མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཆེད་དུ་དཔྱད་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐེངས་ཉེར་གཉིས་པའི་ཐུན་མོང་སློབ་སྦྱོང་གི་སྐབས་ལ་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་བ་སྙིང་བོར་བཟུང་ནས་བཞུགས་མོལ་བགྲོ་གླེང་མཛད། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བཞུགས་མོལ་སྟེང་ཕེབས་པ་མ་ཟད་གཏམ་ཡང་བཤད།
ཚོགས་ཐོག་ཏུ། མཱ་ཡུའེ་ཞིང་། ཝང་ཧྭ་ཕིང་། སྒར་བ་ངག་དབང་བཟང་པོ། ཀོང་ཕིང་ཨན། མཱ་རུ་ཡུན། རྒྱ་ཏིག་བློ་བཟང་དཀོན་མཆོག་བསམ་འཕེལ། པདྨ་ལྷུན་གྲུབ། མཱ་མིང་ཀྲུང་ལ་སོགས་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན། ཆེད་མཁས་པ་ལ་སོགས་ཀྱིས་སློབ་སྦྱོང་གི་མྱོང་ཚོར་ལ་སྦྱར་ནས་གཏམ་བཤད། ཚང་མས་མགྲིན་གཅིག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མ་ལག་ཡོངས་ལ་སྐུལ་འདེད་གཏང་བར་སྒོ་ཀུན་ནས་རྒྱས་བཤད་ཟབ་མོ་གནང་ཡོད་པས། ཆབ་སྲིད་རང་བཞིན་དང་། བསམ་བློ་རང་བཞིན། གཞུང་ལུགས་རང་བཞིན་གྱི་ཤུགས་ཤིན་ཏུ་དྲག་པ་དང་། དེ་ནི“ལས་འགན་ཡི་གེ”ཞིག་ཡིན་ལ“ལམ་ཁྲ”ཞིག་ཀྱང་ཡིན་པས། ཁོང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སྒོ་ཀུན་ནས་སློབ་སྦྱོང་དང་གོ་བོ་ཟབ་མོ་བླངས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཚམ་པོ་ཡོང་བར་སྣེ་ཁྲིད་ལེགས་པོ་བྱ་ངེས་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་སོ་སོའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་བགྲོ་གླེང་བྱས། ཁོས་འདི་སྐད། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་། ཆོས་ལུགས་མང་པོ་མཉམ་དུ་གནས་ཡོད་པས། མི་རིགས་ཆོས་ལུགས་ལས་དོན་གྱི་ཞིང་ཆེན་ཆེ་ཤོས་རེད། མི་རིགས་ཆོས་ལུགས་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དེ་མཚོ་སྔོན་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཆོས་ལུགས་ལས་དོན་དེ་གོ་གནས་གལ་ཆེན་ཏུ་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཆོས་ལུགས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་བླངས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་དང་། དུས་རབས་གསར་པའི་ཆོས་ལུགས་ལས་དོན་ལ་ཕན་འབྲས་ལེགས་པོ་ཐོབ་པར་སྐུལ་སྤེལ་བྱེད་དགོས། དེ་རིང་འཚོགས་པའི་ཆེད་དོན་སློབ་སྦྱོང་དང་དཔྱད་གླེང་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་ནས་ལག་ལེན་མཐར་ཕྱིན་དང་། ཨུ་ཡོན་རྣམས་ལ་ཏང་དང་སྲིད་གཞུང་དང་དད་ལྡན་མང་ཚོགས་བར་གྱི་འབྲེལ་ཟམ་ནུས་པ་འདོན་ཐུབ་པར་ཁྲིད་སྟོན་བྱས་ཐོག རང་ཞིང་གི་ཆོས་ལུགས་ཕན་ཚུན་མཐུན་པོ་དང་མི་རིགས་ཕན་ཚུན་འཆམ་པོ། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་ཕྱོགས་ལ་ཨུ་ཡོན་གྱི་སྟོབས་ཤུགས་འབུལ་ཆེད་ཡིན་ཞེས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕུན་སུམ་ཚོགས་པ་ལ་གོ་བ་ཟབ་མོ་བླངས་ཏེ། སྲོག་ཤིང་གི་དོན་སྙིང་ཁོང་དུ་ཆུད་ཅིང་། ལག་ལེན་བླང་བྱར་སྟངས་འཛིན་ལེགས་པོ་དང་། བསམ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཆོས་ལུགས་ལས་དོན་གྱི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ཇེ་ཟབ་ཇེ་བརྟན་དུ་འགྲོ་བར་སྐུལ་འདེད་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གིས་ཕན་ཚུན་བསྟུན་པོ་ཡོང་བར་ཁྲིད་སྟོན་བྱ་དགོས། སྲིད་གྲོས་ཀྱི་དོན་དངོས་ལ་གཞི་བཙུགས་ཏེ། སྒོ་ཀུན་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་བ་དམིགས་སུ་བཟུང་ནས་བརྟག་དཔྱད་ཞིབ་འཇུག་མཐིལ་ལོན་དང་བློ་འདོན་ཇུས་འབུལ་ཧུར་ཐག་བྱས་ཐོག དཔྱད་གཞིའི་རིན་ཐང་ལྡན་པའི་གྲོས་གཞི་དང་བསམ་འཆར་བསམ་ཚུལ་སྐོར་ཞིག་བསྡུས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་དང་། མི་རིགས་དང་ཆོས་ལུགས་ལས་དོན་གྱི་མཚོ་སྔོན་མ་དཔེ་གཏོད་པ་བཅས་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པ་བསྟན།