མཚོ་སྔོན་གྱིས་ཐབས་མང་མཉམ་སྤྱོད་སྒོས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས17ཉིན།  གསར་འགོད་པས“ཁྱོན་ཡོངས་གཏིང་ཟབ་བཅོས་བསྒྱུར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པའི་ཕྲེང་བསྟར་གསར་འགོད་སྒྲོག་སྤེལ་ཚོགས་འདུའི་དངུལ་རྩའི་དོ་དམ་ཆེད་དོན་ཚོགས་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ལྔའི་འཆར་འགོད་བཅུ་བཞི་བ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་།  ཁེ་ལས་ཀྱི་དངུལ་རྩའི་དགོས་མཁོ་ཆེ་རུ་འགྲོ་བཞིན་པའི་རྣམ་པར་དམིགས་ཏེ།  མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཆུང་འབྲིང་གི་མ་དངུལ་མཐུན་སྦྱོར་བྱ་བའི་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཕྱི་ཕྱོགས་ཉོ་ཆོང་ཆེད་དོན་བྱ་བའི་ཚན་ཆུང་ཁ་སྣོན་བྱེད་པ་དང་། “མིང་ཐོ་དཀར་པོའི”སྐུལ་སྤྲོད་ལམ་ལུགས་འཛུགས་པ།  ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་དང་ཁྱད་པར་དུ་ཁེ་ལས་ཆུང་འབྲིང་གི་དཀའ་ཁག་སེལ་བར་ནུས་པ་བཏོན།  ད་ལོའི་ཟླ10བའི་ཟླ་མཇུག་བར་དུ། ལམ་ལུགས་དེས་ཁྱོན་སྡོམ་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཁྱིམ་གྲངས247ལ་དངུལ་བུན་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་བ་དང་། དེའི་ཁྲོད་ཡིན་རྟོན་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་ཡོད།

ད་ལོ་ནས་བཟུང་། མཚོ་སྔོན་གྱི་ཕྱི་ཕྱོགས་ཉོ་ཆོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ།  དུས་ཚིགས་སྔོན་མ་གསུམ་གྱི་ཕྱིར་ཚོང་དང་ནང་འདྲེན་གྱི་ཚད་དེ་ན་ནིང་ལོ་དང་བསྡུར་ན་བརྒྱ་ཆའི45.2འཕར་བ་དང་།  འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།  དངུལ་རྩའི་འགན་སྲུང་ལ་ཤུགས་སྣོན་ཆེད།  ད་ལོའི་ཟླ3པ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དངུལ་རྩའི་དོ་དམ་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཆེད་དོན་བྱ་བའི་ཇུས་གཞི་པར་འགྲེམ་བྱས་པ་དང་།  ད་ཡོད་ཀྱི་དངུལ་རྩའི་མཐུན་སྦྱོར་ལམ་ལུགས་ཁྲོད་ཆེད་དུ་ཕྱི་ཕྱོགས་ཉོ་ཚོང་བྱ་བའི་ཚན་ཆུང་བཙུགས་ནས།  ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཆུང་འབྲིང་དེ་གཙོ་གནད་ཞབས་ཞུ་བྱེད་ཡུལ་དུ་བྱས་པ་དང་། ཐོག་མར་བཅར་འདྲིའི་འབྲེལ་མཐུད་བྱ་བ་སྒྲུབ།

བྱ་བའི་ཁྲོད།  མཚོ་སྔོན་ཞིང་ཆེན་དངུལ་རྩའི་དོ་དམ་ཅུའུ་ཡིས་ཚོང་དོན་དང་སྒོ་ཁྲལ་ལས་ཁུངས། ཁྲོམ་རའི་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས། ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི“མིང་ཐོ་དཀར་པོ”ལེགས་སྒྲིག་བྱས་པར་མ་ཟད།  “མཚོ་སྔོན་ཡིད་རྟོན་དངུལ་རྩའི”སྤྱི་སྟེགས་ལ་བརྟེན་ནས་ཆུས་དང་རྫོང་སོ་སོའི་ཆེད་དོན་འཛིན་གྲྭར་མིང་ཐོ་བརྒྱུད་སྤྲོད་བྱས་པ་དང་།  ཁྱོན་ཡོངས་ནས་དངུལ་རྩའི་དགོས་མཁོ་དག་བཤེར་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱི་གནད་ཁེལ་སྦྲེལ་མཐུད་ལ་སྐུལ་འདེད་བཏང་། དངུལ་ཁང་སོ་སོས་ཁྲིམས་མཐུན་ལུགས་མཐུན་དང་།  ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་འོག  ཧུར་ཐག་གིས་ཡིད་རྟོན་དཔྱད་འཇོག་མ་ལག་ལེགས་བསྒྱུར་དང་། ཆ་རྐྱེན་དང་འཚམ་པའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་ཇེ་ཆེར་བཏང་བར་མ་ཟད། ཁེ་ལས་སྐོར་ཞིག་གི་ཕྱིའི་ཤུགས་རྐྱེན་ཀྱིས་བཟོས་པའི་གནས་སྐབས་ཀྱི་མ་དངུལ་དཀའ་ཁག་ནུས་ལྡན་ངང་ཞི་འཇགས་སུ་བཏང་།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།