འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སྒྱུར་བྱེད་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”《གྲོས་གཞིའི》ནང་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན་པ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན། ཚེས་བཅུ་བདུན་ཉིན་གྱི《དབང་ཟིལ་བཅར་འདྲི》ནང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཐད་ནས་འགྲེལ་བཤད་བྱ་རྒྱུ་ཡིན།

མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་འདུན་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་ཚུགས་ས་དང་རྐང་ཚུགས་ས་ཡིན། 《གྲོས་གཞིའི》ནང་དམངས་འཚོའི་འགན་ལེན་དང་ལེགས་བཅོས་ལ་དམིགས་ནས། སྤུས་ཚད་མཐོན་པོས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་དུ་དོ་མཉམ་རང་བཞིན་དང་ཁྱབ་ནུས་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་སྐོར་ཞིག་བཀོད་སྒྲིག་བྱས།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཞའོ་ཕིང་གིས་བཤད་རྒྱུར། 《གྲོས་གཞིའི》ནང་དམངས་འཚོའི་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ལས་འགན་གསལ་བོ་བཟོས་ཡོད་དེ།  འདི་ནི་ཏང་ཀྲུང་དབྱང་གིས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་ཡང་དག་པས་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཁོར་ཡུག་གི་འགྱུར་ལྡོག་རྒྱུས་ལོན་ཟབ་མོ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྟུན་ཏེ་ཐག་བཅད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མི་དམངས་རང་བཞིན་གང་ལེགས་སྒོས་མངོན་ཡོད། ང་ཚོས་གྲངས་འཛིན་དཔལ་འབྱོར་དང་བཟོ་སྐྲུན་རྩེར་སོན། དེང་རབས་ཞབས་ཞུ་བཅས་ཀྱི་ཁྱབ་ཁོངས་ནང་། སྤུས་ཚད་མཐོ་བའི་བྱ་བའི་གོ་སྐབས་སྔར་ལས་མང་བ་བསྐྲུན་ནས།  དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་བསྟུད་མར་ལག་བསྟར་བྱེད་པ་དང་། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་འབོར་རིམ་བཞིན་ཇེ་མཐོར་གཏོང་བ། ངལ་རྩོལ་པའི་གླ་ཕོགས་ཡོང་འབབ་ལུགས་མཐུན་དང་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་སྟེ། མང་ལས་མང་ཐོབ་དང་ལག་རྩལ་ཅན་ལ་མང་ཐོབ། གསར་གཏོད་མཁན་ལ་མང་ཐོབ་བཅས་བྱ་དགོས།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར། སློབ་གསོ་ནི་རྨང་གཞི་དང་། ཚན་རྩལ་ནི་འགག་རྩ། ཤེས་ལྡན་མི་སྣ་ནི་རྩ་བ་ཡིན། 《གྲོས་གཞིའི》ནང་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཇེ་མཐོར་གཏོང་དགོས་ཞེས་གསལ་བོར་བཏོན་ཡོད།

སློབ་གསོ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཧོའེ་ཅིན་ཕེང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དང་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པ་དང་ཤེས་རྟོགས་བྱེད་པ།  ཤེས་ལྡན་མི་སྣའི་འདེགས་སྐྱོར། གསར་གཏོད་ཀྱི་འདེགས་སྐྱོར། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ནང་གནས་ཆོས་ཉིད་ཁོང་དུ་ཆུད་པ་བཅས་ཡོངས་སུ་མངོན་ཡོད། འདིར་ང་ཚོས་སློབ་གསོའི་མ་ལག་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མ་ལག་ཆེན་པོའི་ནང་ཟབ་ཞུགས་བྱས་ཏེ། ང་ཚོས་མཐོ་རིམ་སློབ་གྲྭའི་རིགས་དབྱེ་བཅོས་བསྒྱུར་དང་ས་ཁོངས་ཀྱི་གྲུབ་ཚུལ་བཀོད་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས་པ་དང་། དུས་མཚུངས་སུ་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་མཁོ་སྤྲོད་ལས་སྟེགས་ཆེན་པོ་འཛུགས་སྐྲུན་བཟང་པོ་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་འཕེལ་རྒྱས་གཏོང་བའི་དགོས་མཁོ་ཁྲིད་སྟོན་དུ་བཟུང་སྟེ། རིག་ཚན་གྱི་ཆེད་ལས་བཀོད་སྒྲིག་ལེགས་འགྱུར་དང་ལེགས་སྒྲིག་བྱེད་པ་དང་། རྒྱལ་ཁབ་ཀྱི་སྣོལ་འདྲེས་རིག་གཞུང་ཚན་ཁག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  རྨང་གཞིའི་རིག་ཚན་དང་རྨང་གཞིའི་ཞིབ་འཇུག་གིས་ང་ཚོའི་ཕུགས་ཀྱི་འཕེལ་རྒྱས་ལ་སྔར་ལས་ལྷག་པས་བྱས་རྗེས་འཇོག་དགོས།

སྨན་པར་བསྟེན་རྒྱུ་ནི་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁྲལ་བྱེད་པའི་གནད་དོན་གྱི་གྲས་ཤིག་རེད། 《གྲོས་གཞིའི》ནང་བསྟན་དོན། རྫོང་ཁོངས་དང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་དགོས།  སྨན་བཅོས་ལས་ཁུངས་ཀྱི་བྱེད་ནུས་ངེས་གནས་དང་རྣམ་པ་ལེགས་སྒྱུར་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་བཟོ་གྲྭ་ལག་བསྟར་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་གི་གཞི་གྲངས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ལིའུ་ཀྲི་ཆང་གིས་བཤད་རྒྱུར། ང་ཚོས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ།  སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དོ་མཉམ་ཡོང་བ་དང་ཀུན་ཁྱབ་ཡོང་བར་ཤུགས་སྣོན་དགོས། དཔེར་ན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་རིམ་པ་གཉིས་པ་དང་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཚང་མས་བྱིས་ནད་ཚན་ཁག་གི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པ་དང་།  དུས་མཚུངས་སུ། ང་ཚོས་མྱུར་སྐྱོབ་དང་འགོས་ནད་སོགས་ཆེད་ལས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ།  སྐོར་སྐྱོད་སྨན་བཅོས། རྒྱང་བསྟེན་སྨན་བཅོས། སྤོ་འགུལ་སྨན་བཅོས་བཅས་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་སུ“ཁྱབ་ཚུལ་རྣམ་པའི་ཞིབ་བཤེར་དང་། གཅིག་སྡུས་རྣམ་པའི་བརྟག་དཔྱད། བརྟག་བཤེར་མཇུག་འབྲས་ཕན་ཚུན་གྱིས་ཁས་ལེན་པ་བཅས་བརྩོན་ལེན་བྱ་དགོས།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།