དམངས་ཁྲོད་ཀྱི་དངུལ་གཏོང་མཛུབ་སྟོན་ཁྱབ་བསྒྲགས་བྱས་ཏེ་དམངས་ཁྲོད་དངུལ་གཏོང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བསྐྱེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དམངས་ཁྲོད་དངུལ་གཏོང་ལ་སྔར་ལས་རྒྱབ་སྐྱོར་དང་སྐུལ་མ་གཏོང་བ་དང་། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་རྐྱེན་སྲོལ་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱིགནས་བཞིའཛུགས་སྐྲུན་ལ་རྐང་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་དངུལ་གཏོང་མཛུབ་སྟོནཁྱབ་སྒྲོག་བྱས་པ་དང་། དམངས་ཁྲོད་དངུལ་གཏོང་སྔར་ལས་མང་པོ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྤྱི་ཚོགས་དམངས་ཚིས་སོགས་འགག་རྩའི་ཁྱབ་ཁོངས་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན།

དངུལ་གཏོང་ངེས་གནས་ཐད། ཁ་ཕྱོགས་ཆེན་མོ་བཞིར་གནད་འཁེལ་གྱི་དམིགས་དགོས། སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས། སྐྱེ་ཁམས་ལེགས་པའི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་སྐུལ་ལ་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། ཁྱད་ལྡན་ཐོན་ལས་གྱི་སྡེ་ཚོགས་བསྐྲུན་པ་དང་། མཚོ་སྔོན་ཐོན་ཁུངས་ཀྱི་སྦས་ཤུགས་འདོན་སྤེལ་ལེགས་པོ་བྱེད་དགོས། སྲིད་ཇུས་ཀྱི་ཁྲིད་ཕྱོགས་ལ་བརྟེན་ནས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འདྲེས་པ་དང་། ཐོན་ཁུངས་ལེགས་སྒྱུར་གྱི་བཀོད་སྒྲིག་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་དང་། ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བསྐྲུན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་དགོས།

ཐོན་ལས་མཛུབ་སྟོན་ཐད། རྒྱབ་སྐྱོར་ཁ་ཕྱོགས་རིགས་དབྱེ་གསལ་བོ་བྱ་དགོས། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་མཛུབ་སྟོན་དཀར་ཆག(2024ལོའི་ཡིག་ཆ)》དངནུབ་རྒྱུད་ས་ཁུལ་གྱི་སྐུལ་སློང་རིགས་ཀྱི་ཐོན་ལས་དཀར་ཆགཟུང་འབྲེལ་བྱས་ཏེ། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས། གཏེར་ཐོན་ལས་རིགས། བཟོ་སྐྲུན་ལས་རིགས་སོགས་ལས་རིགས14ཡི་རྒྱབ་སྐྱོར་ཁ་ཕྱོགས་རིགས་དབྱེ་གསལ་བོ་བྱས། དམངས་ཁྲོད་དངུལ་གཏོང་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱིREITSལས་གཞིའི་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་པ་དང་། གསར་དར་གྲོང་རྡལ་ཅན་དང་དག་གཙང་ནུས་ཁུངས། འགྲིམ་འགྲུལ་ཆུ་བེད། སྔོན་ཐོན་བཟོ་སྐྲུན་ལས་རིགས། གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཡུལ་སྐོར་སོགས་བཟོ་སྐྲུན་གལ་ཆེན་དང་ཞན་ཆ་ཁ་གསབ་བྱེད་པའི་ཁྱབ་ཁོངས་སུ་དམངས་ཁྲོད་དངུལ་གཏོང་གི་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དགོས། གཙོ་གནད་ཁྱབ་ཁོངས་སུ། ནུས་ཤུགས་ཡོད་རྒུས་ཕྲེང་སྦྲེལ་བསྲིངས་པ་དང་ཕྲེང་སྦྲེལ་ཁ་གསབ་བྱེད་པར་ཤུགས་སྣོན་དགོས། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་ནུས་ཁུངས་གསར་བ། རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་བཞུ། གཞི་གྲངས་ཆེན་མོ་སོགས་ཐོན་ལས་སྦྲེལ་ཐག་ཆེན་པོ་ལྔ་ལ་དམིགས་ནས། སྦྲེལ་ཐག་ཁ་སྣོན་དང་། སྦྲེལ་ཐག་རྒྱུན་བསྲིངས། སྦྲེལ་ཐག་ཁ་གསབ་སོགས་ཀྱི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ཁྲོད་དུ་དམངས་ཁྲོད་དངུལ་གཏོང་ལ་གོ་སྐབས་སྔར་ལས་ཆེན་པོ་འདོན་སྤྲོད་བྱ་དགོས། དེ་དང་ཆབས་ཅིག་ཏུ། དམངས་ཁྲོད་དངུལ་གཏོང་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་མ་ལག་ལྡན་པའི་སྒོ་ནས་གཅིག་སྡུད་བྱས་ཏེ། དམངས་ཁྲོད་དངུལ་གཏོང་ལ་མཛུབ་སྟོན་གསལ་བོ་འདོན་སྤྲོད་བྱེད་དགོས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟུད་མར་ནུས་ཤུགས་བཏོན་ནས། དམངས་ཁྲོད་དངུལ་གཏོང་གི་ཧུར་བརྩོན་རང་བཞིན་ལ་རྒྱུན་ཆད་མེད་པར་སྐུལ་སློང་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་བསྐྱེད་པ། ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་གསར་བ་བསྐྱེད་དེ། དམངས་ཁྲོད་དངུལ་གཏོངགི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་གཏོང་རྒྱུ་རེད། དམངས་ཁྲོད་དངུལ་གཏོང་དེ་མཚོ་སྔོན་དུ་རྩ་བ་ཚུགས་ནས་རྩེ་མོ་རྒྱས་པར་རྒྱུན་མཐུད་སྒོས་ཁྲིད་སྟོན་བྱས་པ་བརྒྱུད། དམངས་གཉེར་དཔལ་འབྱོར་གཙོ་གཞིའི་རང་འགུལ་གསར་གཏོད་གསོན་ཤུགས་བསྐྱེད་པ་དང་། དམངས་ཁྲོད་དངུལ་གཏོང་དེ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་དྲག་པོར་འགྱུར་བར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྟོབས་ཤུགས་འབུལ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།