ཟླ11པའི་ཚེས4ཉིན། མཚོ་སྔོན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གླེང་སྟེགས་འགོ་བརྩམས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གླེང་སྟེགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མཐོ་ས་ནས་སྐུལ་འདེད་གཏོང་བ་དང་འཆར་འགོད་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས། དཔེ་སྟོན་འགུལ་རྣམ་དོ་དམ་སོགས་རྐྱེན་སྲོལ་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཞིབ་འཇུག་བྱེད་པའི་ལྟེ་བ་གཅིག་དང་རྟེན་གཞི་གསུམ་འཛུགས་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཐུན་སྦྱོར་རྐྱེན་སྲོལ་གྱི་བྱེད་ནུས་འདོན་སྤེལ་བྱེད་པ། བརྗེ་རེས་དང་འགུལ་སྐྱོད་བཅུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བསྐྱོད་པ་བཅུ་སོགས་ལག་ལེན་བྱ་འགུལ་འཚོལ་ཞིབ་བྱས་ཏེ་སྤེལ་བ། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་བར་ཁྱད་ཅན་གྱི་སྲིད་ཇུས་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་པ། མི་རིགས་སོ་སོ་ཕྱོགས་ཡོངས་ནས་གནས་སྤོ་བར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས།
གླེང་སྟེགས་དེ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་ཤིང་། མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ཞིབ་འཇུག་གཏིང་ཟབ་བྱེད་པར་དམིགས་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྤྱི་སྡོམ་དང་སྲ་བརྟན་དུ་བཏང་སྟེ། ཚད་གཞི་མཐོན་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་དུ་བསྙེག་པར་སྐུལ་འདེད་གཏོང་དགོས། གླེང་སྟེགས་ཀྱི་རྣམ་པ་གསར་བ་གསར་རྐྱང་ཡིན་ལ། གཙོ་དོན་སྙན་ཞུ་དང་རིག་གཞུང་སྙན་ཞུ། མཉམ་གཤིབ་གླེང་སྟེགས་བཅས་རིགས་གསུམ་དུ་བགར་ཡོད་པ་དང་། གཙོ་དོན་སྙན་ཞུ་ཡིས་བསམ་བློ་གཅིག་གྱུར་བྱས་ཏེ་སྲ་བརྟན་གཙོ་ཐིག་ཏུ་བཟུང་ནས་གྲོས་བསྡུར་ཁ་ཕྱོགས་གཏལ་འཁེལ་བྱས། རིག་གཞུང་སྙན་ཞུ་ཡིས་བརྗེ་རེས་གཏིང་ཟབ་བྱས་པ་དང་མདུན་ལྗོངས་གྲུབ་འབྲས་མཉམ་སྤྱོད་བྱས། མཉམ་གཤིབ་གླེང་སྟེགས་དེ་བརྗོད་དོན་གཙོ་བོ་གསུམ་ལ་དབྱེས་ཡོད་ཅིང་། གླེང་སྟེགས་ལ་ཞུགས་མཁན་ཚོས་རང་རང་གི་མྱོང་ཚོར་གླེང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་གླེང་སྟེགས་ཀྱི་བརྗོད་དོན་ལ་དམིགས་ནས་ཁྱབ་ཁོངས་མི་འདྲ་བ་དང་ཟུར་ཚད་མི་འདྲ་བ་ནས་གཏམ་བཤད་བྱས་ཏེ། མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་ཕུལ། གླེང་སྟེགས་ལ་ཞུགས་མཁན་རྣམས་ད་དུང་མཚོ་བྱང་ཁུལ་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།