ཟླ10པའི་ཚེས26ཉིན་ནས་ཟླ11པའི་ཚེས1ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་དང་། ཀན་ཀྲོའུ་གྲོང་ཁྱེར། ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར། ཞ་མིན་གྲོང་ཁྱེར། ཕུའུ་ཐེན་གྲོང་ཁྱེར། ཧྥུའུ་ཀྲོའུ་གྲོང་ཁྱེར་བཅས་སུ་སོང་ནས་འཐུས་མིའི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས།
སློབ་སྦྱོང་རྟོག་ཞིབ་ཚན་ཆུང་གིས་སོ་སོར་ཞིང་ཆེན་གཉིས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས། ནན་ཁྲང་གྲོང་ཁྱེར་དམངས་ཆེན་འཐུས་མིའི་འགན་སྒྲུབ་ཞབས་ཞུ་ལྟེ་གནས་དང་། ཀན་ཀྲོའུ་གྲོང་ཁྱེར་ཀྲང་གུང་ཆུས་བཅིངས་འགྲོལ་སྲང་ལམ། ལུང་ཡན་གྲོང་ཁྱེར་ཡུང་ཏིན་ཆུས་ཧུའུ་ཁང་གྲོང་རྡལ་སོགས་ས་ཁུལ་གྱི་དམངས་ཆེན་འཐུས་མི་བརྒྱད་ཀྱི་ས་ཚིགས་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་སློབ་གསོའི་རྟེན་གཞི་རུ་རྟོག་ཞིབ་བྱས་ཏེ། ཞིང་ཆེན་གཉིས་ཀྱི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོ་བཅོས་གཏན་འབེབས་དང་། འཐུས་མིས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ། འཐུས་མིའི་འགན་སྒྲུབ་གཡུལ་སའི་འཛུགས་སྐྲུན། འཐུས་མིའི་ལས་འགན་སྒྲུབ་ཚུལ་སྙན་ཞུ། འཐུས་མིའི་འགན་སྒྲུབ་འགན་སྲུང་སོགས་ཀྱི་བྱ་བ་སྤེལ་བའི་གནས་ཚུལ་དང་རིམ་པ་སོ་སོའི་དམངས་ཆེན་གྱིས་གྲོས་ཚོགས་མཚམས་བཞག་པའི་སྐབས་སུ་འཐུས་མིའི་འགན་སྒྲུབ་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས།
སློབ་སྦྱོང་རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཅང་ཞི་དང་ཧྥུའུ་ཅན་ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་ཉམས་མྱོང་དང་བྱེད་ཐབས་དེ་རང་ཞིང་གིས་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོ་བཅོས་གཏན་འབེབ་དང་། དམངས་ཆེན་འཐུས་མིའི་བྱ་བའི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འཐུས་མིའི་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་སློབ་སྦྱོང་རྟོག་ཞིབ་ནི་མཐོང་རྒྱ་བསྐྱེད་པ་དང་བསམ་ཕྱོགས་རྒྱ་བསྐྱེད་པ། ཚད་ཤིང་འཛུགས་པ་དང་མི་འདང་ས་གསབ་པའི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་འགྲུལ་བཞུད་ཅིག་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཐོག་མའི་སེམས་འདུན་གྱི་འགྲུལ་བཞུད་ཐེངས་ཤིག་ཀྱང་ཡིན་པས། སློབ་སྦྱོང་བསམ་གཞིགས་དང་ལག་ལེན་མཐིལ་རྟོགས་ཀྱི་ཁྲོད་ནང་སེམས་སུ་འཇགས་པར་བྱེད་པ་དང་། ཕྱིའི་བྱ་སྤྱོད་ལས་ལག་ལེན་དུ་བསྟར་དགོས། བསྐྱོད་ལམ་གསར་པའི་སྟེང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ལེགས་པོ་བཅས་བྱས་ཏེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དམངས་ཆེན་བྱ་བའི་ཕྱོགས་སོ་སོ་དང་ལས་རིམ་སོ་སོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། འཐུས་མིས་ཁྲིམས་ལྟར་གོ་རིམ་ཡོད་ཅིང་ཚད་ལྡན་སྒོས་འགན་སྒྲུབ་བྱེད་པར་སྔར་ལས་ལྷག་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དམངས་ཆེན་གྱི་ཁག་ཁུར་མངོན་པ་དང་འཐུས་མིའི་སྟོབས་ཤུགས་འབུལ་དགོས།