ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྒྲོག་བཤད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

 བསྟུད་མར་ཉིན་འགའི་རིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་རུ་སྒྲོག་བཤད་བྱས་པ་མ་ཟད། གཞི་རིམ་དུ་ལས་བྱེད་མང་ཚོགས་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་དངུལ་རྩ་གཞུང་སྒྲུབ་ཁང་གི་རྒྱུན་གཏན་བྱ་བར་ལས་བགོས་འགན་གཉེར་བྱེད་མཁན་གྱི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་རྒྱུན་གཏན་བྱ་བར་ལས་བགོས་འགན་གཉེར་བྱེད་མཁན་གྱི་ཧྲུའུ་ཅི་གཞོན་པ་ཝང་ཅང་གིས་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན།  དངུལ་རྩའི་ཁོངས་གཏོགས་ལས་ཁུངས་སུ་སྒྲོག་བཤད་བྱས། ཝང་ཅང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་སོགས་ཀྱི་ཐད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཀྲུང་དབྱང་དངུལ་རྩ་གཞུང་སྒྲུབ་ཁང་གི་རྒྱུན་གཏན་བྱ་བར་ལས་བགོས་འགན་གཉེར་བྱེད་མཁན་གྱི་ཀྲུའུ་རིན་གཞོན་པ་ཝང་ཅང་གིས་བཤད་རྒྱུར། དངུལ་རྩའི་བྱ་བའི་ཐད་ནས་བལྟས་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཁྱབ་ཁོངས་ཁག་གི་དམིགས་འབེན་དང་ཟུང་སྦྱོར་བྱས་ནས་གྲུབ་པའི་སྤྱི་ཡོངས་ཀྱི་དམིགས་འབེན་ཡིན་པ་དང་། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་གཉིས་ནི་ཆ་ཤས་ཀྱིས་སྤྱི་ཡོངས་ལ་བསྟུན་པ་དང་། དམིགས་འབེན་བགོས་ནས་སྤྱི་ཡོངས་ཀྱི་དམིགས་འབེན་ལ་ཞབས་འདེགས་ཞུ་བའི་འབྲེལ་བ་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ནི། དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཀྱང་རེད།

ཝང་ཅང་ད་དུང་ཀྲུང་གོ་ཞིང་ལས་དངུལ་ཁང་པེ་ཅིང་གྲོང་ཁྱེར་ཡན་ལག་དངུལ་ཁང་ལས་གཉེར་པུའུ་ལ་ཡོང་སྟེ། ཡུལ་དངོས་དང་པོའི་ལས་བྱེད་མི་སྣ་དང་བཞུགས་མོལ་བྱས། 

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཚན་རིག་ལག་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་དབྱིན་ཧོ་ཅུན་གྱིས་ཟླ11ཚེས4ཉིན་ཧུའུ་པེ་རུ་སྒྲོག་བཤད་སྙན་ཞུ་བྱས། དབྱིན་ཧོ་ཅུན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སློབ་སྟོན་བྱེད་ཕྱོགས་དང་། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་སོགས་ཀྱི་ཐད་གོ་བ་གཏིང་ཟབ་བླངས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཚན་རིག་ལག་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་དབྱིན་ཧོ་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་བླངས་པའི་གྲུབ་འབྲས་གལ་ཆེན་དང་། བཀོད་སྒྲིག་གལ་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས། དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་། སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་བྱས་རྗེས་ངོ་མཚར་ཅན་གཉིས་ཀྱི་ལེ་ཚན་གསར་པ་མུ་མཐུད་འབྲི་དགོས་ལ། སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བསྐྲུན་པའི་ལོ་རྒྱུས་རང་འགུལ་གྱིས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་འཕེལ་བར་ཤུགས་རྐྱེན་གལ་ཆེ་ཞིང་གཏིང་ཟབ་མོ་ཐེབས།

དབྱིན་ཧོ་ཅུན་ད་དུང་ཧྭ་ཀུང་ཚན་རྩལ་རིག་ནུས་བཟོ་སྐྲུན་མ་འོངས་ཐོན་ལས་གླིང་དང་། ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་བྲག་ས་ཤུགས་རིག་ཞིབ་འཇུག་ཁང་དུ་བསྐྱོད་དེ། ཚང་མ་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིའུ་ཝེ་ཡིས་ཟླ11ཚེས3ཉིན་ཧྲའན་ཞི་རུ་སྒྲོག་བཤད་སྙན་ཞུ་བྱས། ལིའུ་ཝེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནས་བབ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་སོགས་ཀྱི་ཐད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིའུ་ཝེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས། དངོས་སུ་ཇུས་འགོད་དང་བཀོད་སྒྲིག འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང《གྲོས་གཞི》ཡི་ནང་དུ་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཉམས་ཞན་ས་ཁུལ་དུ་ཁེབས་པ་དང་ཤར་བགྲོད་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་ནན་གྱིས་བསྟན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གཞི་རྩའི་ཆ་ནས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས།

ལིའུ་ཝེ་ད་དུང་མྱུར་བགྲོད་ལྕགས་ལམ་ཞི་ཨན་འབབ་ཚུགས་ཤར་མའི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དང་ཁྲང་ཨན་སློབ་ཆེན་དུ་སོང་སྟེ། ཁེ་ལས་ཀྱི་ལས་བཟོ་པ་དང་དགེ་སློབ་ཀྱི་འཐུས་མི་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཆུ་བེད་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི། པུའུ་ཀྲང་ལིའུ་གོ་དབྱིན་གྱིས་ཟླ11ཚེས3ཉིན་ཧྥུ་ཅན་དུ་སྒྲོག་བཤད་སྙན་ཞུ་བྱས། ལིའུ་གོ་དབྱིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་། ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་གཞི》ལ་རྩེ་གཅིག་ཏུ་དམིགས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་ཕྱོགས་ཡོངས་ནས་གོ་བ་ལེན་པ་སོགས་ཀྱི་ཐད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱས་བཤད་གཏིང་ཟབ་བྱས།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ཆུ་བེད་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལིའུ་གོ་དབྱིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་ལ་ཟབ་པ། ཚང་འཛོམས་གྲོས་ཚོགས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་བླང་བྱ། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལེགས་པར་མངོན་ཡོད་ལ། དགོངས་པ་འདིའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་དང་ལག་ལེན་གྱི་བླང་བྱ་སྦྲེལ་ཡོད།

ལིའུ་གོ་དབྱིན་ད་དུང་ཧྥུའུ་ཀྲོའུ་གྲོང་ཁྱེར་མིང་ཅང་གཙང་པོའི་གཞུང་རྒྱུན་ཞོད་འགོག་མཐོར་འདེགས་བཟོ་གྲྭའི་ཨར་ལས་ཡུལ་དངོས་སུ་སོང་སྟེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།