རྒྱ་ལོའི་ལོ་སར་ལ་ཉིན9ཡི་གུང་གསེང་ཡོད། 2026ལོའི་གུང་གསེང་ལོ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུང་ཐིང་གིས2026ལོའི་དུས་ཆེན་དང་གུང་གསེང་ཉིན་མོ་ཁག་ཅིག་བཀོད་སྒྲིག་ཐད་ཀྱི་བརྡ་ཐོ་འགྲེམ་སྤེལ་བྱས། བརྡ་ཐོ་ལྟར་ན། ལུགས་གསར་ལོ་སར་ཟླ1པའི་ཚེས1ནས་ཚེས3བར་ཁྱོན་ཉིན3ལ་གུང་གསེང་གཏང་རྒྱུ། རྒྱ་ལོའི་ལོ་སར་ཟླ2པའི་ཚེས15ནས་ཚེས23བར་ཁྱོན་ཉིན9ལ་གུང་གསེང་གཏང་རྒྱུ། ངལ་རྩོལ་དུས་ཆེན་ཟླ5པའི་ཚེས1ནས་ཚེས5བར་ཁྱོན་ཉིན5ལ་གུང་གསེང་གཏང་རྒྱུ་ཡིན་ནོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།