མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཧྥུ་ཅན་ཕན་ཕན་ཟས་རིགས་སྡེ་ཚོགས་ཀྱི་སྤྱི་འདོམས་པ་ཚའེ་ཅིན་ཁྲའེ་དང་ཆོན་ཀྲོའུ་གྲོང་ཁྱེར་ཟས་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་བཞུགས་མོལ་བྱས།
ལུའོ་ཏུང་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚའེ་ཅིན་ཁྲའེ་དང་ཆོན་ཀྲོའུ་གྲོང་ཁྱེར་ཟས་རིགས་ལས་རིགས་མཐུན་ཚོགས་ཀྱི་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་ཆོན་ཀྲོའུ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི“འཛམ་གླིང་ཞིམ་ཟས་ཕ་ས”ཡིན་ལ། རྒྱལ་ཡོངས་ཀྱི་ཞོར་ཟས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཡང་ཡིན། ཟས་རིགས་ཐོན་ལས་ལ་ཟོང་རྟགས་ཕན་ནུས་དང་གཞི་ཁྱོན་གྱི་དགེ་མཚན་མངོན་གསལ་ལྡན། མཚོ་སྔོན་ཞིང་ཕྱུགས་ཐོན་རྫས་དང་མཐོ་སྒང་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཧ་ཅང་འཛོམས་པོ་ཡོད། དེང་སྐབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པ་དང་། ཆོན་ཀྲོའུ་ཟས་རིགས་ཐོན་ལས་ཀྱི་མཉམ་ལས་བར་སྟོང་ཧ་ཅང་ཡངས་ཟེར། ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་སྦྲེལ་མཐུད་ཇེ་དམ་དུ་བཏང་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན། སྨན་རྫས་དང་ཟས་རིགས་ཀྱི་འབྱུང་ཁུངས་གཅིག་པའི་ཟས་རིགས་དང་ཁྱད་ལྡན་ཟས་རིགས་ཞིབ་སྤེལ། ཞིང་ལས་ཐོན་རྫས་ཀྱི་ཐོན་གྲངས་མང་བའི་ཉོ་འཚོང་། ཟོང་རྟགས་གཉེར་འཚོང་། ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཡར་སྐུལ་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱུན་མཐུད་ངང་རྒྱ་བསྐྱེད་དེ། ལག་གདང་སྦྲེལ་ནས་མཉམ་རྒྱལ་འཕེལ་རྒྱས་འབྱུང་བར་རེ་བ་བྱས་ཡོད།
ཚའེ་ཅིན་ཁྲའེ་དང་ཆོན་ཀྲོའུ་གྲོང་ཁྱེར་ཟས་རིགས་ལས་རིགས་མཐུན་ཚོགས་ཀྱི་ཁེ་ལས་པས་སོ་སོར་མཐུན་ཚོགས་དང་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། མཉམ་ལས་ལ་ཤུགས་སྣོན་པའི་གྲོས་གཞི་བཏོན་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ཁུངས་དགེ་མཚན་དང་ཟུང་འབྲེལ་སྒོས། ཐོན་ལས་བཀོད་པ་འབད་པས་ཇུས་འགོད་དང་། ཞིབ་སྤེལ་གསར་གཏོད་ཀྱི་ནུས་ཤུགས་ཆེར་བསྐྱེད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཞིབ་ཚགས་ལས་སྣོན་ལ་སྐུལ་འདེད། དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཐོབ་པར་མགྱོགས་མྱུར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན།
ཚེ་རིང་ཐར་བཞུགས་མོལ་ལ་ཞུགས།