བསྟུད་མར་ཉིན་འདི་འགར། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་སྐྲུན་པར་སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱ་དགོས་ཟེར།
ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ལ་རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་བླངས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཁྲོད་སྔ་ཤུལ་ཕྱི་འཛིན་གྱི་གོ་གནས་གལ་ཆེན་བཟུང་ཡོད། ཚང་མས་བསྟན་དོན། གྲུབ་འབྲས་གལ་ཆེན་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ལ་ཐུག་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ། རང་རྒྱལ་ལ་འཕེལ་རྒྱས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ལ། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཤིན་ཏུ་མང་། “གཏན་ཕབ་གཉིས”ནི་ང་ཚོ་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། ངེས་པ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེ་ཤོས་དང་། གདེང་ཚོད་ཆེ་ཤོས། འགན་ལེན་ཆེ་ཤོས་དེ་ཡིན།
ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཀུའུ་ཀྲེན་ཁྲུན་གྱིས་བཤད་རྒྱུར། “གཏན་ཕབ་གཉིས”ཀྱི་ལག་ལེན་དངོས་ཀྱིས་ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་གཞི་རླབས་པོ་ཆེ་དོན་དངོས་སུ་འགྱུར་བའི་བརྒྱུད་རིམ་དུ་ང་ཚོའི་བཅོས་སྒྱུར་གྱི་བགྲོད་ལམ་དེ་སྔར་བས་རྒྱ་ཆེ་ཞིང་ཁོད་ཡངས་པ་ཞིག་ཡིན་ལ། ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་དུ་འགྲོ་བར་ར་སྤྲོད་གང་ལེགས་བྱས་པ་དང་། ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་བསམ་སྦྱོར་གཉིས་ཐད་ནས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། རྟོག་ཞིབ་ཟབ་མོ་དང་སྤུས་ཚད་མཐོ་བའི་སྲིད་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར།
ཀྲུང་གོའི་དམངས་གཙོའི་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། ཝུའུ་ཝེ་ཧྲན་གྱིས་བཤད་རྒྱུར། ང་ཚོ་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པ་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད་པར་མ་ཟད།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་བཞེངས་པའི་འཆར་འགོད་རླབས་པོ་ཆེ་ལ་སྐུལ་ལྕག་ཆེན་པོ་ཐེབས་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བཟང་པོ་དང་། དྲིལ་སྒྲོག་བཟང་པོ། ལག་བསྟར་བཟང་པོ་བྱ་རྒྱུ་ནི། ང་ཚོའི་ད་ལྟ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། དམངས་གཙོའི་མནའ་འབྲེལ་གྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བྱ་སྤྱོད་ཀྱི་ཐོག་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བའི་ཐད་ནས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་། འགན་སྒྲུབ་ཐབས་འདོན་གྱི་ཐད་ལ་བྱས་རྗེས་གསར་པ་འཇོག་པར་མྱོང་ཚོར་ཟབ་མོ་བྱུང་ཡོད་ཟེར།
ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་སུན་ཅུས་ཧྲིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དུ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ལ་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། ཁོར་ཡུག་གི་འགྱུར་བ། འཐབ་ཇུས་དམིགས་འབེན། གཙོ་གནད་ལས་འགན་གྱི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ་མི་རྣམས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གནང་། དམངས་གཙོ་རྒྱལ་འཛུགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་ཀྱིས་འབད་པས་ཐབས་འདོན་ཇུས་འབུལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་མཉམ་དུ་འབད་པ་བྱ་རྒྱུ་ཡིན་ཟེར།
ཀྲུང་གོའི་དམངས་གཙོ་ཡར་སྐུལ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཧི་ཀྲིས་མིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་རླབས་པོ་ཆེ་བཀོད་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཕུགས་རྒྱང་རིང་བའི་འཐབ་ཇུས་ཀྱི་མིག་རྒྱང་དང་། མ་འོངས་པའི་ལོ་ལྔའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པའི་ཇུས་འགོད་འདི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་འགྲེངས་ཏེ། དམངས་གཙོ་ཡར་སྐུལ་གྱིས་ཡར་རྒྱས་བརྩོན་ལེན་གྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས། ལྟེ་བར་དམིགས་ཤིང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་སྲིད་ཞུགས་དམངས་སྒྲུབ་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་ཏུ་བསྟར་བར་རམ་འདེགས་ནུས་ལྡན་བྱ་རྒྱུ་ཡིན་ཟེར།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན། ཚང་འཛོམས་གྲོས་ཚོགས་ཐོག་མ་འོངས་པའི་ལོ་ལྔ་ལ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི“རྒྱུན་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་དང་། ཕྱོགས་བདུན་གྱི་དམིགས་འབེན་གཙོ་བོ་བཏོན། ཚང་མས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་སོ་སོ་ལ་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ནས། འབད་པས་ཐབས་འདོན་ཇུས་འབུལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།
ཀྲུང་གོའི་བཟོ་ཞིང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དབྱང་ཀོན་ལིན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། བདེ་ཐང་ཀྲུང་གོ་གང་མགྱོགས་གྱིས་བསྐྲུན་ཏེ། མི་གྲངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་མ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་དང་མི་གྲངས་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག་གི་ཁྱབ་ཁོངས་དང་མཉམ་འབྲེལ་གྱི་སྲིད་ཞུགས་ཏང་ཞིག་ཡིན་པའི་ཆ་ནས། རིམ་པ་རྗེས་མར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གི་གཙོ་གནད་ལས་འགན་ལ་དམིགས་ཏེ། སྐྱེ་དངོས་བཟོ་སྐྲུན་དེ་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འགྱུར་བར་རོགས་སྒྲུབ་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་བཏང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་གལ་ཆེན་ཡོང་བ་སོགས་ཀྱི་བྱ་བའི་ཁྲོད། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་སྐུལ་མ་གཏོང་རྒྱུ་ཡིན་ཟེར།
ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལུའུ་ཀུའོ་དབྱི་ཡིས་བཤད་རྒྱུར། ཕྱིར་སྡོད་རང་མིའི་ཁྱད་ཆོས་མངོན་གསལ་ལྡན་པའི་སྲིད་ཞུགས་ཏང་ཞིག་ཡིན་པའི་ཆ་ནས། ང་ཚོས་ཚང་འཛོམས་གྲོས་ཚོགས་ལས་གཏན་འཁེལ་བྱས་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ། ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ནང་མི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ལ་མཐུན་སྒྲིལ་རྒྱ་ཁྱབ་བྱས་ཏེ། ཕྱིར་སྡོད་རང་མིའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས། སྔོན་མཐོང་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་ཐབས་འདོན་ཇུས་འབུལ་གྱི་གྲུབ་འབྲས་སྐོར་ཞིག་ཧུར་ཐག་གིས་གྲུབ་པར་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།
དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ལིའུ་ཀྲེང་ཁུའེ་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་དར་ཇེ་མགྱོགས་སུ་བཏང་སྟེ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་དེ་འཐབ་ཇུས་ལས་འགན་དུ་བརྩིས་ནས་ཆེད་དོན་བཀོད་སྒྲིག་བྱས་ཡོད། ཚན་རྩལ་ལས་རིགས་ཀྱི་ཤེས་ཡོན་ཅན་གཙོ་བོར་བྱེད་པའི་སྲིད་ཞུགས་ཏང་གི་ངོས་ནས་དགུ་གསུམ་སློབ་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། ཚན་རྩལ་གྱི་རང་ཚུགས་རང་དར་སྐུལ་འདེད་གཏོང་བ་སོགས་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཟེར།
ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་ཀྲུང་ཞི་གཞོན་པ་ཅང་ལི་ཕིང་གིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་གསར་པའི་སྟེང་། འགྲམ་གཉིས་ཀྱི་སྤུན་ཟླས་མེས་རྒྱལ་དེང་རབས་ཅན་གྱི་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་སྒོས་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་བཟང་པོར་འཕྲད་རྒྱུ་ཡིན་པས། ང་ཚོས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་པའི་སྤྱིའི་ཐབས་ཇུས་ལག་བསྟར་བྱས་ཏེ། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས་སྔར་ལས་མང་པོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཐོག འགྲམ་གཉིས་ཀྱི་སྤུན་ཟླར་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་དགོས་ཟེར།
རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་ལུའོ་ལའེ་ཅུན་གྱིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་སྒོས་བསྐྲུན་ནས། རིགས་སོ་སོའི་གཉེར་སྐྱོང་གཙོ་གཟུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་ཡིད་ཆེས་ཇེ་བརྟན་དང་། རྒྱུན་མཐུད་འབད་འཐབ། ཧུར་བརྩོན་དངོས་སྒྲུབ་བཅས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་འགན་འཁྲི་འཁུར་ཕོད་པ་དང་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་ཟེར།
ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲི། ཀྲུང་གོ་ཚན་རིག་གླིང་རྒྱལ་སྤྱིའི་མཉམ་ལས་ཅུའུ་ཡི་འགོ་གཙོ་ལིའུ་ཝེ་ཏུང་གིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ཡིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་དང་། འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་མཚོན་པའི་ལོ་ལྔའི་འཆར་འགོད་ལ་བརྟེན་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ། སྤྱི་ཚོགས་ལས་རིགས་སོ་སོའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ཡར་སྐུལ་གང་ལེགས་བྱས་ཡོད། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པས”བཟོས་པའི་དཔེ་རིས་ལ་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།