གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་པས། ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཐོན་ལས་ཕྲེང་འབྲེལ་རྒྱུན་ཆད་མེད་པར་རྒྱུན་སྲིང་དང་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་སྟེ། སྔར་ལས་མང་པོའི་ཞིང་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་དགོས།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རང་རྒྱལ་གྱིས་ས་གནས་ཁག་གི་ཁྱད་ལྡན་ཐོན་ཁུངས་ལ་རྐང་ཚུགས་ཤིང་། གྲོང་གསེབ་ཀྱི་ནུས་པ་སྣ་མང་རྒྱ་སྐྱེད་དེ། གྲོང་གསེབ་ཀྱི་ཐོན་ལས་བསྟུད་མར་རྒྱ་ཆེར་བཏང་ནས་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་ནུས་ལྡན་བྱས།

དགུན་སྟོད་ཀྱི་དུས་སུ། གཡུར་ཟའི་གྲུབ་འབྲས་བླངས། ཀོང་ཏུང་མེ་ཀྲོའུ་ཡི་ས་མུའུ་སུམ་འབུམ་ལྔ་ཁྲིའི་ཤིང་ཏོག་ཡིའུ་ཙི་སེར་པོ་གཅིག་བསྡུས་ཀྱིས་བཏོག་འགོ་བརྩམས། རྒྱལ་ཡོངས་ཀྱི་ཤིང་ཏོག་ཡིའུ་ཙི5རེའི་ནང་། གཅིག་ནི་གནས་འདི་ནས་ཐོན་པ་ཡིན་ལ།  ད་ལྟ། མའེ་ཀྲོའུ་ཡི་ཡིའུ་ཙིའི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་ཐེར་འབུམ་བརྒྱད་དུང་ཕྱུར་དགུ་ལས་བརྒལ་ནས། ཞིང་དུད་ཆིག་འབུམ་ལྷག་གི་སྒོ་ཁ་ནས་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།

ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ཡུན་རིང་མ་འགོར་བའི་སྔོན་ལ།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ་ས་གནས་ཀྱི་ཐེངས་དང་པོའི་རྟོག་ཞིབ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་མེ་ཀྲོའུ་རུ་ཕེབས་པ་དང་། ཁོང་ཡིའུ་ཙིའི་ནགས་ཚལ་དུ་ཕེབས་ཏེ། ཡུལ་མི་ཚོ་དང་མཉམ་དུ་ཐོན་འབབ་དང་མདུན་ལམ་སྐོར་གླེང་ནས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གནས་ཚུལ་རྒྱུས་ལོན་མཛད། ས་གནས་སོ་སོའི་རྟོག་ཞིབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐེངས་གང་མང་ལ་གྲོང་གསེབ་ཀྱི་ཐོན་ལས་ལ་ལམ་བུ་གསར་པ་གཏོད་པ་དང་ཞིང་པ་ཕྱུག་འགྱུར་གྱི་ཐབས་ལམ་བཏོད། ཧྲན་ཏུང་ཙོ་ཀྲོང་སེ་འབྲུ་འདེབས་འཛུགས་ར་བ་རུ། ཁོང་གིས་བསྟན་དོན། ཐོན་ལས་ཕྲེང་འབྲེལ་རྒྱུན་སྲིང་ནས། ཐོན་ལས་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། ཀན་སུའུ་མའེ་ཅི་ཧྲན་ཧྭ་ཉིག་ཀུ་ཤུའི་རྟེན་གཞིར་ཁོང་གིས་རིགས་སྣ་སྲུང་སྐྱོང་དང་གསོ་སྐྱོང་ལ་ཤུགས་སྣོན། འདེབས་འཛུགས་བྱེད་སྟངས་ལེགས་བསྒྱུར་བྱས་ཏེ། ཚོང་གཉེར་བྱེད་ཐབས་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན། ཧུའུ་པེའི་ཅ་ཡུས་སྔོ་ཚལ་བར་ཁྱམས་སུ་ཁོང་གིས་ཚན་རྩལ་དང་། སྤུས་ཚད། ཟོང་རྟགས་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པའི་བླང་བྱ་བཏོན།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཐུའུ་ཧྲེང་ཝུའེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན་ཞེས་ནན་གྱིས་བསྟན་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཚུན་ལ། ས་གནས་ཁག་གིས་ཞིང་ལས་ཞིང་སྡེའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ཚོང་རའི་དགོས་མཁོ་གསར་པར་ཁ་ཕྱོགས་ཏེ། ལག་རྩལ་དང་གཉེར་འཚོང་བྱེད་ཐབས་གསར་པ་སྤྱད་དེ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པའི་མཉམ་འདྲེས་ལ་ཕན་འབྲས་བཏོན་པ་དང་། གྲོང་གསེབ་ཀྱི་ཐོན་ལས་གནས་ཀྱི་འགག་སྒྲོལ་ནས་མ་ལག་གི་རིམ་སྤོར་མཆོང་སྐྱོད་བྱུང་།  ཞིང་པའི་ཡོང་འབབ་ཇེ་མཐོར་བཏང་བར་མ་ཟད། གྲོང་གསེབ་ཀྱི་འཕེལ་རྒྱས་ལའང་གསོན་ཤུགས་དང་སྒུལ་ཤུགས་བསྩལ།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་འདེགས་ཀྱི་འགུལ་སྐྱོད་སྤེལ་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་མཉམ་འདྲེས་ཀྱི་ལས་སྟེགས་བསྐྲུན་པ་དང་།  ཐོན་ལས་ཕྲེང་འབྲེལ་གྱི་གྲོང་གསེབ་ཐོན་ལས་ཀྱི“འཁོར་རྒྱུག”ཁེ་ལས་གཏོད་པ་སོགས་སྔར་བས་གནད་ལ་ཁེལ་བ་དང་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་བཏོན་པ་དང་། སྣེ་འདྲེན་ལ་ཤུགས་སྣོན་པ་དང་ཕྲེང་འབྲེལ་གསབ་པ། ལས་རྣམ་དར་སྤེལ། ཟོང་རྟགས་གཏོད་པ་བཅས་བྱས་ཏེ། གྲོང་གསེབ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱས།

ཞིང་ལས་ཐོན་ལས་ཕྲེང་འབྲེལ་མྱུར་དུ་རྒྱུན་བསྲིངས་བ་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཚོགས་པ260དང་། དེང་རབས་ཞིང་ལས་ཐོན་ལས་གླིང400།   ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ1909བཅས་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། ས་གནས་ཁག་གིས་ཁྱད་ལྡན་འདེབས་གསོ་དང་ཁྱད་ལྡན་བཟའ་བཏུང་། ཁྱད་ལྡན་ལག་ཤེས་བཟོ་རྩལ་སོགས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཤིང་། ཀུ་ཤུའི་སྡེ་བ་དང་མོག་རོ་ཡུལ་ཚོ།  ཧོང་ཧྭ་གྲོང་རྡལ་སོགས་འགྲན་རྩོད་ཀྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་དར་བཞིན་ཡོད། སྔ་རྗེས་སུ་ཨན་ཡོས་ཉིང་མེང་དང་། ཙའོ་ཀྲོང་སེ་འབྲུ། ཨན་ཅི་ཇ་དཀར་སོགས“ཡུལ་ཚོའི་ཚོང་རྟགས”དང“ས་གནས་ཀྱི་ཚོང་རྟགས”ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད།

ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་བྱུང་།  2024ལོར། རྒྱལ་ཡོངས་ཀྱི་ཞིང་སྡེ་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་ཁྲག་ཆེན་གཉིས་ཁྲག་ཁྲིག་ལྔ་ཐེར་ཆེན་དྲུག་ཟིན་པ་དང་། གྲོང་གསེབ་ཀྱི་སོས་དལ་ཞིང་ལས་ལས་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་དགུ་ཟིན་ཡོད། ཞིང་སྡེའི་གློག་རྡུལ་ཚོང་དོན། ཐད་གཏོང་ཚོང་འདྲེན། གྲོང་གསེབ་ཀྱི་སྤྲོ་གསེང་ཞིང་ལས་སོགས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པས་སྔར་ཡོད་ཀྱི་གྲོང་གསེབ་ཀྱི་ཐོན་ལས་རྣམ་པར་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། ད་ལྟ། གྲོང་གསེབ་ཏུ་སོང་ནས་དམངས་ཤག་ཏུ་འདུག་པ་དང་ཟས་མཆོག་ལ་རོལ་བ། ཁྱད་ལྡན་ཐོན་རྫས་ཉོ་བ་བཅས་ནི་འཛད་སྤྱོད་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

དབུལ་ཐར་མཁྲེགས་གཏོར་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྟུད་མར་ཆེ་རུ་ཕྱིན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་བསྡོམས་པས་སྒོར་ཁྲག་ཁྲིག་བརྒྱད་ཐེར་ཆེན་ལྔ་དུང་ཕྱུར་ལྔ་བཏང་ནས། ཕྱེད་ཀའི་ཡན་ཐོན་ལས་འཕེལ་རྒྱས་ཐད་བཀོལ། དབུལ་ཐར་རྫོང832ཀྱི་རྫོང་ཚང་མས་གཙོ་ཁྲིད་ཐོན་ལས2ནས3བར་གསོ་སྐྱོང་བྱས་ཡོད་པ་དང་།  ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་བདུན་ལས་བརྒལ་བ་དང་། དབུལ་ཐར་མི་གྲངས་བཞི་ཆའི་གསུམ་ཡས་མས་ཀྱིས་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་བདེ་རེག་ཡོད།

“ས་གནས་”ཀྱི་དགེ་མཚན་འདོན་སྤེལ་དང་། “ཁྱད་ལྡན”གྱི་ཚོང་རྟགས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཞིང་། “ཐོན་ལས”ཀྱི་ཕྲེང་འབྲེལ་རྒྱུན་སྲིང་ནས། ས་གནས་སོ་སོས་ཁྱད་ལྡན་ཐོན་ཁུངས་དེ་བས་མང་བ་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར།

ཀུའེ་ཀྲོའུ་ཏའོ་ཁྲིན་གྱིས་བཟའ་ཆས་ཤ་མོའི་ཆེད་ལས་མཉམ་ལས་ཁང85བཙུགས་ཏེ།  ཤ་མོ་རིང་མོ་དང་ཤྭ་རའི་ཤ་མོ་སོགས་འདེབས་འཛུགས་བྱས་ནས་དེང་རབས་རི་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་བཏང་སྟེ། མི་ཆིག་ཁྲི་ལྔ་སྟོང་ལྷག་གིས་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས།

ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་ཐོན་ལས་འཕེལ་རྒྱས་སི་ཡི་སི་ཀྲང་གཞོན་པ་ཕན་དབྱང་པིན་གྱིས་བཤད་རྒྱུར། རྗེས་མར“རང་ས་གནས་ཀྱི་ཁྱད་ཐོན”གྱི་བྱ་བ་ལེགས་པར་བསྒྲུབ་པར་དམིགས་ནས།  ང་ཚོས་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་གཙོ་གནད་དུ་བཟུང་སྟེ་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོ་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གཙོ་གནད་དུ་བཟུང་ནས་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན་དང་། ཞིང་ལས་ཁེ་ལས་རིགས་དབྱེ་སྐྱེད་སྲིང་དང་རྒྱ་སྐྱེད་དེ།  ཞིང་སྡེའི་ལས་གཏོད་ལས་སྤེལ་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞིའི་ནང་བསྟན་དོན།  གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་དེ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་པའི་ཡོང་འབབ་བརྟན་ཐོག་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། “རང་ས་གནས་ཀྱི་ཁྱད་ཐོན”རེ་རེ་ཡུལ་མི་སྤུན་ཟླ་ཚོའི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་གྱི་ཐོན་ལས་ཆེན་པོ་རུ་འགྱུར་སྲིད་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་འགྲོ་བའི་དཔེ་རིས་གསར་པ་ཞིག་རེ་བའི་ཞིང་ནང་དུ་འགྲེམས་སྟོན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།