ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི2026ལོའི་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ཟླ11པའི་ཚེས21ཉིན་གྱི་ཆུ་ཚོད23དང་སྐར་མ59བར་ཇེ་རིང་དུ་བཏང་བ་དང་། སྐབས་དེར་མཐོ་རྒྱུགས་ལ་མིང་ཐོ་འགོད་སའི་མ་ལག་དུས་ཐོག་ཏུ་སྒོ་རྒྱག་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་དེའི་སྔོན་ལ་མིང་ཐོ་འགོད་ཚར་དགོས།
མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་་རིང་དུ། རྫོང་དང་ཁུལ་སོ་སོས་དུས་མཚུངས་སུ་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལ་ཐོག་མར་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། མིང་ཐོ་བཀོད་ཚར་བ་ནས་ཟླ3པའི་ཟླ་མཇུག་གི་སྔོན་ལ་གྲོང་ཁྱེར་དང་ཁུལ་སོ་སོས་སྒྲིག་འཛུགས་ཐོག་ཁོངས་གཏོགས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལ་བསྐྱར་ཞིབ་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་རིམ་པ་སོ་སོའི་རྒྱུགས་ལེན་ལས་ཁུངས་ཀྱི་བླང་བྱ་ལྟར་འབྲེལ་ཡོད་རྒྱུ་ཆ་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་པ་མ་ཟད། རྒྱུ་ཆ་རྣམས་ཡང་དག་ནུས་ཆོད་ཡིན་པར་ཁག་ཐེག་བྱ་དགོས།
མཚོ་སྔོན་ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་།
2025ལོའི་ཟླ11པའི་ཚེས16ཉིན།