མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་མཐོ་སྒང་གི་འབད་འཐབ་པ་ལས་ཆེས་མཛེས་པའི་གྲོང་གསེབ་དར་སྤེལ་མཁན་ཞེས་པ་དངོས་སུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11པའི་ཚེས5ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཆེས་མཛེས་པའི་མཐོ་སྒང་གི་འབད་འཐབ་པ་ལས་ཆེས་མཛེས་པའི་གྲོང་གསེབ་དར་སྤེལ་མཁན་ཞེས་པའི་ཁྱབ་བསྒྲགས་མཛད་སྒོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས།

བྱེད་སྒོའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཆེར་དར་སྤེལ་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་ཆེས་མཛེས་པའི་སྔོན་ཐོན་དཔེ་མཚོན་སྔོག་འདོན་བྱེད་པ། གྲོང་གསེབ་དར་སྤེལ་གྱི་གཏམ་རྒྱུད་ལེགས་པོར་བཤད་དེ། རྒྱ་ཆེའི་ལས་བྱེད་མང་ཚོགས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཞིང་གསུམ་བྱ་གཞག་ཁྲོད་ཞུགས་པར་སྔར་ལས་སྐུལ་སློང་བྱེད་པ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བསམ་པའི་སྟོབས་ཤུགས་དྲག་པོ་གཅིག་སྡུད་བྱ་ཆེད་རེད།

བྱེད་སྒོའི་སྔོན་ལ། གཙོ་སྒྲུབ་ལས་ཁུངས་ཀྱིས་རྒྱ་ཆེར་སྐུལ་སློང་དང་རྩ་འཛུགས་འོས་སྦྱོར། ཐོབ་ཐང་ཞིབ་བཤེར་སོགས་ཀྱི་གོ་རིམ་བརྒྱུད་དེ། ཡུན་རིང་བོར་མཚོ་སྔོན་གྱི་ཞིང་ལས་ཞིང་སྡེའི་ལས་ཡུལ་དང་པོར་རྐང་འཛུགས་པའི་ཆེས་མཛེས་པའི་གྲོང་གསེབ་དར་སྤེལ་མཁན་བཅུ་བདམས་ཐོན་བྱུང་། ཁྱབ་བསྒྲགས་ཡུལ་དངོས་སུ། སྤྲོ་སྐྱིད་གཞིས་ཁྱིམ་དང་ལོ་ལེགས་དགའ་སྤྲོ། མཛེས་སྡུག་འཚོ་བ་བཅས་ཀྱི་གནད་ཚིག་ཆེན་པོ་གསུམ་ལ་དམིགས་ནས། གཏམ་རྒྱུད་མཉམ་སྤྱོད་དང་སྣ་མང་སྒྱུ་རྩལ་འཁྲབ་སྟོན་སོགས་བརྒྱུད་དེ། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་མངོན་པ་དང་ལས་ཡུལ་དང་པོའི་འབད་འཐབ་པར་གུས་འདུད་ཞུས།

གྲོང་གསེབ་དར་སྤེལ་གྱི་རླབས་ཆེན་བྱ་གཞག་ཁྲོད། མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་གྱི་སྣེ་ཁྲིད་པས་མེ་སྟག་གིས་རྩྭ་ཐང་སྲེག་པ་ལྟར་མཐོ་སྒང་གི་རེ་འདུན་གསལ་བར་བྱས། ཁོ་ཚོ་མཚོ་སྔོན་གྱི་རྩྭ་ཐང་དང་སྡེ་བར་རྐང་བཙུགས་ཤིང་། ལས་ཡུལ་དང་པོར་གཞི་ཚུགས་ཡོད། དངོས་སྒྲུབ་ནི་ཁོ་ཚོའི་རང་མདངས་ཡིན་ལ། ཁག་ཁུར་ནི་ཁོ་ཚོའི་སྤྱོད་ཚུལ་ཡིན་པས། ཁོ་ཚོས་རྗེས་ལུས་ཀྱི་དཀའ་གནད་སེལ་ཐབས་བྱས་ཏེ། རང་དགར་བཞག་པའི་ཐོན་ཁུངས་དེ་ཕྱུག་འགྱུར་གྱི་རྒྱུ་ནོར་དུ་བརྩི་བ་དང་། སྲིད་ཇུས་ཀྱི་ཁེ་ཕན་དང་ཞིང་སྡེའི་བློ་གྲོས་མཉམ་འདྲེས་བྱེད་ཅིང་། དཀའ་སྡུག་གི་གོམ་སྟབས་ཀྱིས་འཕེལ་རྒྱས་ཀྱི་མྱུར་ཚད་ཚད་འཇལ་བྱས་ནས། འབད་འཐབ་ལྷོད་མེད་ཀྱིས་ཞིང་དར་ཞིང་ཕྱུགས་ཀྱི་དུས་རབས་ཀྱི་ཁག་ཁུར་འགྲེལ་བཤད་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།