས18ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་བའི་སྐུལ་སྤེལ་ཚོགས་འདུ་དང་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་ཁོངས་ཀྱི་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་མཚམས)གི་འཛུགས་སྐྲུན་གྱི་འགྲོས་མགྱོགས་ཤིང་བརྟན་ལ་ཕན་འབྲས་མངོན་གསལ་རེད། 

 མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་འཆར་འགོད་དེ“རྒྱུད1དང་། མཚམས18། ཁུལ26། གནས་མང་པོ”ཅན་གྱི་སྤྱིའི་བཀོད་པའི་ཁྲོད་བསྲེས་ཏེ། 《ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་མཚམས)འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད》སྒྲིག་བཟོ་པར་འགྲེམས་བྱས། 2022ལོ་ནས་བཟུང་། ཁྱོན་བསྡོམས་ལས་གཞི་ཆེ་བ10དང་ཆུང་བ22ལག་བསྟར་བྱས་ཤིང་། ཁྱོན་བསྡོམས་མ་དངུལ་དུང་ཕྱུར2.3བཏང་། དེ་དང་ཆབས་ཅིག ལྕགས་རི་རིང་པོ་བརྗོད་གཞི་བྱས་པའི་སྤུས་ལེགས་ཡུལ་སྐོར་ལམ་ཐིག4ཇུས་འགོད་འོས་སྦྱོར་བྱས་ཏེ།  རྟ་ཐང་གི་རི་བོ་ལའོ་དབྱི་ཧྲན་དང་སྤེན་མ་ལུང་བ་སོགས་ཡུལ་སྐོར་ལྗོངས་ཁུལ་སྐོར་ཞིག་གི་སྤུས་ཚད་མཐོར་འདེགས་ལ་སྐུལ་ཁྲིད་བྱས།

   མཚོ་སྔོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་སྔོན་སྤེལ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་ཆིའང་བོད་ཁུལ་ནུས་ཤུགས་ཡོད་རྒུས་བཏོད། 《འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང(མཚོ་སྔོན་མཚམས)སྲུང་སྐྱོབ་འཆར་འགོད》སྒྲིག་བཟོ་དང་། 《འབྲི་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན(མཚོ་སྔོན་མཚམས)ལག་བསྟར་ཇུས་གཞི》པར་འགྲེམས་ལ་སོགས་བྱས་ཏེ། སྲུང་སྐྱོབ་རྒྱུན་འཛིན་དང་། ཞིབ་འཇུག་སྔོག་འདོན།  ཁོར་ཡུག་ལེ་ལག་ཆ་ཚང་།  རིག་གནས་ཡུལ་སྐོར་མཉམ་འདྲེས།  གྲངས་ཀས་མངོན་སྟངས་བཅས་རྨང་གཞི་སྒྲིག་ཆས་གལ་གནད་ཆེན་པོ་ལྔ་གཅིག་གྱུར་འཆར་འགོད་ཐོག་ལག་བསྟར་བྱས་པ་མ་ཟད།  རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས(ཡུལ་ཤུལ)སྐྱེ་ཁམས་སྲུང་སྐྱོབ་ཁུལ་གསར་དུ་བཙུགས།

 མཚོ་སྔོན་ཞིང་ཆེན་བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་སྲུང་སྐྱོབ་འཆར་འགོད》པར་འགྲེམས་བྱས་པ་དང་། 《རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དར་སྤེལ་འཆར་འགོད》སོགས་བཏོན་ཏེ། “1+N+X”འཆར་འགོད་ཀྱི་སྲིད་ཇུས་མ་ལག་བཙུགས་ཤིང་། རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བཟོས་ནས་སྐུལ་འདེད་བཏང་། དེ་དང་ཆབས་ཅིག མ་དངུལ་སྣ་ཚོགས་དུང་ཕྱུར4.5བཏང་སྟེ། རྨ་ཆུ་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་སོགས་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི་ཁག180ལྷག་ལག་བསྟར་བྱས་པ་མ་ཟད། གནའ་བའི་ཁང་པ་དང་གནའ་ཤུལ། གསར་བརྗེའི་རིག་དངོས་དང་རྗེས་ཤུལ་ལ་སོགས་རིག་དངོས་ཞིག་གསོ་སྲ་བརྟན་དང་། འགོག་ཟོན་གསུམ་ལ་སོགས་པའི་རིག་དངོས་སྲུང་སྐྱོབ་ལས་གཞི་ཁག111ལག་བསྟར་བྱས།

 མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་མཚམས་འཛུགས་སྐྲུན་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤྱིའི་བཀོད་པའི་ནང་བསྲེས། ད་སྔའི་བར་དུ། མ་དངུལ་ཁྲི5325(སྤྱི་འཆར་འགོད་ལ་མ་དངུལ་དུང་ཕྱུར2.772)བཏང་སྟེ།《རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་མཚོ་སྔོན་མཚམས་འཛུགས་སྐྲུན་དང་སྲུང་སྐྱོབ་འཆར་འགོད》ཡི་ལས་གཞི་གལ་གནད་ཁག18ཁྲོད་ཀྱི་ལས་གཞི་ཁག6ལག་བསྟར་བྱས་ཡོད་དོ། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།