མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་བྱ་བའི་ཡུལ་དངོས་གྲོས་ཚོགས་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་གྲོས་ཚོགས་ལ་ཞུགས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དགོན་པའི་མེ་ཟོན་བདེ་འཇགས་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་མེ་ཟོན་བདེ་འཇགས་དེ་དམངས་ཚིས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ནས། འབུར་ཐོན་གྱི་གོ་གནས་གལ་ཆེན་སྟེང་བཞག་ཅིང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ཡོད། ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། གནས་ཡུལ་སོ་སོས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་ཀྱི་ཉམས་ཉན་ལས་རིམ་དང་། འགག་རྐྱེན་གནད་དོན། བྱ་བའི་མི་འདང་ས་བཅས་ལ་དམིགས་ནས། ཐུན་མོང་ཇུས་བསྟར་དང་ཤུགས་མཉམ་འདོན་གྱིས་འགག་སྒྲོལ་བྱེད་དགོས་ལ། མེ་ཟོན་བཟོ་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱེད་པ། གཏན་འབེབས་སྲིད་ཇུས་དང་ལག་བསྟར་བྱེད་ཐབས་གཏན་འབེབས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ཐད་ཕྱོགས་ཡོངས་ནས་ཡར་ཐོན་གྱི་འབྲས་བུ་ལོན་ཞིང་། མེ་སྐྱོན་དོན་རྐྱེན་གཅིག་ཀྱང་མ་བྱུང་བའི་རྣམ་པ་ལེགས་པོ་སྲུང་འཛིན་བྱས་ཡོད།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་བྱ་བའི་ཡུལ་དངོས་གྲོས་ཚོགས་ཤིག་ཡིན་ལ། སློབ་སྦྱོང་ལྟ་སྦྱོང་དང་། ཡུལ་དངོས་སློབ་ཁྲིད། བརྗེ་རེས་དང་དཔྱད་གཞིར་བཟུང་སྟེ། སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཇེ་མཐོ། འགན་འཁྲི་ནན་དཀྲི། དངོས་འབེབས་དམ་འཛིན་བཅས་བྱས་ནས། གནས་བབ་གསར་པའི་འོག་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད།
སྐབས་དེར། ཚོགས་ཞུགས་མི་སྣས་རོང་བོ་དགོན་པས་རིག་ནུས་མེ་ཟོན་བེད་སྤྱོད་གཏོང་བ་སོགས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བཅོས་སྐྱོང་གི་བྱེད་ཐབས་གསར་པར་ལྟ་ཞིབ་སློབ་སྦྱོང་བྱས། ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཚོགས་ཞུགས་དགོན་པའི་དོ་དམ་ལས་ཁུངས་དང་མི་རིགས་ཆོས་ལུགས་ལས་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་པར་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་དཔེ་ཁྲིད་གསོ་སྦྱོང་སྤེལ།