ཞི་ཅིན་ཕིང་གིས་ཁང་ནུ་ལི་ལ་གློག་འཕྲིན་བཏང་ནས་ཨིར་ལན་གྱི་སྲིད་འཛིན་ཁུར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

2025ལོའི་ཟླ་བཅུ་གཅིག་པའི་ཚེས11ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེ་སི་ལིན.ཁང་ནུ་ལི་ལ་གློག་འཕྲིན་བཏང་ནས་ཁོ་མོས་ཨིར་ལན་གྱི་སྲིད་འཛིན་ཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨིར་ལན་གྱིས་ཕྱི་འབྲེལ་བཙུགས་པའི་ལོ་ཞེ་དྲུག་གི་རིང་ལ།  ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མཛའ་གྲོགས་མཉམ་ལས་ཁྲོད་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་བར་གྲུབ་འབྲས་གལ་ཆེན་བླངས། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོས་འགྲོ་འོང་ཟབ་མོ་དང་དངོས་སྒྲུབ་མཉམ་ལས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་བླངས་ཡོད། ངས་ཀྲུང་ཨིར་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྲིད་འཛིན་ཁང་ནུ་ལི་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་བྱས་ཏེ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་འཚོང་ལ་མཉམ་དུ་རྒྱབ་སྐྱོར་དང་། ཀྲུང་གི་དང་ཨིར་ལན་གྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།