སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་ཚེས9ཉིན་གྱི་དགོང་མོ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་མགོ་ཚུགས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད། 

ཚེས9ཉིན་གྱི་དགོང་མོ་ཀོང་ཏུང་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་སུ་གློག་འོད་ཆེམ་ཆེམ་དུ་འཚེར་བ་དང་། སྤྲོ་སྣང་གི་རྣམ་པས་རབ་ཏུ་ཕྱུག འདི་ནི་ཐེངས་དང་པོ་ཡུའེ་ཀང་ཨའོ་ས་ཆ་གསུམ་གྱིས་མཉམ་དུ་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཡིན་པ་རེད། 

ཆུ་ཚོད19དང་སྐར་མ58ཙམ་ལ། སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད།  ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས། གཟིགས་མོ་བ་ཚོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུས་གནང་བ་དང་། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།

ཆུ་ཚོད20ཙམ་ལ། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་དངོས་སུ་མགོ་ཚུགས་པ་རེད། མེས་རྒྱལ་ལ་བསྟོད་གླུ་ལེནཞེས་པའི་གླུ་གཞས་འདིའི་བརྗིད་ཆེའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས། གཟབ་སྦྲེང་དམག་གིས་དམར་མདངས་བཀྲ་བའི་དཀར་ལྔའི་དར་དམར་སྲུང་སྐྱེལ་བྱས་ཏེ་གོམ་སྟབས་མགྱོགས་ལ་བརྟན་པོའི་ངང་ལུས་རྩལ་ཐང་དུ་སླེབས་ཡོད། རྔམ་བརྗིད་ལྡན་པའི་དབྱངས་རྟའི་ཁྲོད། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དེ་བཞིན་དར་ཆ་སྒྲེང་མཁན16ལས་གྲུབ་པའི་ཚོགས་དར་རུ་སྟར་ཚོགས་རར་སླེབས་ཡོད། དེ་རྗེས་ཤན་འབྱེད་པའི་འཐུས་མིའི་རུ་སྟར་ཚོགས་ར་སླེབས་ཡོད། ཁོང་ཚོའི་རྗེས་སུ་ཡོང་མཁན་ནི་འཐུས་མི་ཚོགས་པ37ལས་གྲུབ་པའི་སྐྱེ་སྟོབས་འབར་བའི་ལུས་རྩལ་པའི་འཐུས་མི་ཡིན་པ་དང་། ཁོང་ཚོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེརབཅས་ཁག་དང་། ཤང་གང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས3བཅས་སོ་སོ་ནས་ཡོང་བ་རེད། གཟིགས་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲའི་ཁྲོད་ལུས་རྩལ་པ་རྣམས་ཚོགས་རར་འཛུལ་ཡོད།

ཚོགས་ར་འཛུལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་ཡར་ལངས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད། སྐད་གསང་མཐོ་ཞིང་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ལེན་པའི་སྒྲའི་ཁྲོད། སྐར་ལྔའི་དར་དམར་དལ་བུར་ཡར་སྒྲེང་བཞིན་བར་སྣང་དུ་ལྷབ་ལྷུབ་ཏུ་གཡོ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང། ཤང་གང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཨའོ་མན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲི་ཏན་བཅས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་ཡོད།

ཆུ་ཚོད20དང་སྐར་མ43ལ། ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅོ་ལྔ་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། ཚོགས་ར་ཡོངས་སུ་དགའ་འབོད་ཀྱི་སྒྲས་ཁེངས་ཤིང་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དལ་བུར་བསྒྲེངས་ཡོད། 

ཁྲེན་ཨའེ་སེན་དང་། ཡིའུ་ཅུན་ཞན། ཡོན་ཤོན་ཡུན་བཅས་ཀྱིས་ཁག་སོ་སོར་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ་བཅས་ཀྱི་ཚབ་ཞུས་ནས་དམ་བཅའ་བཞག་ཡོད། 

ཕུགས་འདུན་མངོན་འགྱུརཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་འགོ་ཚུགས་ཡོད་པ་དང་། འཁྲབ་སྟོན་ཧྲིལ་པོརྩ་བ་གཅིག་དང་འབྱུང་ཁུངས་གཅིགཅེས་པ་དང་། སེམས་མཐུན་ལས་མཐུནཞེས་པ། ཕུགས་འདུན་གཅིག་མཉམ་དུ་མངོན་འགྱུར་བྱེདཅེས་པའི་ལེའུ་གསུམ་ལས་གྲུབ་པ་དང་། ལུས་རྩལ་གྱི་གཞི་རྒྱུ་དང་སྒྱུ་རྩལ་གྱི་ཐབས་ལམ། སྔོན་ཐོན་གྱི་ཚན་རྩལ་བཅས་གསར་གཏོད་བཀོལ་སྤྱོད་བྱས་ནས། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིསྤྲོ་སེམས་རྒྱས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་། གསོན་ཤུགས་ལྡན་པའི་ཁུག་པ་ཆེན་མོའི་ཁུལཞེས་པའི་བརྗོད་གཞིར་གསོན་ཉམས་དོད་པོས་འགྲེལ་བརྗོད་བྱས་ཡོད། 

མི་སེམས་འགུལ་བའི་ཚོགས་རའི་ནང་དུ་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོར་མེ་སྤར་བའི་མཛད་སྒོ་འགོ་ཚུགས་ཡོད། ཟླ11ཚེས2ཉིན། སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་གྱི་དཔལ་འབར་དེ་ཀོང་ཏུང་དང་ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་དུ་དུས་མཉམ་དུ་བརྒྱུད་སྤྲོད་བྱས་པ་དང་། མཐར་ཀོང་ཏུང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་སུ་སླེབས་ཡོད། ཀུན་གྱི་དོ་སྣང་འོག མ་ལིན་དང་། ཁྲེན་རུའོ་ལིན། ཧོང་ཅིན་པའོ། ཧྥང་ཝུན་ཧའོ། ཀུའོ་ཅིན་ཅིན། ཝང་ཤིན་ཡུས། ཝང་ལིའུ་དབྱི། ཝང་ཆན་དབྱི། ལེའང་ཝེ་ཁེང་། ལའེ་ཞོན་ཀྲི། ཞན་ཏུང་མེ། རུང་ཀྲི་ཤིང་སོགས་དཔལ་འབར་འཛིན་མཁན12ཀྱིས་གཅིག་འཕྲོར་གཅིག་མཐུད་ཀྱིས་བརྒྱུད་སྤྲོད་བྱས་པ་དང་། མཐར་སུའུ་པིང་ཐེན་དང་། ཀྲང་ཅ་ལང་། ལི་དབྱི་བཅས་ཀྱིས་མཉམ་དུ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོར་མེ་སྤར་ཡོད། 

ཆུ་ཚོད21དང་སྐར་མ27ཐོག སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་དེ་བརྗོད་བྱ་གཙོ་བོའི་གླུ་དབྱངསགནམ་མཚོ་སེམས་མཐུནཞེས་པའི་སྤྲོ་སེམས་འཁོལ་བའི་དབྱངས་འགྲོས་ཁྲོད་ལེགས་འགྲུབ་བྱུང་ཡོད།

ཝང་དབྱི་དང་། ལི་ཧུང་ཀྲུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཝང་ཞའོ་ཧུང་། ཧྲེན་དབྱི་ཆིན། ཝང་ཏུང་ཧྥེང་བཅས་མགོ་ཚུགས་མཛད་སྒོར་ཞུགས་ཡོད།

རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཁའོ་ཝུན་ཁྲུའེ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཚེ་གང་མཚན་འཛིན་ཀྲུའུ་ཞི་པ་ཧོ། དེ་བཞིན་གདན་ཞུས་ལྟར་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་གཟིགས་པར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་བཅས་མགོ་ཚུགས་མཛད་སྒོར་ཞུགས་ཡོད།

སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་ཟླ11ཚེས21ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་། ཁྱོན་ལུས་རྩལ་པ་ཁྲི་1.4ལྷག་ཙམ་རྩལ་འགྲན་འགྲན་སྡུར་རྣམ་གྲངས་ནང་ཞུགས་རྒྱུ་དང་། མང་ཚོགས་ལུས་རྩལ་པ་ཁྲི1.1ཙམ་མང་ཚོགས་འགྲན་སྡུར་བྱེད་སྒོར་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།