ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྣམས་ལ།
ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐབས་འདིར་ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས26པ་བསུས། གཟི་བརྗིད་དང་སྤོབས་པས་ཁེངས་པའི་ཉིན་མོ་འདིར་ལྷག་བསམ་འཁོལ་བའི་ངང་ཁྱེད་ཚོར་འཚམས་འདྲི་ཞུས་པ་ཡིན། མཚོ་སྔོན་གྱི་གསར་འགྱུར་ལས་དོན་ལ་མི་ཚེ་ཧྲིལ་བོར་འབད་པ་གནང་མཁན་དང་བྱས་རྗེས་འཇོག་མཁན་གྱི་གསར་འགྱུར་ལས་དོན་པ་རྒན་རབས་དག་ལ་གུས་བཀུར་བླ་མེད་ཞུས་པ་ཡིན། དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་གསར་འགྱུར་ལས་དོན་འཕེལ་རྒྱས་ཐད་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། རང་རྟོགས་ཀྱིས་འགན་འཁྲི་དང་དུ་བླངས་ཤིང་དུས་དང་རྣམ་པ་ཀུན་དུ་བློ་སྤོབས་ཆེར་བསྐྱེད་ཀྱི་བསམ་བློའི་རྣམ་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་ངར་ཤུགས་རྒྱུན་འཁྱོངས་ཀྱིས་མཚོ་སྔོན་གྱི་སྤུས་ལེགས་འཕེལ་རྒྱས་ཐད་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད། ད་ལོར་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་ལྟེ་བར་དམིགས་པ་དང་སྤྱི་ཕྱོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གི་ནང་དོན་དྲིལ་སྒྲོག་གང་ལེགས་དང་གཙོ་རྒྱུགས་བསམ་བློའི་གླེང་ཕྱོགས་སྔར་ལས་ཇེ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། དྲིལ་སྒྲོག་སྣེ་ཁྲིད་དང་སྨྱན་སྦྱོར་མཉམ་བསྲེས། བཅོས་བསྒྱུར་གསར་སྐྲུན། འཇོན་མིའི་དཔུང་སྡེ་སྒྲིག་འཛུགས་སོགས་ཀྱི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད། ལོ་ངོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་བཅོས་བསྒྱུར་གསར་སྤེལ་དང་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་ཀྱིས་གནས་བབ་གསར་བར་བསྟུན་པ་དང་གཡུལ་ས་གཙོ་བོར་གྲ་སྒྲིག་བྱས་ཏེ། གཙོ་རྒྱུགས་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་བཅོས་བསྒྱུར་བྱ་བའི་ཁྲོད་ཧུར་ཐག་སྒོས་ཞུགས་ནས་ཁྱོན་ཡོངས་སྨྱན་སྦྱོར་གྱི་སྒྲོག་སྤེལ་མ་ལག་འཛུགས་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་བཏང་ཡོད། ལོ་གཅིག་ནང་། རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཕན་ནུས་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད་ལ། མཚོ་སྔོན་ས་གནས་ཀྱི་རིག་གནས་ཁྱད་ཆོས་ལ་བརྟེན་ནས་སྒྲོག་སྤེལ་གྱི་ཟུར་སྣེ་མི་འདྲ་བ་དང་གཏམ་རྒྱུད་མི་འདྲ་བ། མཚོན་སྟངས་མི་འདྲ་བ་བཅས་གསར་སྐྲུན་གྱིས་དུས་རབས་གསར་བའི་མཚོ་སྔོན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་གི་སྐད་བརྡའི་མ་ལག་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་མ་འོངས་པའི་ལོ་ལྔའི་ཧུར་ཐག་དམིགས་འབེན་གྱི་དུས་རབས་དུང་བརྡ་བསྒྲགས་ཡོད། རྒྱ་ཆེའི་གསར་འགྱུར་ལས་དོན་པས་ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་གཏིང་ཟབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་ལ་བཏོན་པའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། མཚོ་སྔོན་ལ་རྐང་ཚུགས་པ་དང་བློས་གཏོང་གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས་མཐོ་སྒང་གི་བརྩེ་བ་གཏིང་ཇེ་ཟབ་དང་མཚོ་སྔོན་གྱི་སྐད་སྒྲ་དྲིལ་སྒྲོག་གང་ལེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་སྔོན་བརྩོན་གྱི་བསམ་པའི་སྟོབས་ཤུགས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་མ། དུས་རབས་གསར་བའི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་འཁྲི་ཁུར་དུ་བླངས་ནས་ཀྲུང་གོའི་ལུགས་ཀྱི་དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་བཞེངས་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་པའི་རེ་བ་བཏོན་པ་ཡིན།
མཐར་རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྣམས་ལ་དུས་ཆེན་ལ་སྤྲོ་པོ་ཡོང་བ་དང་། སྐུ་གཟུགས་བདེ་ཐང་། བྱ་བ་ལམ་འགྲོ། ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ།
མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་དོན་པའི་མཐུན་ཚོགས།
2025ལོའི་ཟླ11པའི་ཚེས 7ཉིན།