ལུའོ་ཏུང་ཁྲོན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཁྲིན་དབྱི་ཅན་སོགས་ལ་བཞུགས་མོལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཁྲིན་དབྱི་ཅན་སོགས་ལ་བཞུགས་མོལ་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱི་ཚབ་བྱས་ཏེ་ཁྲིན་དབྱི་ཅན་སོགས་ལ་ཧྲང་ཧའེ་ཡིས་དུས་ཡུན་རིང་པོར་མཚོ་སྔོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་པའི་ཁ་ཕྱོགས་དང་བསྟུན་ནས་མདུན་སྐྱོད་བྱེད་པ་དང་།    གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི“གནས་བཞི”ཡིས་སྣེ་ཁྲིད་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ།    ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་།  སྤུས་ཚད་མཐོ་བའི་སྒོ་ནས་འགུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་མུ་མཐུད་མངོན་དུ་འཇུག་དགོས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཁ་ཕྱོགས་ནས། ཧྲང་ཧེ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་དེ།  གནས་བརྒལ་དཔལ་འབྱོར”དང་དམའ་དབྱིངས་དཔལ་འབྱོར། དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས། དངུལ་རྩ། རིག་གནས་ཡུལ་སྐོར་སོགས་མངའ་ཁོངས་ཐོན་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ནན་མོ་བྱས་ཏེ། རོགས་སྐྱོར་མཉམ་ལས་ཀྱི་རིམ་སྤར་ལ་ཤུགས་སྣོན་པ་དང་། བརྗེ་རེས་དང་འགྲོ་འོང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ།    ལག་གདང་སྦྲེལ་ནས་ཧྲང་ཧའེ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་ལེའུ་གསར་པ་འབྲི་དགོས།

ཁྲིན་དབྱི་ཅན་གྱིས་བསྟན་དོན། ཧྲང་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ནས། ཚད་མཐོའི་མཐོང་ཆེན་དང་མ་ལག་ལྡན་པའི་འཆར་འགོད་བྱས་ཏེ།    “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་སྒྲིག་ཁོངས་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ།    མ་འོངས་པའི་ལོ་ལྔའི་རིང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་ལས་འགན་ཡི་གེ་དང་།    ཨར་ལས་ས་ཁྲ་དང་དུས་ཚོད་རེའུ་མིག་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་དགོས། འགོ་རྩོམ་ས་གསར་པའི་སྟེང་། སློབ་གསོ་དང་སྨན་བཅོས་སོགས་དམངས་ཚིས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མུ་མཐུད་དུ་ཤུགས་འདོན་དགོས་པ་དང་། ཧྲང་ཧའེ་དང་མཚོ་སྔོན་གྱི་ཐོན་ལས་མཉམ་ལས་དང་དངུལ་གཏོང་རྒྱུན་ལྡན་ཅན་དུ་འགྱུར་བའི་བྱ་བར་སྐུལ་འདེད་གཏོང་བའི་མཉམ་འགུལ་རྐྱེན་སྲོལ་འཛུགས་པ་དང་།    ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མཚོ་སྔོན་གྱི་ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ཐད་གཅིག་ཏུ་བསྡུས་ནས། འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་གཏིང་ཟབ་ཏུ་གཏོང་བ་དང་།    “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཁ་གཏད་རོགས་སྐྱོར་བྱ་བ་བདེ་བླག་ངང་མཇུག་བསྡུ་བ། ཧྲང་ཧའེ་དང་མཚོ་སྔོན་ས་ཁུལ་གཉིས་ཀྱི་ཕྱོགས་གཉིས་ཀྱི་ནུས་གནང་དང་གཉིས་ཕན་མཉམ་རྒྱལ་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོར་གཏོང་དགོས།

མཚོ་སྔོན་དུ་སྡོད་སྐབས། ཁྲིན་དབྱི་ཅན་སོགས་ཀྲུང་གོ་གློག་འཕྲིན་གཞི་གྲངས་མཚོ་སྔོན་ལྗང་མདོག་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། མགོ་ལོག་མཚོ་ཤར་སློབ་འབྲིང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་། མཚོ་སྔོན་ཅན་མའོ་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་། དགའ་བདེ་རྫོང་། མགོ་ལོག་ཁུལ་ན་གཞོན་སློབ་ཕྱིའི་བྱ་འགུལ་ལྟེ་གནས་བཅས་སུ་སོང་ནས་རྟོག་ཞིབ་བྱས་པ་མ་ཟད། ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྟེན་གཞི་རུ་སོང་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་ལ་འཚམས་འདྲི་བྱས།

ཀྲང་ཅིན་ཀང་བཞུགས་མོལ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།