“ཟི་ལིང་ནས་ཁྲེན་ཏུའུ་དང་མན་ཀུའུ་བར”གྱི་ཟོང་སྐྱེལ་གནམ་གྲུ་ཐོག་མ་ཤར་གཏོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ11ཚེས17ཉིན་མཚོ་སྔོན་གནམ་ཐང་ཀུང་སིས་ཟི་ལིང་ནས་ཁྲེན་ཏུའུ་དང་མན་ཀུའུ་བར”གྱི་བར་སྣང་ཟོང་སྐྱེལ་མཁའ་ལམ་དངོས་སུ་ཕྱེས་ཏེ། B757-200རྟགས་ཅན་གྱི་ཟོང་འདྲེན་གནམ་གྲུ་ཐོག་མ་ཤར་གཏོང་བྱས་ཤིང་། ཁྱོན་བསྡོམས་རང་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཏུན22སྐྱེལ་འདྲེན་བྱས་ཡོད། དེ་ལས་སྤུས་ལེགས་ས་ཝན་ཉ་ཏུན10ཁྲེང་ཏུའུ་རུ་བརྒྱུད་ཕོག་བྱས་རྗེས་ཐད་ཀར་མན་ཀོར་འཕུར་རྒྱུ་ཡིན་པ་དང་། ཆུ་ཚོད24དགོས་པའི་ཟོང་སྐྱེལ་དུས་ཚོད“དངོས་ཟོང་ཁོག་ཉར”གནམ་གྲུ་དང་བསྡུར་ན་ཆུ་ཚོད12ལས་མི་དགོས་པར་དམིགས་ས་འབྱོར་ཐུབ་པས།  “མཚོ་སྔོན་གྱི་ཐོན་རྫས་མངའ་ཁོངས་ཕྱི་རུ་གཏོང་བའི”རྒྱལ་སྤྱིའི་ཁྲོམ་རར་ལམ་བུ་གསར་པ་བཏོད།

  ཉེ་བའི་ལོ་རིང་། མཚོ་སྔོན་གནམ་ཐང་ཀུང་སིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱ་བའི་འཐབ་ཇུས་བཀོད་སྒྲིག་ཁྲོད་མ་སྐུལ་རང་རྟོགས་ཀྱིས་ཞུགས་ཏེ།  ཞིང་ཆེན་ནང་ཁུལ་གྱི“བསིལ་གྲང་ཟུང”ལ་སོགས་པའི་ལྷད་མེད་སྐྱེས་ལྡན་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་དམིགས་སུ་བཟུང་ནས་བར་སྣང་ཟོང་སྐྱེལ་ལམ་ཐིག་གི་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། བསྟུད་མུར་ལོ་ལྔའི་ནང་དུ་ཟི་ལིང་ནས་ནན་ཅིན་དང་། ཧྲེན་ཀྲེན། ཧང་ཀྲོའུ། ཨེ་ཀྲོའུ་ལ་སོགས་སུ་མཁའ་ལམ་ཟོང་སྐྱེལ་གཉེར་སྐྱོང་བྱས་པ་མ་ཟད། ཐད་ཀར་ཞང་ཀང་དུ་སྐྱོད་ཐུབ་ཅིང་རྒྱལ་ནང་གི་འགག་སྒོ་ནས་ཐོན་རྫས་དག་སྤོ་འཇུག་བྱས་རྗེས་མན་ཀུའུ་དང་ཡ་ཅ་ཏ་ལ་སོགས་པའི་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་དུ་བསྐྱོད་པའི་རྒྱལ་སྤྱིའི་ཟོང་སྐྱེལ་མཁའ་ལམ་འཚོལ་ཞིབ་བྱས།

ཐེངས་འདིར་ཕྱེས་པའི་མཁའ་ལམ་དེ་ནི་མཚོ་སྔོན་གནམ་ཐང་ཀུང་སིས་བར་སྣང་ཟོང་སྐྱེལ་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་བའི་གྲུབ་འབྲས་ཤིག་རེད། བསྡོམས་རྩིས་ལྟར་ན། 2025ལོར་མཐོ་སྒང་གི་ཆུ་གྲང་མོའི་ཉ་ཕྱིར་འཚོང་གི་གྲངས་འབོར་ཏུན140ལ་བསླེབས་ཤིང་། དེ་ནི་ན་ནིང་དང་བསྡུར་ན་ལྡབ14འཕར། དེ་དང་ཆབས་ཅིག “མཁའ་འགྲུལ+བསིལ་གྲང་སྦྲེལ་ཐག”ཕྱོགས་བསྡུས་ཟོང་འདྲེན་གྱི་ཐག་གཅོད་ཇུས་གཞི་དང་བར་སྣང་དང་གནམ་སའི་མཉམ་སྐྱེལ་ལ་སོགས་པའི་གསར་གཏོད་རྣམ་པར་གཞི་བཅོལ་ཏེ། ཟི་ལིང་གནམ་ཐང་གིས་སྔ་རྗེས་སུ་ཞིང་ཕྱུགས་ཐོན་རྫས་ཏུན་ཁྲི1.5ལས་བརྒལ་བ་ཕྱིར་གཏོང་བྱས། དེའི་ནང་བསིལ་གྲང་སྔོ་ཚལ་དང་ཆུ་གྲང་མོའི་ཉ་ལ་སོགས་ཐོན་རྫས་ཧ་ཅང་མང་བ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།