ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས17ཉིན། ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཐེངས་ང་ལྔ་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མིན་གྱིས་མགོ་འཛིན་བྱས།   དབྱང་ཧྥུང་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་དང་། མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག་བཅས་ཀྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་དོ་དམ་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་འདེད་དང་སྲུང་སྐྱོབ་སྲོལ་ཡིག་གི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།  ཟི་ལིང་གྲོང་ཁྱེར་གྱི་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་གྱི་རྣམ་པ་གསར་པའི་གློག་ཤུགས་མ་ལག་དཔེ་སྟོན་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་དང་། མཚོ་ཤར་གྲོང་ཁྱེར་གྲོང་ཁྱེར་དོ་དམ་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བོད་རྒྱུད་ནང་བསྟན་ལས་དོན་སྲོལ་ཡིག རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་ཆུ་ལག་སྲུང་སྐྱོབ་ཀྱི་སྲོལ་ཡིག་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས།》མཚོ་སྔོན་ཞིང་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས》ལག་བསྟར་བྱེད་ཐབས་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གིས2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་གི་རྩིས་བཤེར་དུ་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས།    སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི《ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གསོའི་ཞབས་ཞུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི》གྲོས་ཞིབ་བསམ་འཆར་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་ཆེད་དོན་འདྲི་རྩད་ལས་དོན་སྤེལ་བའི་འབྲེལ་ཡོད་གནས་ཚུལ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་སྙན་ཞུར་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་ཐག་གཅོད་བྱས་པའི་གནས་ཚུལ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་བྱས་པའི་གནས་སྐོར་གྱི་སྙན་ཞུར་ཉན།  རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་འགན་འཁྲི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་སྐོར་གྱི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྱི་གྲོས་གཞི་སྐོར་གྱི་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པ་བསྡུས་ནས་གཏན་འབེབས་སྐོར་གྱི་གྲོས་ཞིབ་སྙན་ཞུར་ཉན།     ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་གྲོས་ཞིབ་ཏུ་སྤྲོད་པར་མོས་མཐུན་བྱུང་།

ཚོགས་འདུའི་ཐོག་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཉིན་རེའི་གྲོས་རིམ(འཆར་ཟིན)སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་གྲོས་འཆམ་ཡོང་བར་འབུལ་རྒྱུར་མོས་མཐུན་བྱུང་། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།