ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་ཁོངས་གཏོགས་རྩ་འཛུགས་བྱས་ཏེ་བྱ་བའི་གྲོས་ཚོགས་བསྡུས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དངོས་འབེབས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བྱ་བར་ཕྱོགས་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་རེད།

གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་དོན་དངོས་ཐོག་ཤུགས་དྲག་ཏུ་གཏོང་བ་དང་། སློབ་སྦྱོང་དྲིལ་སྒྲོག་དང་ཞིབ་འཇུག་གསལ་འགྲེལ་ལ་ཤུགས་སྣོན་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིའི་སེམས་སུ་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་དང་ཟུང་འབྲེལ་གྱིས་གཞི་གཅིག་ཏུ་དངོས་འབེབས་བྱེད་དགོས་ལ། སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་དགོས། དྲིལ་སྒྲོག་གཙོ་གནད་དམ་པོར་ཁོང་དུ་ཆུད་པར་བྱས་ཏེ། ཆེད་དོན་སློབ་སྦྱོང་དང་ཞིབ་སྡུར། གསོ་སྦྱོང་བཅས་སེམས་ཞིབ་མོས་རྩ་འཛུགས་བྱེད་དགོས་ཤིང་། གཅིག་བསྡུས་སྒྲོག་འགྲེལ་རྒྱ་ཆེར་སྤེལ་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་ཀློག་དང་ལག་ལེན་གལ་ཆེན་གྱི་རྩ་གནད་ཞིབ་འཇུག་ལ་ཤུགས་སྣོན་པ། ཆེད་དོན་གསར་འགོད་དང་། རྟོག་ཞིབ་བཅར་འདྲི། དྲ་རྒྱའི་དྲིལ་སྒྲོག གསར་འགྱུར་ཁྱབ་སྒྲོག་སོགས་བྱེད་ཐབས་སྣ་མང་ཕྱོགས་བསྡུས་བེད་སྤྱོད་བྱས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློ་གཅིག་གྱུར་དང་མི་སེམས་ཡར་སྐུལ། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་པར་ཤུགས་འདོན་དགོས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཁ་ཕྱོགས་དང་ཁྲིད་ཕྱོགས་དམ་པོར་འཛིན་པ་དང་། གཞི་རིམ་གྱི་རིག་གནས་དྲིལ་སྒྲོག་གནས་ཡུལ་བཀོལ་སྤྱོད་ལེགས་པོ་བྱེད་པ། རིགས་སོ་སོའི་དྲིལ་སྒྲོག་ཐོན་ཁུངས་དང་སྟོབས་ཤུགས་གཅིག་འདོམས་བྱེད་པ། བར་ཁྱད་ཅན་དང་། ཚོགས་བགར་ཅན། མཉམ་འགུལ་ཅན་གྱི་དྲིལ་སྒྲོག་དང་སྒྲོག་འགྲེལ་སྤེལ་ནས་དྲིལ་སྒྲོག་གི་སྤུས་ནུས་ཇེ་དྲག་ཏུ་གཏོང་དགོས། བསམ་བློ་རིག་གནས་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་སློབ་སྦྱོང་ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། རིག་གནས་བཅོས་སྒྱུར་འཕེལ་རྒྱས། རིག་གནས་ཤུལ་བཞག་སྲུང་སྐྱོབ། བསམ་བློ་ཆབ་སྲིད་ལས་དོན། དཔལ་ཡོན་དམངས་སྲོལ་འཛུགས་སྐྲུན་སོགས་ལས་འགན་གཙོ་བོར་དམིགས་ནས། ཁུར་ལེན་བྱ་སྤྱོད་དང་དངོས་སྒྲུབ་སྔོན་བརྩོན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།