མཚོ་སྔོན་གྱིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་མཐོ་རིམ་སློབ་གྲྭའི་དབང་པོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐོ་རིམ་སློབ་གྲྭའི་དབང་པོ་སྐྱོན་ཅན་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དཀའ་གནད་ལ་དམིགས་ནས། སྲིད་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། གནད་ལ་འཁེལ་བའི་ནུས་པ་འདོན་སྤྲོད་དང་དངོས་སྦྱོང་བྱེད་པ། སྣ་མང་འབྲེལ་མཐུད་སྟེགས་བུ་འཛུགས་པ། བསམ་པའི་མིག་དཔེ་སྐུལ་ལྕག་ལ་མཐོང་ཆེན་སོགས་ཀྱི་ཕྲེང་བསྟར་དངོས་སྒྲུབ་བྱེད་ཐབས་ལག་ཏུ་བསྟར་ཏེ། སློབ་གྲྭ་ནས་ལས་གནས་བར་གྱིམཐའ་མའི་སྤྱི་ལེ་གཅིགནུས་ཤུགས་ཡོད་རྒུས་སྦྲེལ་ནས། དབང་པོ་སྐྱོན་ཅན་སློབ་ཆེན་སློབ་མས་སྔར་ལས་གང་ལེགས་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཡར་སྐུལ་ནུས་ལྡན་བཏང་།

དབང་པོ་སྐྱོན་ཅན་སློབ་ཆེན་སློབ་མར་ཡོངས་ཁྱབ་ཏུ་གནས་པའི་ལས་རིགས་ཀྱི་མགོ་འཐོམས་པ་དང་རྩལ་ནུས་མི་འདང་བའི་གནད་དོན་ལ་དམིགས་ནས། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསར་གཏོད་གྱི་སྒོ་ནསཕུགས་འདུན་བཅངས་ནས་ལམ་ལ་ཆས་པ་དང་། གནད་ལ་འཁེལ་བའི་ནུས་པ་སྤྲོད་པའིམཐོ་རིམ་སློབ་གྲྭའི་དབང་པོ་སྐྱོན་ཅན་སློབ་ཆེན་སློབ་མས་ལས་ཀ་འཚོལ་བའི་ནུས་པ་དངོས་སྦྱོང་སྒར་བཏོན་པ་རེད། སློབ་ཚན་གྱིས་ལས་རིགས་འཚོལ་ཞིབ་དང་། ནུས་པ་མཐོར་འདེགས། ལས་འཚོལ་དངོས་བརྩོན་བཅས་ཀྱི་རྣམ་པ་ཆེན་པོ་གསུམ་ལ་དམིགས་ནས། ལོ་རྒྱུས་མདོར་བསྡུས་ཇེ་ལེགས་སུ་གཏོང་བ་དང་ཁ་རྒྱུགས་ལད་ཟློས་སོགས་གོ་ཆོད་ནང་དོན20ལྷག་བཀོད་སྒྲིག་བྱས་པ་མ་ཟད། སློབ་མ་རྩ་འཛུགས་བྱས་ནས་ཁེ་ལས་སུ་ལྟ་སྐོར་དང་སྦྱོང་བརྡར་བྱས་ཏེ། གསོ་སྦྱོང་དང་ལས་ཞུགསཀྱི་འབྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་བཏང་། དངོས་སྦྱོང་སྒར་གྱིས་སློབ་མའི་ལས་ཀ་འཚོལ་བའི་རྩལ་ནུས་ཆེ་རུ་བཏང་བ་མ་ཟད། ཁོ་ཚོའི་ལས་ལ་ཞུགས་པའི་ཡིད་ཆེས་སྔར་ལས་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས། སློབ་མ་སྐོར་ཐེངས་མང་པོ་ཞིག་དང་ཁེ་ལས་བར་ལས་ཞུགས་ཀྱི་འདུན་པ་ཡོད་པར་ཡར་སྐུལ་བྱས་ཏེ་ལེགས་འགྲུབ་བྱུང་།

དྲ་ལམ་དང་ཡུལ་དངོས་མཉམ་འབྲེལ་གྱིལངས་གཟུགས་ཅན གྱི་ལས་མི་བསྡུ་བའི་དྲ་རྒྱ་འབད་པས་བཙུགས་ཏེ། ཡུལ་དངོས་སུ་དབང་པོ་སྐྱོན་ཅན་གྱི་སློབ་ཆེན་སློབ་མའི་མཐར་ཕྱིན་དུས་ཚིགས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་གཉེར་བ་དང་། ཁྱབ་ཁོངས་མང་པོ་ཚུད་པའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་ལས་གནས་འདོན་སྤྲོད་བྱས་པ་མ་ཟད། གཅིག་འཐུས་རང་བཞིནགྱི་ལས་ཞུགས་ཞབས་ཞུ་ཆ་ཚང་མཁོ་འདོན་བྱས། དྲ་ལམ་དུ་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་དྲ་ལམ་ཞབས་ཞུའི་སྟེགས་བུར་བརྟེན་ནས་དྲ་རྒྱའི་ལས་མི་བསྡུ་བའི་འདུ་ཚོགས་རྒྱུན་མཐུད་ངང་སྤེལ་ནས། ས་ཁོངས་ཀྱི་ཚོད་འཛིན་གཏོར་ནས་མཐར་ཕྱིན་སློབ་མས་རྒྱང་རིང་ནས་ལས་ཀ་འཚོལ་བར་སྟབས་བདེ་བསྐྲུན་ཡོད། དུས་མཚུངས་སུ། ལོ་འདིའི་མཐར་ཕྱིན་སློབ་མ་དང་ལོ་སྔོན་མ་དག་གི་དབང་པོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མར་གནད་ལ་འཁེལ་བའི་སྒོ་ནས་བཅར་འདྲི་བྱས་ནས། ལས་གནས་སྙོམ་སྒྲིག་དང་འོས་སྦྱོར་བྱས་ཏེ་ལས་ཞུགས་ལེགས་འགྲུབ་ཚད་དངོས་གནས་ཇེ་མཐོར་བཏང་།

གཞན་ཡང་རང་སྟོབས་ཀྱི་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་རྩ་འཛུགས་བྱས་པ་བརྒྱུད། དབང་པོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མས་ལས་གཏོད་དཔེ་མཚོན་སྐོར་གྱི་མཉམ་སྤྱོད་སློབ་ཚན་ཐད་གཏོང་སོགས་ཀྱི་བྱེད་སྒོ་གཉེར་བ་དང་། གསོན་ཉམས་དོད་པའི་དཔེ་མཚོན་གཏམ་རྒྱུད་ལ་བརྟེན་ནས་རྒྱ་ཆེའི་དབང་པོ་སྐྱོན་ཅན་གྱི་སློབ་མས་རང་ཉིད་ཐོད་བརྒལ་དང་ཡིད་ཆེས་འཕེལ་བར་སྐུལ་མ་བཏང་བ་དང་། རང་སྟོབས་ལྷོད་མེད་དང་སྤོབས་པས་སྔོན་བརྩོན་གྱི་བསམ་པའི་ཉམས་འགྱུར་དར་སྤེལ་བཏང་སྟེ། ཧུར་བརྩོན་དང་རང་འགུལ་ངང་སྤྱི་ཚོགས་དང་མཉམ་འདྲེས་བྱས་ནས་རིན་ཐང་མངོན་འགྱུར་བྱེད་ཀྱིན་ཡོད།

རྒྱུས་ལོན་པ་ལྟར་ན། 2025ལོར་མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་དབང་པོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མ320ཡོད་པ་དང་། མི་གཅིག་ལ་ཐབས་ཇུས་གཅིགགི་བརྟག་དཔྱད་ཚད100%ཟིན་པ་དང་། འགྲོ་ཡུལ་དོན་འཁྱོལ་ཚད88.03%ལ་སླེབས་པ་དང་། ལས་ཞུགས་མི་གྲངས185ཟིན་ཡོད་པ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།