ཝང་ཧུའུ་ཉིང་གིས་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས3ཉིན་པེ་ཅིང་དུ་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཐི་ལི་ཆི་ལ་མཇལ་འཕྲད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས3ཉིན་པེ་ཅིང་དུ་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཐི་ལི་ཆི་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སི་ལོ་ཝེ་ཉི་ཡའི་རིམ་པ་ཁག་དང་ཁྱབ་ཁོངས་སོ་སོས་འགྲོ་འོང་དང་གླེང་མོལ་ཡང་ཡང་བྱས་ནས། ཕྱོགས་གཉིས་ཀྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་། ཀྲུང་གོས་སི་ལོ་ཝེ་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པར་བསྔགས་བརྗོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝེ་ཉི་ཡའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། གཉིས་ཕན་མཉམ་ལས་ཇེ་ཟབ་དང་ལག་གདང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་སི་ལོ་ཝེ་ཉི་ཡའི་རྒྱལ་དམངས་ཨུ་ཡོན་ལྷན་ཁང་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཚད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་སི་ལོ་ཝེ་ཉི་ཡའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འགྲོ་བར་རོགས་རམ་བྱེད་འདོད་ཡོད་པ་བསྟན།

ལོ་ཐི་ལི་ཆི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་ཚད་མཐོའི་ཁས་ལེན་བྱས། ཀྲུང་གོས་ཐུན་མོང་ཐོག་འཕེལ་རྒྱས་དང་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་བྱས་རྗེས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་། སི་ལོ་ཝེ་ཉི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་བསྲུངས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འོངས་པ་དོན་གཉེར་བྱེད་འདོད་ཡོད་པ་བསྟན།

ཝང་ཡུང་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།