མཚོ་སྔོན་གྱིས་ཆུ་བོ་དང་མཚོ་མོ་ཆུ་མཛོད་བཅས་ལ་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཚོར་ཤེས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་བཀོད་སྒྲིག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཉེ་ལམ་མཚོ་སྔོན་ཞིང་ཆེན་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་དང་མཚོ་མོ་ཆུ་མཛོད་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཚོར་ཤེས་མ་ལག་འཛུགས་སྐྲུན་བྱ་བའི་ལག་བསྟར་ཇུས་གཞི(2025ལོ་ནས2027ལོའི་བར)》པར་འགྲེམས་བྱས་ཏེ།  ཆུ་བོ་དང་མཚོ་མོ་ཆུ་མཛོད་བཅས་སུ་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཚོར་ཤེས་མ་ལག་འཛུགས་སྐྲུན་བྱ་བ་བཀོད་སྒྲིག་བརྒྱབ།   ཐེངས་འདིའི་འགུལ་སྐྱོད་ཀྱིས་གྲངས་ཀའི་ནུས་ཤུགས་ཀྱིས་མཐོ་སྒང་གི་ཆུ་བོ་དང་མཚོ་མོར་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་ལ་རམ་འདེགས་བྱ་རྒྱུ་དམིགས་སུ་བཟུང་སྟེ།    མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་དང་མཚོ་མོ་ཆུ་མཛོད་གསུམ་གའི་ཆུ་རྒྱུད་ཀྱི་བར་སྟོང་ཚོད་འཛིན་དང་དོ་དམ་གྲངས་ཀ་ཅན་དང་རིག་ནུས་ཅན་དུ་བསྒྱུར་ནས་ལྟ་ཞིབ་དོ་དམ་གྱི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏང་རྒྱུ་རེད།

《ཇུས་གཞི》ཡི་ནང་དུ།  2027ལོའི་བར་དུ་ཆུ་བེད་པུའུ་ལ་འབྲེལ་བ་བྱས་ཏེ་མཚོ་སྔོན་གྱི་དོན་དངོས་དང་འཚམ་པའི་ཆུ་བོ་དང་མཚོ་མོ། ཆུ་མཛོད་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ཚོར་ཤེས་མ་ལག་འཛུགས་སྐྲུན་གཞི་རྩའི་ཐོག་འགྲུབ་ཐོག   སྲུང་སྐར་རྒྱང་ཚོར་དང་མིས་བཟོས་རིག་ནུས། བྱང་སྐར་གནས་སྟོན་ལ་སོགས་དེང་རབས་ཀྱི་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། སྲུང་སྐར་རྒྱང་ཚོར་གཙོ་བྱས་པའི་བརྙན་ལམ་གྱི་ལྟ་ཞིབ་ཚོད་འཛིན་དང་རང་འཕུར་གནམ་གྲུ་ཁ་གསབ་བཅས་བྱ་བའི་ལྟ་ཞིབ་ཚད་ལེན་དང་། ཞིབ་འཇུག་བརྡར་གཅོད།  སྔོན་བརྡ།   ཐག་གཅོད་བཅས་མགོ་མཇུག་བར་གསུམ་གཅིག་ཏུ་སྦྲེལ་བའི་ལྟ་ཞིབ་ཚད་ལེན་གྱི་ཚོར་ཤེས་དྲ་བ་གཟུག་རྒྱུ། “མིས་འགོག་སྲུང་གཙོ་བྱས་པ”ནས“མིས་འགོག་སྲུང་དང་ལག་རྩལ་གྱི་འགོག་སྲུང་ཟུང་སྦྲེལ”གྱི་ཕྱོགས་སུ་བསྒྱུར་བ་དང་། “དོན་དག་གི་རྗེས་སུ་གཞན་སྐུལ་གྱིས་ཐག་གཅོད་བྱེད་པ”ནས“དོན་དག་གི་སྔོན་ལ་རང་རྟོགས་ཀྱིས་སྔོན་འགོག”བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ།   “ཆུ་བོ་རེ་རེ་བདག་དོམ་ཡག་པོ”བྱེད་པར་རྨང་གཞིའི་འདེགས་སྐྱོར་གལ་ཆེན་ཞིག་འདོན་སྤྲོད་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་རིག་ནུས་དོ་དམ་དང་སྲུང་སྐྱོབ་མུ་མཐུད་ནས་སྲ་བརྟན་དུ་གཏང་རྒྱུ་རེད། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།