རྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་སྟེ《འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས》(འདོན་ཐེངས་གཉིས་པ)པར་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིུད་གཞུང་དྲ་བ།

ཉེ་ཆརལོ་ལྔའི་འཆར་གཞི་ཐེངས་བཅུ་བཞི་པའིརྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་དང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་ཆེད་དངུལ་རོགས་སྐྱོར་ལས་གཞིའཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས(འདོན་ཐེངས་གཉིས་པམཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

བོད་འགྱུར་དཔེ་ཚོགས་འདི་ལ་ཁྱོན་དེབ10ཡོད་ཅིང་།པཱ་ལི་འཕགས་མའི་ལྷ་ཁངདང་།དམར་པོ་དངནག་པོའདས་ལོག》《ལྗནཨེརསོགས་ཀྱིས་མཚོན་པའི་སྒྲུང་རིང་དེབ10ལས་གྲུབ། འདིར་འཁོད་པའི་བརྩམས་ཆོས་དག་ནི་འཛམ་གླིང་རྩོམ་སྟེགས་སུ་མཚན་སྙན་འབར་བའི་རྩོམ་མཁན་གྲགས་ཅན་ཨུ་ཀོ་དང་། སི་ཐང་ཏ། ལེ་ཧྥུཐྲོར་སི་ཐེ། ཧྲ་ལོ་ཐྲིབྷི་རོན་ཐྲི། ཧོ་ནོ་རེདེབལ་ཟག། ཇེནཨོ་ཋིན། ལྕམ་ཟི་ཏྲོ། ཡོ་ཧནསི་ཐན་པེ་ཁོ། ཐོ་མཱ་སེཧར་ཐེ། ཀུའོ་ཀོ་ལི་སོགས་ཕྱི་གླིང་རྩོམ་རིག་གི་དེད་དཔོན་དུ་ཁས་འཆེས་པ་དག་གི་འཐུས་ཚབ་བརྩམས་ཆོས་སམ འཛམ་གླིང་རྩོམ་རིག་གི་གར་སྟེགས་སུ་ཀུན་གྱིས་ཚད་མར་འཛིན་པའི་རྩོམ་རིག་བརྩམས་ཆོས་འབའ་ཞིག་ཡིན།འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགས(འདོན་ཐེངས་དང་པོ)ནིལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའིརྒྱལ་ཁབ་ཀྱི་གནད་ཆེའི་དཔེ་དེབ་པར་སྐྲུན་འཆར་འགོད་ལས་གཞི་ཡིན་པ་དང་། ཁྱོན་དེབ20ཡོད་ཅིང་། 2022ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས། ཐེངས་འདིའི་སྒྲུང་རིང་དེབ10ཡི་བོད་འགྱུར་ལོ་ཙཱ་བ་ཕལ་ཆེ་བ་ནི་བོད་འགྱུར་དཔེ་ཚོགས་ཁག་དང་པོའི་ལོ་ཙཱའི་བྱ་བར་ཞུགས་མྱོང་བ་དང་། ཁོང་ཚོ་ནི་བོད་ཀྱི་རྩོམ་རིག་གསར་རྩོམ་དང་སྐད་གཉིས་ལོ་ཙཱའི་སྡེ་རུ་སྐད་གྲགས་ཆེ་ཞིང་གྲུབ་འབྲས་འབུར་དུ་ཐོན་པའི་རྩོམ་པ་པོ་དང་ལོ་ཙཱ་བ་འབའ་ཞིག་ཡིན་ལ། ཁོང་ཚོ་ནི་རང་གི་རིག་གནས་ལ་གློ་བ་དཀར་ཞིང་སྐད་གཉིས་ཀྱི་ལོ་ཙཱའི་བྱ་བ་ལ་གཟབ་ནན་གྱིས་འཇུག་པའི་གཤིས་ཀ་ལྡན་ཕྱིར། འགྱུར་ཡིག་གི་ཚིག་ཉམས་དང་དོན་ཉམས་སོགས་གང་ཅིའི་ཐད་ནས་མ་རྩོམ་དང་ཉེ་བར་བཅར་ཡོད་པས། ཆེད་མཁས་པ་དང་ཀློག་པ་པོ་ཀུན་གྱིས་ཁོང་ཚོའི་འགྱུར་མར་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་ཡོད།

འཛམ་གླིང་རྩོམ་རིག་གྲགས་ཅན་བོད་འགྱུར་དཔེ་ཚོགསནི་རྒྱལ་ཁབ་བཙུགས་པའི་ཚུན་ལ་འཛམ་གླིང་གི་རྩོམ་རིག་གྲགས་ཅན་གཅིག་བསྡུས་ངང་ཡིག་སྒྱུར་དང་པར་སྐྲུན་བྱས་པའི་རིག་གནས་འཛུགས་སྐྲུན་གྱི་བྱ་བ་རླབས་ཆེན་ཞིག་ཡིན་ལ། ཕྱི་རྒྱལ་གྱི་རྩོམ་རིག་གྲགས་ཅན་བོད་འགྱུར་བྱེད་པའི་ལས་ཀའི་རྨང་འདིང་བའི་བཟོ་སྐྲུན་ཞིག་ཀྱང་ཡིན། དཔེ་ཚོགས་འདིར་དེབ་གྲངས་མང་ཞིང་སྤུས་ཀ་ལེགས་པས། ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་འགྱུར་མའི་དཔེ་སྐྲུན་གྱི་རྩེ་མོར་སོན་ཡོད་ཅེས་བཤད་ཆོག འདི་ནི་བོད་ཀྱི་རྩོམ་རིག་དང་ལོ་ཙཱ། དཔེ་སྐྲུན་བཅས་ལས་རིགས་གསུམ་པོས་སྟོབས་ཤུགས་མཉམ་སྒྲིལ་གྱིས་བཞེངས་སྐྲུན་བྱས་པའི་རིག་གནས་ཀྱི་ཕོ་བྲང་བརྗིད་ཆགས་པོ་དེ་ཡིན། དཔེ་ཚོགས་འདི་པར་དུ་བསྐྲུན་པས་ཕྱི་རྒྱལ་རྩོམ་རིག་གྲགས་ཅན་བོད་ཀྱི་ཀློག་པ་པོའི་ཁྲོད་དུ་ཁྱབ་གདལ་དུ་ཕྱིན་ནས་གཞན་རིགས་ཀྱི་ལེགས་རྩོམ་ལ་མྱོང་རོལ་བྱེད་པའི་རེ་འདོད་བསྐང་བ་དང། རིག་གནས་འབྲེལ་འདྲིས་ཀྱི་བགྱི་བ་གཏིང་ཟབ་ཏུ་གཏོང་བ། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་མཐོར་འདེགས་དང་བོད་ཀྱི་རྩོམ་རིག་ལས་དོན་ཡར་རྒྱས་གོང་འཕེལ་འགྲོ་བ་བཅས་ཀྱི་ཐད་དགེ་མཚན་བླ་མེད་གདོན་ཐུབ་པ་ཡིན་ནོ། །

ཞེ་སྡང་གིས་འབར་བའི་རྒུན་འབྲུམ[ཨ་མེ་རི་ཁ]ཡོ་ཧནསི་ཐན་པེ་ཁོས་བརྩམས། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ཡིག་ནས་བསྒྱུར།

སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས།2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཨུ་ཡོན་ལྷན་ཚོགས་སྐབས་བརྒྱད་པའི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལིས་ཧྲི་བཅས་ཡིན། ལུའུ་ཞུན་རྩོམ་རིག་གླིང་གི་གཞོན་དར་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་སྐབས33པ་བཅས་འགྲིམས། 2013ལོར་རྒྱལ་ཡོངས་ཀྱི་སྐབས་བདུན་པའི་ན་གཞོན་རྩོམ་པ་པོའི་གསར་རྩོམ་ཚོགས་ཆེན་དུ་ཞུགས། སྔ་གཞུག་ཏུསྦྲང་ཆརདངགངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེརསོགས་བོད་ཡིག་གི་དུས་དེབ་དང་། དེ་མིན་རྒྱ་ཡིག་གིམི་རིགས་ཀྱི་རྩོམ་རིགདངབོད་ཀྱི་རྩོམ་རིག》《སྙན་ངག་ཟླ་དེབ》《ཧྲའན་ཞིའི་རྩོམ་རིག》《ཡེ་ཚའོསོགས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་མང་པོ་སྤེལ་མྱོང་། བརྩམས་ཆོས་ལ་འབོལ་རྩོམ་དེབབསམ་གཞིག་གི་ཁ་དོགདང་སྙན་དེབདིང་གླིང་ཁེར་འབུདསྒྲུང་རིང་དེབམར་ངོའི་ཟླ་བསྒྲུང་ཐུང་དེབསྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགསདངབྱ་ཞིག་ཡིན་ན་བསམས་བྱུང》《གྲོ་ཞིང་ཁསྒྲུང་འབྲིང་དེབམདོ་དབུས་མཐོ་སྒང་གི་ཆེས་རིང་བའི་མཚན་མོའགྱུར་དེབཕ་རི་སིའི་འཕགས་མའི་ཆོས་གྲྭདངའཇིག་རྟེན་འདི་རྒུད་པའི་གཡང་དུ་ལྷུང》《པའེ་ཀྲན་ཐིང་བཙན་རྒྱལ》《གཡུ་ཆུང་དྲུག་དཀར》《དབྱང་ཚང་གི་དམག་དཔོནསོགས་པར་སྐྲུན་བྱས་ཡོད་ཅིང་། བརྩམས་ཆོས་ཁག་ཅིག་ཉི་ཧོང་གི་སྐད་སོགས་ཕྱི་ཡིག་ཏུ་ཡང་བསྒྱུར་ཡོད། སྦྲང་ཆར་སྨྱུག་གསར་བྱ་དགའདངསྦྲང་ཆར་རྩོམ་རིག་བྱ་དགའབོད་ཀྱི་རྩོམ་རིག་སྒྱུ་རྩལ་ལོ་ཟུང་བྱ་དགའམཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའགངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའགངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའཟླ་ཟེར་རྩོམ་རིག་བྱ་དགའམི་རིགས་ཀྱི་རྩོམ་རིག་ལོ་འཁོར་བྱ་དགའསོགས་ཐོབ་མྱོང་། 2022ལོར་མཚོ་སྔོན་ཞིང་ཆེནཁུ་ནུ་ཤེས་ལྡན་པ·རྩེར་སོན་གསར་གཏོད་ལས་གཏོད་ཤེས་ལྡན་པཡི་ཤེས་ལྡན་རྩེ་གྲའི་མི་སྣར་བདམས། སྔ་གཞུག་ཐེངས་གསུམ་ལ་རྟ་མཆོག་རྩོམ་རིག་བྱ་དགའི་འོས་མིང་དུ་ཚུད།

ཁེངས་དྲེགས་དང་ཕྱོགས་ལྷུང[དབྱིན་ཇི]ཇེནཨོ་ཋིན་གྱིས་བརྩམས། རྒན་གོང་ཨོ་རྒྱན་རྡོ་རྗེས་རྒྱ་ཡིག་ནས་བསྒྱུར།  

རྒན་གོང་ཨོ་རྒྱན་རྡོ་རྗེ། སྨྱུག་མིང་ལྗང་གཞོན།བོད་ལྗོངས་གྲ་ནང་རྫོང་དུ་སྐྱེས།ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདྲི་བ།བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་གྱི་ཆེད་ལས་མཁས་པའི་མིང་མཛོད་ཀྱི་ཆེད་ལས་མཁས་པ། ལྷོ་ཁ་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་ཞིབ་དཔྱད་ཚོགས་ཆུང་གི་ཁོངས་མི་སོགས་ཡིན། སྔ་ཕྱིར་ལྷོ་ཁ་ལྷུན་རྩེ་རྫོང་སློབ་འབྲིང་གི་དགེ་རྒན་དང་།ལྷོ་ཁའི་རྩོམ་རིག་སྒྱུ་རྩལགྱི་གཙོ་སྒྲིག་པ། ལྷོ་ཁའི་གནའ་ཤུལ་རིག་གནས་མྱུར་སྐྱོབ་གཞུང་དོན་ཁང་གི་ཀྲུའུ་རེན། ལྷོ་ཁའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། ལྷོ་ཁ་གྲོང་ཁྱེར་རིག་གནས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ། ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་ཁུར། ད་བར་སྙན་དེབཕ་ས་མྱུལ་བའི་རྣམ་ཤེས་ཕྲ་མོདངམཐོ་སྒང་གི་ཁ་བལྷུག་རྩོམ་ཕྱོགས་བསྒྲིགསམྱུལའགྱུར་དེབཇ་ཤིང་མེ་ཏོག་མདངལུའོ་ཧྲེང་སྒོ་མོཕེ་ཏེ་ལོཔཱ་ལཱ་མུདེ་མིནལྷོ་ཁའི་གྲགས་ཅན་མི་སྣ་རིམ་བྱོན་གྱི་མཚན་མཛོདསོགས་དཔེ་དེབ་ཁག18པར་སྐྲུན་བྱས།སྙན་ངགམཐོ་སྒང་གི་རླུངདངགངས་ལྗོངས་ཀྱི་གཏམ་རྒྱུདསོགས་རྒྱ་ཡིག་དང་ཧྥ་རན་སིའི་ཡི་གེར་བསྒྱུར། སྙན་ངགངས་ཁྱེད་ལ་ཁ་རྡུང་གཏོངསོགས་སོ་སོར་སློབ་ཆེན་དང་སློབ་འབྲིང་བཅས་ཀྱི་བསླབ་གཞིར་འཁོད། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་། བོད་ཀྱི་ལོ་བཅུའི་རྩོམ་རིག་གྲུབ་འབྲས་ཀྱི་བྱ་དགའ། རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཀྱི རྟ་མཆོག་བྱ་དགའ། བོད་ཀྱི་ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་མཚན་སྙན་བྱ་དགའ། ཀྲུང་གོའི་དམངས་ཁྲོད་རྩོམ་རིག་ཕྱོགས་བསྡུས་ལས་དོན་གྱི་ལེགས་སྐྱེས་བྱ་དགའ།རྒྱལ་ཡོངས་རིག་རྩལ་ལྷན་ཚོགས་ཀྱི་སྔོན་ཐོན་ལས་དོན་པའི་མཚན་སྙན་སོགས་ཐོབ།བོད་འགྱུརཇ་ཤིང་མེ་ཏོག་མལ་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རྩོམ་རིག་འགྱུར་རྩོམ་གྱི་བྱ་དགའ་རིམ་པ་དང་པོ་ཐོབ།ལྷུག་རྩོམལྐོག་གྱུར་གྱི་གྲོག་རོངབོད་ཀྱི་རྩོམ་རིག་སྒྱུ་རྩལགྱི་ལོ་ཟུང་བྱ་དགའ་ཐོབ།སྙན་ངགམི་རིགས་མཐུན་སྒྲིལ་ལ་བསྟོད་པཞེས་པར་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའིནམ་ཡང་ཏང་གི་རྗེས་སུ་འགྲོ། དམངས་ཡོངས་ཀྱིས་དཔེ་ཀློག་རྩོམ་བསྡུའི་བྱ་དགའ་རིམ་པ་དང་པོཐོབ།བོད་འགྱུརལུའོ་ཧྲེང་སྒོ་མོལ་བོད་རང་སྐྱོང་ལྗོངས་ཕུལ་བྱུང་རྩོམ་རིག་འགྱུར་རྩོམ་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ།

འདས་ལོག[ཨུ་རུ་སུ]ལེ་ཧྥུཐྲོར་སི་ཐེས་བརྩམས། བཀྲ་ཤིས་དཔལ་ལྡན་གྱིས་རྒྱ་ཡིག་ནས་བསྒྱུར། 

བཀྲ་ཤིས་དཔལ་ལྡན། བོད་ལྗོངས་གཙང་རིན་སྤུངས་ཀྱི་མི།མཐོ་རིམ་རྩོམ་སྒྲིག་པ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པའི་འགན་འཁུར་མྱོང་། ད་ཆ་བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་བློ་འདྲི་ས་དང་། རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་གི་ཁོངས་མི་དང་། བོད་རང་སྐྱོང་ལྗོངས་ཐ་སྙད་སྐད་བཅད་ཨུ་ལྷན་གྱི་ཆེད་མཁས་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རྩོམ་རིག་གི་ཞིང་སར་སོ་ནམ་བྱེད་མགོ་ཚུགས་ཤིང་། སྔ་རྗེས་སུབགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བདང་།ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》《རྒྱུད་སྐུད་སྟེང་གི་རྣམ་ཤེས》《རི་མགོ་མཐོན་པོའི་ཉི་མ བྲག་ཆལ་སོགས་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་ནས་བོད་རིགས་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག1992ལོར་སྒྲུང་གཏམ་རིང་གྲསཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུགཅེས་པ་པར་སྐྲུན་བྱས།སྔ་ཕྱིར་བོད་རང་སྐྱོང་ལྗོངས་ཀྱིཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའདང་། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའརྟ་མཆོག་བྱ་དགའརྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ།གངས་རྒྱན་བུམ་པའི་བྱ་དགའ་སོགས་ཐོབ།བརྩམས་ཆོས་སྐོར་ཞིག་རྒྱ་ཡིག་དང་དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་།རི་མགོ་མཐོན་པོའི་ཉི་མཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཡོད།གཞན་ཡངབཀྲ་ཤིས་དཔལ་ལྡན་གྱི་སྒྲུང་ཐུང་བདམས་བསྒྲིགསདང་། སྒྲུང་འབྲིང་བདམས་བསྒྲིགསརྒྱུད་སྐུད་སྟེང་གི་རྣམ་ཤེསལྷུག་རྩོམ་ཕྱོགས་བསྒྲིགསས་སྲོས་ཀྱི་འཆར་སྒོདོན་བརྗོད་ལྷུག་རྩོམ་རིང་གྲསདགུན་གཞུང་རིང་མོསོགས་པར་སྐྲུན་བྱས། རྒྱ་བོད་ཡིག་སྒྱུར་གྱི་བརྩམས་ཆོས་གྲས་སུལྕམ་ཆུང་བྷོ་ཝ་རིའི་གཏམ་རྒྱུདདང་།འཇིག་རྟེན་ལུགས་ཀྱི་བསྟན་བཅོསསོགས་ཁག་ཅིག་ཡོད།

གཤིན་པོའི་རྣམ་ཤེས[ཨུ་རུ་སུ]ཀུའོ་ཀོ་ལིས་བརྩམས། བུ་ཚེ་རིང་རྒན་པས་རྒྱ་ཡིག་ནས་བསྒྱུར།

བུ་ཚེ་རིང་རྒན་པ།1968ལོར་གཙང་ཁུལ་ཕག་རི་གྲོང་རྡལ་གྱི་ལྡིང་གོང་ཞེས་པའི་ཞིང་པའི་དུད་ཚང་ཞིག་ཏུ་སྐྱེས།1989ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན། སྔ་རྗེས་སུ་ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཁག་ཏུ་བརྩམས་སྒྲུང་དང་། ལྷུག་རྩོམ། སྙན་ངག གཞས་ཚིག དཔྱད་གཏམ་བཅས་བརྩམས་ཆོས་མི་འདྲ་བ་བཞི་བརྒྱ་ཙམ་སྤེལ་བ་དང་།ཆུ་མིག་དགུ་སྒྲིལདངལོ་ཟླའི་རི་མོ》《ཀྱག་ཀྱོག་གི་མི་ཚེ》《མཁའ་མཐའི་སྨུག་སྤྲིན》《ཚེ་གང་གི་ལས་འཕྲོ》《ལ་རྒྱབ་ཀྱི་རླུང་བ》《འབད་འཐབབཅས་བརྩམས་སྒྲུང་རིང་གྲས་ཁག་བདུན་དང་།རྩྭ་ཐང་གི་བུ་མོ།རྩྭ་ཐང་གི་གཏམ་རྒྱུདདངམེ་ཏོག་ལྟ་བུའི་ནམ་ཟླཞེས་པའི་ལྷུག་རྩོམ་དེབ་གཉིས།གྲོང་ཚོའི་གཏམ་རྒྱུདཅེས་པའི་བརྩམས་སྒྲུང་འབྲིང་བ་དང་ཐུང་བའི་དེབ་གཅིག་བཅས་པར་སྐྲུན་བྱས།བརྩམས་སྒྲུང་རིང་གྲསཆུ་མིག་དགུ་སྒྲིལལ་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ་དང་།བརྩམས་སྒྲུང་རིང་གྲསལོ་ཟླའི་རི་མོདངཚེ་གང་གི་ལས་འཕྲོགཉིས་ལ་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོ་དང་སྐབས་གཉིས་པའི་ཡར་ཀླུང་གཙང་པོའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ། ལྷུག་རྩོམདྲན་པས་མ་ཟིན་པའི་སྐྱིད་གྲོངལ་སྐབས་བཅུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ལྷུག་རྩོམབྲེལ་བ་མ་ལང་དལ་ཙམ་གནང་རོགསཞེས་པརརྨ་གཡང་རྟགས་མའིའགྲིམ་འགྲུལ་བདེ་འཇགས་བརྗོད་གཞིའི་རྒྱལ་ཡོངས་ཀྱི་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ། ལྷུག་རྩོམར་སྤུའི་འོར་རྡོ་ར་ཡི་མཇིང་པར་ཕོགཅེས་པར་སྦྲང་ཆར་རྩོམ་སྒྲིག་ཁང་དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་མཉམ་གཉེར་བྱས་པའིབྱང་ཐངརྟགས་མའི་བྱ་དགའ་ཐོབ།ལྷུག་རྩོམཇོ་མོ་གླང་མའི་སྙིང་གཏམ》《གངས་དཀར་རི་བོའི2018ལོའི་ཕུལ་བྱུང་ལྷུག་རྩོམ་བྱ་དགའ་ཐོབ།བརྩམས་སྒྲུངརྒྱབ་དང་མདུནལ་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་བྱ་དགའ་ཨང་གཉིས་པ་ཐོབ། གཞན་ཡང་ཡིག་སྒྱུར་ཐདསྐྱེད་ཚལ་ནུབ་མའི་གཏམ་རྒྱུདདངནུབ་ཁང་གི་གཏམ་རྒྱུད》《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》《པད་མའི་སིལ་ཁང》《ཐོག་ཁང་དམར་པོའི་རྨི་ལམབཅས་ཀྲུང་གོའི་གནའ་རབས་ཀྱི་ཕུལ་བྱུང་ཚོན་རིས་ཟློས་གར་བརྩམས་སྒྲུང་ཁག་ལྔ་དངཡོ་རོབ་ཀྱི་ལོ་ངོ་ཅུའི་དམག་འཁྲུག》《ཀྲུང་གོའི་གནའ་བོའི་གསར་གཏོད་ཆེན་པོ་བཞི》《ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོའི་བརྩམས་ཆོས་ལེགས་བསྡུསབཅས་བསྡོམས་པའི་དེབ་དགུ་པར་སྐྲུན་བྱས་ཡོད།

པཱ་ལི་འཕགས་མའི་ལྷ་ཁང[ཧྥ་རན་སི]བེ་ཁི་ཏོཨུ་ཀོས་བརྩམས། མི་ལ་ཙི་ཙིས་རྒྱ་ཡིག་ནས་བསྒྱུར།

ཕུན་ཚོགས་རྒྱལ(སྨྱུག་མིང་། མི་ལ་ཙི་ཙི) སྔ་ཕྱིར་སློབ་ཆུང་དགེ་རྒན་དང་སྙན་ངག་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་། 2008ལོར་སྙན་ངག་དཔྱད་བརྗོད་ལ་བརྟེན་ཏེ་སྐབས་བདུན་པའིགངས་རྒྱན་མེ་ཏོགརྩོམ་རིག་བྱ་དགའ་ཐོབ། ལྷུག་རྩོམ་དེབརང་གཤིས་གདུང་འབོདདངརྡོ་ལྕགས་གཙུབ་བརྡརསྒྲུང་ཐུང་ཕྱོགས་བསྒྲིགསསྟག་མོ་རོང་གི་ཟམ་པབསྒྱུར་རྩོམ་དེབའགྲུལ་བཞུད་ལམ་གྱི་ཤུགས་གླུཤོག་བྱའི་རྗེས་སྙེག་མཁནའཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང(དེབ་བདུན) པཱ་ལི་འཕགས་མ་ལྷ་ཁང》《ཡའོ་ཧྥེའི་མི་ཚེའི་གཏམ་རྒྱུདསོགས་པར་དུ་བསྐྲུན།

ཨ་ཁུ་ཐམ་མུ་ལགས་ཀྱི་ཤག་ཆུང[ཨ་མེ་རི་ཁ]ལྕམ་ཟི་ཏྲོ་ཡིས་བརྩམས། བྱ་གཞུང་དབྱངས་བྷས་རྒྱ་ཡིག་ནས་བསྒྱུར། 

བྱ་གཞུང་དབྱངས་བྷ། མདོ་སྨད་བྱང་རྒྱུད་ཀྱི་ཞིང་གྲོང་ཞིག་ཏུ་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་ནས་རྩོམ་རིག་རབ་འབྱམས་དམ་བཅའ་བཞག རྩོམ་རིག་གཞུང་ལུགས་ཞིབ་འཇུག་དང་གསར་རྩོམ་གྱི་ལས་ལ་གཞོལ་ནས་ལོ་མང་འདས། ད་ལྟ་ལྷ་ས་དགེ་འོས་སློབ་ཆེན་གྱི་རྩོམ་རིག་དགེ་རྒན་ཡིན། བརྩམས་འབྲས་ལ།རྩོམ་རིག་དང་མིདངསྙན་གཞུང་གཡུང་དྲུང་མསོགས་བརྩམས་བསྒྱུར་བསྒྲིགས་གསུམ་བྱས་པའི་དེབ་པོད་བདུན་དང་། རྩོམ་ལུས་སྣ་ཚོགས་པའི་རྩོམ་རིག་བརྩམས་ཆོས་དང་དཔྱད་རྩོམ་མང་དུ་མཆིས་སོ། 

ལྗནཨེར[དབྱིན་ཇི]ཧྲ་ལོ་ཐྲིབྷི་རོན་ཐྲིས་བརྩམས། ཚེ་དབང་རྣམ་རྒྱལ་གྱིས་རྒྱ་ཡིག་ནས་བསྒྱུར།

ཚེ་དབང་རྣམ་རྒྱལ། 1988ལོའི་ཧོར་ཟླ12པར་མདོ་སྨད་ཁྲི་ཀར་སྐྱེས། བོད་ཀྱི་དེང་རབས་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ། ད་ལྟ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་དགེ་རྒན་གྱི་ལས་ཀར་ཞུགས་ཡོད། སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་སུ་སློབ་གཉེར་བྱས། རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ་ཁག་ཅིགསྦྲང་ཆརདངཀྲུང་གོའི་བོད་རིག་པསོགས་སུ་འཁོད་ཡོད་ལ། སྒྲུང་ཐུང་ཕྱོགས་བསྒྲིགསཨ་ཕ་ཆངདངཁྭ་ཏསྒྱུར་དེབརིག་རྩལ་བསྐྱར་དར་སྐབས་ཀྱི་ཡོ་རོབ་ནུབ་མའི་རྩོམ་རིག》《ཐེག་པར་དཀའ་བའི་ཚེ་སྲོག་གི་ཡང་བ》《ལྗན·ཨེརབཅས་པར་དུ་བཏབ། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་གཅིག་ལ་འགན་ཁུར་ཡོད།

ཨུ་ཇེ་ནེག་རན་དེད། སྤོ་རྟོ་གོ་རི་ཡོ[ཧྥ་རན་སི]ཧོ་ནོ་རེདེབལ་ཟག་གིས་བརྩམས། ཚེ་རིང་བསམ་འགྲུབ་དང་མེ་ཏོག་སྐྱིད་གཉིས་ཀྱིས་རྒྱ་ཡིག་ནས་བསྒྱུར། 

ཚེ་རིང་བསམ་འགྲུབ། 1974ལོར་མཚོ་སྔོན་པོ་རྐང་ཚའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་སློབ་གཉེར་བྱས་མྱོང་། ད་ལྟའི་བར ཕྱིང་ལྭ་དཀར་པོཞེས་པའི་སྒྲུང་དེབ་གཅིག་དང་། གྲོ་ཞིང་ཁའི་སྲུང་མ སོགས་འགྱུར་དེབ་རེ་གཉིས།མདོ་སྨད་རྐང་ཚའི་ཡུལ་གྱི་ངག་རྩོམ་དེབ་ཕྲེང》(འཚོལ་སྒྲིག)དེབ་གསུམ་སོགས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ད་ལྟ་རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་རུ་ལས་ཀ་གཉེར་མུས་ཡིན།

མེ་ཏོག་སྐྱིད(ཁ་བ་ལྷ་མོ) མཚོ་སྔོན་པོའི་ནུབ་ཕྱོགས་བོང་སྟག་ཅེས་པའི་འབྲོག་སྡེ་རུ་སྐྱེས། རྩོམ་རིག་རབ་འབྱམས་པ། ད་ལྟའི་བར་སློབ་འབྲིང་དགེ་རྒན་གྱི་ལས་ཀ་གཉེར། ལས་ཀའི་ཞོར་དུགངས་རྒྱན་མེ་ཏོགདངསྦྲང་ཆརསོགས་དུས་དེབ་སྟེང་སྙན་ངག་གཙོར་བྱས་པའི་བརྩམས་ཆོས་སྤེལ་མྱོང་། 2015ལོར་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ། སྙན་དེབཁ་བའི་རྣ་ཆདངརླུང་དང་མེ་ཏོགགཉིས་སྔ་ཕྱིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

དམར་པོ་དང་ནག་པོ[ཧྥ་རན་སི]སི་ཐང་ཏ་ཡིས་བརྩམས། ན་རོས་རྒྱ་ཡིག་ནས་བསྒྱུར།

ན་རོ། སྐྱེས་མིང་ལ་ཤ་བོ་ཚེ་བརྟན་དུ་འབོད། འབུམ་རམས་པ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པའི་ཞོར་འགན་འཁུར་ཡོད། ལས་ཀ་གཙོ་བོ་ནི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་སློབ་ཁྲིད་དང་ཉམས་ཞིབ་ཡིན། རྒྱབ་ཁབ་སྤྱི་ཚོགས་ཚན་རིག་གི་ལས་གཞི་གསུམ་ཙམ་བསྒྲུབས།བོད་ཀྱི་རྩོམ་པའི་རྣམ་གཞག་གི་ཤེས་བྱ་གཅེས་བཏུསདང་།བརྩམས་སྒྲུང་དང་རིག་གནསཤེལ་ལེ་ཡི་སྙན་ངག་གཅེས་བསྡུསགྱང་ཆགབཅས་པར་དུ་བསྐྲུན། སྔ་རྟིང་དུ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་ཀྱི་གཟེངས་བསྟོད་ཨང་དང་པོ་ཨང་གསུམ་པ་ཐོབ། རྒྱལ་ཡོངས་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ཞིབ་འཇུག་གསར་རྩོམ་གྱི་བྱ་དགའ་དང་། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མི་རིགས་ཀྱི་རྩོམ་རིག་བྱ་དགའ་བཅས་ཐོབ་མྱོང་།

ཏུར་པེར་ཚང་གི་ཐེས་སེ》[དབྱིན་ཇི]ཐོ་མ་སིཧར་ཐེས་བརྩམས། སྤེན་པ་དོན་གྲུབ་ཀྱིས་རྒྱ་ཡིག་ནས་བསྒྱུར།

སྤེན་པ་དོན་གྲུབ། བོད་ལྗོངས་སློབ་གླིང་རིག་གཞུང་སློབ་གླིང་གི་ཀྲུང་གོའི་སྐད་ཡིག་རྩོམ་རིག(བོད་ཀྱི་རྩོམ་རིག)འབུམ་རམས་པའི་སློབ་གནས་ཐོབ། རྩོམ་ཞུས་པ་གཞོན་པ།སྔ་ཕྱིར་དགེ་རྒན་དང་། ལོ་ཙཱ་བ། ཞིབ་འཇུག་པ། རྩོམ་སྒྲིག་པ་བཅས་ཀྱི་བྱ་བར་ཞུགས། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁངབོད་ལྗོངས་ཞིབ་འཇུགབོད་ཡིག་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་བྱ་བ་བྱེད་མུས་ཡིན།གངས་རྒྱན་མེ་ཏོགདང་།བོད་ཀྱི་རྩོམ་རིག་སྒྱུ་རྩལ》《སྦྲང་ཆར》《ལྷོ་ཁ་རྩོམ་རིག་སྒྱུ་རྩལསོགས་ལྗོངས་ཕྱི་ནང་གི་དུས་དེབ་ཁག་ཏུ་སྙན་ངག་དང་། བརྩམས་སྒྲུང་། དཔྱད་བརྗོད། དེ་བཞིནབོད་ལྗོངས་ཞིབ་འཇུགདང་།བོད་ལྗོངས་སློབ་ཆེན་རིག་དེབ》《མཚོ་སྔོན་སྤྱི་ཚོགས་ཚན་རིགསོགས་སུ་རིག་གཞུང་དཔྱད་རྩོམ་གང་མང་སྤེལ་ཞིང་།རྩོམ་རིག་གི་གཏན་གྱི་འདུན་མ། བོད་ཀྱི་ནང་བསྟན་རྩོམ་རིག་ནས་དེང་རབས་རྩོམ་རིག་གི་བསམ་བློའི་རྒྱུན་འཚོལ་བཞེས་པའི་ཆེད་རྩོམ་གཅིག་དང་།བདག་ཉིད་བདག་གི་མགོན་ཡིན་ནོཞེས་པ་སོགས་འགྱུར་མ་པོད་བདུན་དཔེ་སྐྲུན་བྱས། 2024ལོའིམི་རིགས་ཀྱི་རྩོམ་རིགགི་ལོ་ཙཱའི་ལོ་འཁོར་བྱ་དགའ་དང་། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཐེངས་བཅུ་དྲུག་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ།སྐབས་ལྔ་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ།གངས་རྒྱན་མེ་ཏོགསྐབས་ལྔ་པའི་རྩོམ་རིག་བྱ་དགའ། སྐབས་གཉིས་པའིབོད་ལྗོངས་རྩོམ་རིག་སྒྱུ་རྩལགྱི་ལོ་ཟུང་བྱ་དགའ་སོགས་ཐོབ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།